རྒྱ་
རྒྱ་ ནག་ གཞུང་ གིས་ ཕྱི་ ལོ་ ༢༠༡༣ ལོའི་ ཟླ་ ༡༢ ནང་ ནགས་ ཤོད་ འབྲི་ རུ་ རྫོང་ རབ་ བརྟན་ དགོན་ པའི་ དཔེ་ ཁྲིད་ དགེ་ རྒན་ དགེ་ བཤེས་ ཚུལ་ ཁྲིམས་ སྙན་ གྲགས་ ལགས་ ལྷ་ སར་ འཛིན་ བཟུང་ གིས་ གར་ ཡོད་ ཅི་ བྱུང་ གི་ གནས་ ཚུལ་ ཤེས་ ཐུབ་ མེད་ ཀྱང་ ། འདི་ ལོའི་ ཕྱི་ ཟླ་ ༧ ཚེས་ ༣༡ ཉིན་ ཁོང་ གི་ ནང་ མི་ ཉེ་ འབྲེལ་ ཚོས་ རྒྱ་ གཞུང་ གིས་ ཁོང་ ལྷ་ སའི་ ཆུ་ ཤུལ་ བཙོན་ ཁང་ དུ་
ད་ ལྟ་ ཡུ་ རོབ་ སྦེལ་ ཇེམ་ གནས་ སྡོད་ ནགས་ ཤོད་ འབྲི་ རུ་ རྫོང་ གི་ བོད་ མི་ བསམ་ འགྲུབ་ ལགས་ ཀྱིས་ གསར་ ལམ་ དུ་ གནས་ ཚུལ་ ངོ་ སྤྲོད་ གནང་ བ་ ལྟར་ ན། ད་ ལྟ་ རང་ ལོ་ ༤༠ ཡས་ མས་ ཡིན་ པའི་ དགེ་ བཤེས་ ཚུལ་ ཁྲིམས་ སྙན་ གྲགས་ ལགས་ ནི། བོད་ རང་ སྐྱོང་ ལྗོངས་ ནག་ ཆུ་ ས་ ཁུལ་ འབྲི་ རུ་ རྫོང་ ཚ་ ཆུ་ ཤང་ རབ་ བརྟན་ དགོན་ པའི་ དཔེ་ ཁྲིད་ དགེ་ རྒན་ ཡིན་ འདུག་ ལ། ༢༠༡༢ ལོའི་ ཟླ་ ༡༢ ནང་ ཁོང་ ལྷ་ སར་ ཉེན་ རྟོག་ པས་ གློ་ བུར་ འཛིན་ བཟུང་ བྱས་ ཏེ། ལོ་ གཅིག་ དང་ ཟླ་ བདུན་ ལྷག་ གར་ སོང་ ཆ་ མེད་ གྱུར་ ཡོད་ འདུག འདི་ ལོའི་ ཕྱི་ ཟླ་ ༧ ཚེས་ ༣༡ རྒྱ་ གཞུང་ གིས་ ཁོང་ གི་ ནང་ མིར་ བརྡ་ ལན་ སྤྲད་ དེ་ དགེ་ བཤེས་ ཚུལ་ ཁྲིམས་ སྙན་ གྲགས་ ལགས་ ལ་ ལོ་ ༩ དུས་ བཀག་ བཙོན་ འཇུག་ གི་ ཁྲིམས་ ཐག་ བཅད་ ཡོད་ ཚུལ་ དང་ ། ད་ ཆར་ ལྷ་ སའི་ ཆུ་ ཤུལ་ བཙོན་ ཁང་ དུ་ བཙོན་ འཇུག་ བཀག་ ཉར་ བྱས་ ཡོད་ སྐོར་ བརྗོད་ ཡོད་ འདུག
བསམ་ འགྲུབ་ ལགས་ ཀྱིས་ བརྗོད་ དོན་ ལྟར་ ན། རྒྱ་ གཞུང་ གིས་ དགེ་ བཤེས་ ཚུལ་ ཁྲིམས་ སྙན་ གྲགས་ ལགས་ ཀྱི་ ནང་ མིར་ ཁོང་ ལ་ ནག་ ཉེས་ ཅི་ ཡོད་ གསལ་ བཤད་ ཅི་ ཡང་ བྱས་ མེད་ པར་ མ་ ཟད། བཙོན་ ཁང་ དུ་ སྡོད་ རིང་ སྡུག་ སྦྱོང་ མནར་ གཅོད་ ཚད་ ལས་ བརྒལ་ བ་ བཏང་ སྟེ། ལུས་ ཡོངས་ རྨ་ ཁས་ ཁེངས་ ཡོད་ འདུག ཉེ་ ལམ་ ཁོང་ གི་ ནང་ མི་ ཚོས་ ཁོང་ ལ་< སྨན་ བཅོས་ དང་ སྐུ་ གཟུགས་ བདག་ སྐྱོང་ ཆེད་ སྨན་ བཅོས་ མཐུན་ རྐྱེན་ སྤྲོད་ རྒྱུ་ དང་ ། དེ་ ལྟར་ མ་ བྱུང་ ཚེ་ ནང་ མིར་ རྩིས་ སྤྲོད་ ཀྱིས་ བདག་ སྐྱོང་ བྱེད་ བཅུག་ རྒྱུའི་ རེ་ སྐུལ་ བྱས་ ཡོད་ ཀྱང་ ། ད་ ཆར་ ཡང་ རྒྱ་ གཞུང་ གིས་ ནང་ མིར་ བརྡ་ ལན་ སོགས་ གང་ ཡང་ མེད་ པར་ ལྷག་ ཡོད་ འདུག
གསར་ འགོད་ པ། དོན་ གོ
དུས་བབ་དྲ་བ་ནས།
