ཁ་
ཨུ་ རུ་ སུར་ རྒྱབ་ རོགས་ བྱེད་ མཁན་ ཡུག་ རེན་ གྱེན་ ལོག་ ཤོག་ ཁག་ གིས་ ཟླ་ འདིའི་ ཚེས་ ༢༧ ཉིན་ ཡུག་ རེན་ གྱི་ ལྷོ་ ཤར་ གྲོང་ ཁྱེར་ ནཱོ་ ཝ་ ཛོ་ ཝུ་ སེ་ ཁེ་
འདིའི་ ཐད་ ཡུག་ རེན་ ཤར་ ཕྱོགས་ ས་ ཁུལ་ ཌོ་ ནེ་ སེ་ ཁེ་ (Donetsk) ཡི་ གྱེན་ ལོག་ ཤོག་ ཁག་ གི་ མགོ་ གཙོ་ པུ་ ཤི་ ལིན་ (Denis Pushilin) གྱིས། "ད་ ཐེངས་ དམག་ འཁྲུག་ ཁྲོད་ ཨུ་ རུ་ སུ་ འཛུལ་ ཡོད་ ཚེ་ ཡུག་ རེན་ གཞུང་ གིས་ ཁ་ གཏད་ དྲག་ པོ་ གཅོག་ རྒྱུ་ ཡིན་ སྟབས་ ཨུ་ རུ་ སུ་ དང་ འབྲེལ་ བ་ གང་ ཡང་ ཆགས་ མེད། ང་ ཚོར་ སར་ བྷེ་ ཡ་ གཙོས་ རྒྱལ་ ཁབ་ ཁག་ ཅིག་ གིས་ རྒྱབ་ སྐྱོར་ བྱེད་ བཞིན་ ཡོད་ སྟབས་ ཨུ་ རུ་ སུའི་ རོགས་ སྐྱོར་ ལེན་ དགོས་ དོན་ མེད" ཅེས་ བརྗོད་ ཡོད་ ཀྱང་ ། འཇར་ མན་ སྲིད་ བློན་ ལྕམ་ ཨན་ གྷི་ ལ་ མེར་ གྷལ་ གྱིས། "ཉེ་ ལམ་ སྲིད་ འཛིན་ པུ་ ཊིན་ གྱིས་ ཨུ་ རུ་ སུ་ དང་ ཡུག་ རེན་ གྱེན་ ལོག་ ཤོག་ ཁག་ བར་ འབྲེལ་ བ་ གང་ ཡང་ མེད་ སྐོར་ བརྗོད་ ཡོད་ ཀྱང་ ། ད་ ལྟ་ ཨུ་ རུ་ སུའི་ དམག་ དཔུང་ གིས་ ཡུག་ རེན་ ས་ ཁུལ་ ནང་ སིམ་ འཛུལ་ བྱས་ ཏེ་ མངོན་ གསལ་ གྱིས་ གྱེན་ ལོག་ ཤོག་ ཁག་ ལ་ རྒྱབ་ སྐྱོར་ བྱེད་ བཞིན་ ཡོད་ སྟབས། དེར་ ཁ་ གསལ་ འགྲེལ་ བརྗོད་ བྱེད་ དགོས" ཞེས་ བརྗོད་ འདུག
ཨ་ རིའི་ ཕྱི་ སྲིད་ ལྷན་ ཁང་ གི་ མགྲིན་ ཚབ་ པ་ ལྕམ་ ཇན་ པཱ་ སཱ་ ཁེ་ (Jen Psaki) ལགས་ ཀྱིས། "ཡུག་ རེན་ གྱེན་ ལོག་ ཤོག་ ཁག་ གི་ བཙན་ འཛུལ་ དེ་ དག་ ལ་ བརྟེན་ ཏེ། ད་ ལྟ་ ཨུ་ རུ་ སུས་ ཡུག་ རེན་ ཤར་ ཕྱོགས་ ས་ ཁུལ་ ཌོ་ ནེ་ སེ་ ཁེ་ (Donetsk) དང་ ཨུ་ རུ་ སུ་ དང་ ཡུག་ རེན་ བར་ གྱི་ ས་ མཚམས་ གྲོང་ ཁྱེར་ ལུ་ ཧན་ སེ་ ཁེ་ (Luhansk) ནང་ ཁྲིམས་ འགལ་ བྱ་ སྤྱོད་ སྤེལ་ ཏེ་ བཙན་ བཟུང་ བྱེད་ བཞིན་ ཡོད། ཨུ་ རུ་ སུའི་ གཞུང་ གིས་ ཡུག་ རེན་ ནང་ ཨུ་ རུ་ སུའི་ དམག་ མི་ ཡོད་ ཀྱང་ ། རྒྱལ་ སྤྱིའི་ སྤྱི་ ཚོགས་ ལ་ དྲང་ གཏམ་ གང་ ཡང་ ཕྱིར་ བསྒྲགས་ བྱས་ མེད་ ཀྱང་ ། བདུན་ ཕྲག་ འདིའི་ ནང་ ཡུག་ རེན་ དམག་ མིས་ ཡུག་ རེན་ ས་ ཁུལ་ ནས་ ཨུ་ རུ་ སུའི་ དམག་ མི་ ༡༠ འཇུ་ བཟུང་ བྱས་ ཡོད་ སྟབས། ད་ ཆ་ འབྲེལ་ ཡོད་ གཞུང་ གིས་ འགྲེལ་ བརྗོད་ བྱེད་ དགོས་ པ་ ཞིག་ ཆགས་ ཡོད" ཅེས་ བརྗོད་ འདུག
༢༠༡༤ ལོའི་ ཟླ་ ༤ པ་ ནས་ བཟུང་ ད་ བར་ ཨུ་ རུ་ སུར་ དགའ་ མོས་ བྱེད་ མཁན་ ཡུག་ རེན་ གྱེན་ ལོག་ ཤོག་ ཁག་ དང་ ཡུག་ རེན་ གྱི་ དམག་ འཁྲུག་ ཁྲོད་ མི་ ༢༡༡༩ རྐྱེན་ འདས་ དང་ མི་ ༥༠༤༣ ལ་ རྨས་ སྐྱོན་ བཏང་ ཡོད་ པ་ མ་ ཟད། མི་ ༡༥༥༨༠༠ ཙམ་ ཞིག་ ཡུག་ རེན་ ནང་ ཁུལ་ གྱི་ ས་ གཞན་ ལ་ ཉེན་ གཡོལ་ དང་ ། ཡུལ་ མི་ ༡༨༨༠༠༠ ལྷག་ ཨུ་ རུ་ སུའི་ ནང་ བྲོས་ བྱོལ་ འགྲོ་ དགོས་ བྱུང་ ཡོད་ འདུག
ཁ་ སང་ ཡུག་ རེན་ གྱེན་ ལོག་ ཤོག་ ཁག་ གིས་ བཙན་ བཟུང་ བྱས་ པའི་ ནཱོ་ ཝ་ ཛོ་ ཝུ་ སེ་ ཁེ་ (Novoazovsk) གྲོང་ ཁྱེར་ དང་ དེའི་ གྲུ་ ཁ་ ནི། ཡུག་ རེན་ གྱི་ ས་ མཚམས་ གྲོང་ ཁྱེར་ མཱ་ རའེ་ ཧྥོལ་ (Mariupol) གྱི་ གྲུ་ ཁ་ དང་ ཁེར་ མེ་ ཡ (Crimea) དང་ འབྲེལ་ ཡོད་ སྟབས། གལ་ ཏེ་ ཡུག་ རེན་ གྱེན་ ལོག་ པས་ ཨུ་ རུ་ སུ་ དང་ ཁེར་ མེ་ བར་ ལ་ གཞུང་ ལམ་ ཞིག་ གསར་ བཟོ་ བྱས་ ཚེ། ཁོ་ ཚོས་ ཡུག་ རེན་ དང་ ཨུ་ རུ་ སུའི་ བར་ གྱི་ ཨ་ ཛོ་ མཚོ་ (Azov ) སྟངས་ འཛིན་ བྱེད་ སྲིད་ པ་ དང་ ། ཡུག་ རེན་ གྱི་ བདེ་ འཇགས་ དང་ ཐབས་ ཇུས་ ལ་ གྲོང་ ཁྱེར་ དེ་ གལ་ འགངས་ ཆེན་ པོ་ ཆགས་ ཡོད་ སྟབས། ད་ ལྟ་ ཡུག་ རེན་ དམག་ དཔུང་ གྱིས་ མཱ་ རའེ་ ཧྥོལ་ (Mariupol) གྲོང་ ཁྱེར་ སྲུང་ སྐྱོབ་ བྱེད་ བཞིན་ ཡོད་ འདུག
ཆབ་ སྲིད་ དབྱེ་ ཞིབ་ པ་ ཚོས། ཐེངས་ འདིར་ ཡུག་ རེན་ གྱེན་ ལོག་ ཤོག་ ཁག་ གིས་ ཡུག་ རེན་ གྱི་ གྲོང་ ཁྱེར་ གལ་ ཆེན་ པོ་ ཞིག་ བཙན་ བཟུང་ བྱས་ ཡོད་ སྟབས་ མ་ འོངས་ པར་ ཡུག་ རེན་ གྱི་ བདེ་ འཇགས་ ཐོག་ དཀའ་ ངལ་ སྔར་ ལས་ ཆེ་ རུ་ འགྲོ་ རྒྱུ་ ཡིན་ སྐོར་ བརྗོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།
