༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༤ རེས་གཟའ་ལྷག་པའི་ཉིན་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་མཐའ་མར་ཚོགས་གཙོ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་དོན། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་ལས་ཉིན་ཉིན་གྲངས་བཅུ་གཅིག་ཚོགས་པ་རེད། ལས་ཉིན་
དེ་བཞིན་ལས་རིམ་གཞན་པ་དྲི་བ་དྲིས་ལན་གྱི་དུས་ཚོད་དང་། ཐུགས་སྣང་གཞེན་སྐུལ། གཞུང་འབྲེལ་གྲོས་ཆོད་གྲོས་འཆར། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར། མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེད་བཙུགས་ཚོགས་ཆུང་གི་སྙན་ཐོ་སོགས་གང་ཅིའི་ཐོག་ཚང་མས་གོ་སྐབས་བཞེས་ཏེ་འཁུར་ཆེན་པོའི་ཆ་ཤས་བསླངས་པར་དཔལ་ལྡན་ཚོགས་གཙོས་སྙིང་ཐག་པས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བཀུར་འོས་སྤྱི་འཐུས་རྣམ་པས་གྲོས་ཚོགས་ནང་མཉམ་ཞུགས་གནས་སྟངས་དང་། འཛིན་སྐྱོང་གིས་གྲོས་ཚོགས་ལ་འགན་འཁུར་སྟངས། རྩིས་རྒྱག་སྟངས་དེ་ཚོའི་ཐོག་སྤྱི་ཡོངས་ཀྱི་མཐོང་ཚུལ་ཁ་ཤས་ད་རེས་མཇུག་བསྡོམས་སྐབས་ཞུས་ན་དྲན་བྱུང་། གོང་དུ་ཞུས་པ་བཞིན་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་སྤྱི་འཐུས་གསུམ་གྲོས་ཚོགས་འགོ་ནས་མཇུག་བར་ཕེབས་ཐུབ་མེད། གྲོས་ཚོགས་འགོ་བཙུགས་པའི་སྐབས་སུ་སྤྱི་འཐུས་རེ་གཉིས་ཉིན་མ་ཁ་ཤས་དགོངས་པ་ཞུས་པ་མ་གཏོགས་གཞན་ཆུ་ཚོད་བརྒྱད་པ་ཡན་ཙམ་ཚོགས་པའི་སྐབས་སུའང་སྤྱི་འཐུས་ཚང་མས་དུས་ཚོད་ཕྱི་པོ་བར་བཞུགས་གནང་བར་གྲོས་ཚོགས་ལས་རིམ་གཟིགས་མཁན་ཡིན་ནའང་ཚ་ཚ་འུར་འུར་དང་སྤྱི་འཐུས་ཚང་མས་འགན་ཡག་པོ་བཞེས་སོང་། འཛིན་སྐྱོང་ངོས་ནས་འགན་ཡག་པོ་བཞེས་སོང་བསམ་པའི་འཚོར་བ་ཅིག་མང་ཚོགས་ནང་ཏན་ཏན་འགྲོ་ཐུབ་ཡོད། དེར་བརྟེན་ཚོགས་གཙོ་བགྲེས་པོ་གཉིས་ཀྱི་ངོས་ནས་དགའ་སྤོབས་བྱས་འོས་པ་ཞིག་དང་། ང་ཚོ་མང་གཙོའི་ལམ་ལ་འགྲོ་གི་ཡོད། མང་གཙོའི་ལམ་ལུགས་དང་མཐུན་པའི་མང་གཙོ་ཀ་བ་གསུམ་གྱི་ལྗིད་མཉམ་སྟངས་འཛིན་དང་། གྲོས་ཚོགས་ཀྱིས་འཛིན་སྐྱོང་ལ་སྟངས་འཛིན་བྱེད་སྟངས། དེ་བཞིན་འཛིན་སྐྱོང་ངོས་ནས་གྲོས་ཚོགས་ལ་འགན་འཁུར་སྟངས། རྩིས་དང་ལན་རྒྱག་སྟངས་ཡག་པོ་བྱུང་སོང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་ནས་བཞུགས་སྒར་རྡ་སར་ཆིབས་སྒྱུར་གནང་བའི་སྐབས་བཀའ་རྩད་ཕེབས་ཀྱི་འདུག གྲོས་ཚོགས་ཡག་པོ་འགྲོ་གི་འདུག་གམ། སྤྱི་འཐུས་རྣམ་པས་འཛིན་སྐྱོང་ལ་དྲི་བ་ཡག་པོ་གཏོང་གི་འདུག་གམ་ཞེས་བཀའ་ཕེབས་ཀྱི་འདུག གྲོས་ཚོགས་ཀྱི་ལས་རིམ་ཡག་པོ་འགྲོ་གི་འདུག ཡག་པོ་བྱུང་སོང་ཞེས་སྙན་སེང་ཞུ་རྒྱུ་བྱུང་།
གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་ཐོག་ནས་སྤྱི་འཐུས་རྣམ་པར་ས་བགོས་གནང་བ་ལྟར། ས་བགོས་དེར་ཕྱོགས་ཕེབས་གནང་སྐབས་སོ་སོའི་གཟིགས་ཚུལ་དང་འབྲེལ་བའི་ཐོག་གྲོས་ཚོགས་ནང་མང་པོ་ཞིག་ཕེབས་ཀྱི་ཡོད། བརྒྱུད་ལམ་འདི་བརྒྱུད་ཚང་མར་གསལ་པོ་ཞིག་ཆགས་ན་སྙམ་གྱི་ཡོད། འཛིན་སྐྱོང་གི་ངོས་ནས་ཡིག་ཐོག་ནས་ལན་འབྱོར་ནའང་སླར་ཡང་གྲོས་ཚོགས་ཀྱི་ནང་གླེང་སྟེ་ངག་ཐོག་ནས་ལན་རག་རྒྱུའི་འབད་བརྩོན་གནང་བ་རེད། སྤྱི་འཐུས་རྣམ་པས་འཛིན་སྐྱོང་དང་མི་མང་བར་གྱི་ཟམ་པ་བྱེད་རྒྱུའི་ལས་འགན་གྲུབ་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། གནད་དོན་གཞན་ཞིག་ལ་ཐེངས་འདིའི་གྲོས་ཚོགས་ནང་ལས་བྱེད་དང་དགེ་རྒན་ཚོ་དང་འབྲེལ་བའི་ཐོག་གླེང་སློང་མང་པོ་བྱུང་བ་རེད། ལྷག་པར་འཛིན་སྐྱོང་གི་ལས་དོན་དང་འབྲེལ་བའི་ཐོག་ནས་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་འཛིན་སྐྱོང་གི་ཕྱག་ལས་གནང་སྟངས་སྐོར་སྔར་དང་མ་འདྲ་བའི་བསྟོད་མངགས་མང་པོ་གནང་སོང་། འཛིན་སྐྱོང་གི་ངོས་ནས་འགན་ཆེན་པོ་བཞེས་ཏེ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་དེར་སྐབས་རེར་ང་ཚོའི་སེམས་ནང་བཀའ་བློན་རྣམ་པ་ཚོ་ཕྱོགས་ཕེབས་མང་པོ་ཞིག་གནང་གི་འདུག་བསམས་པའི་བསམ་བློ་ཞིག་ཡོང་གི་ཡོད། འོན་ཀྱང་ཕྱོགས་ཕེབས་གནང་དགོས་དོན་དེ་མི་མང་གི་བདེ་རྩ་དང་བོད་ཀྱི་བདེན་པའི་འཐབ་རྩོད་ཆེད་ཕྱོགས་ཕེབས་གནང་གི་ཡོད། དེར་བརྟེན་དེའི་ཐོག་གང་གནང་བ་དེ་གྲོས་ཚོགས་འདི་བརྒྱུད་གསལ་པོ་ཆགས་རྒྱུ་དང་། ལྷག་པར་འཛིན་སྐྱོང་ལ་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་བསྟོད་མངགས་ཕུལ་བའི་སྐབས། འཛིན་སྐྱོང་ནས་གསུངས་པ་བཞིན་ལས་བྱེད་ཚོ་སེམས་ཤུགས་འཕར་རྒྱུའི་གཞི་ཞིག་ཆགས་ཀྱི་ཡོད། ང་ཚོས་ལས་དོན་གང་ཞིག་བྱས་ཀྱང་གང་ཟག་གཅིག་གི་སྒྲུབ་ཐུབ་རྒྱུ་མེད་པ་དེ་གསལ་པོ་རེད། བཀའ་ཤག་སྤྱི་ཡོངས་ཀྱི་ངོས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་བཀའ་ཤག་ཁྱོན་ཡོངས་ཀྱི་རྒྱབ་སྐྱོར་དང་མཉམ་རུབ་ཀྱི་འགན་ཞིག་འཁྱེར་དགོས་ཀྱི་ཡོད། དེ་བཞིན་ལྷན་ཁང་སོ་སོས་ལས་དོན་བྱེད་སྐབས་བཀའ་བློན་ལ་འཛིན་སྐྱོང་གི་ལས་ཀྱི་སྣེ་མོ་བ་དང་། དྲུང་ཆེ་ནས་ལས་བྱེད། དབུས་དང་ཡན་ལག་ཚང་མས་འགན་བཞེས་ནས་ནུས་པ་འདི་ལྟ་བུ་ཞིག་ཐོན་གྱི་ཡོད། སྐབས་རེ་ང་ཚོས་ལྷན་ཁང་གཅིག་ལ་བསྟོད་མངགས་མང་བ་དང་ལྷན་ཁང་གཞན་ཞིག་ལ་བསྟོད་མངགས་ཉུང་བ་བཏང་ན་སེམས་ཤུགས་ཆག་རྒྱུའི་རྒྱུ་མ་ཆགས་རོགས་ཞེས་ཞུ་རྒྱུ་ཡིན། འབྲེལ་ཡོད་སོ་སོས་དཀའ་ལས་མང་པོ་ཞིག་བརྒྱབ་ཀྱི་ཡོད་པ་རེད། གྲོས་ཚོགས་ནང་ཞུ་སྟངས་ཀྱི་ཐོག་ནས་ཞུ་ཐུབ་དང་མ་ཐུབ་ཀྱི་གནས་སྟངས་ཤིག་རེད་མ་གཏོགས། ལས་བྱེད་རྣམ་པས་སོ་སོའི་ལས་འགན་ཐོག་འཁུར་དྭང་ལེན་དང་ལས་འབོར་མཉམ་རུབ་ཞུ་གི་ཡོད་པ་ང་ཚོའི་གྲོས་ཚོགས་འདིའི་ཐོག་ནས་ངོས་ལེན་བྱེད་ཐུབ་རྒྱུ་ཞིག་རེད། འོན་ཀྱང་ད་ལྟ་ཡག་པོ་ཡོད་བཞིན་པ་དེའི་སྟེང་ཡག་ཏུ་གཏོང་རྒྱུར་འབད་བརྩོན་ཞུ་དགོས་རྒྱུ་དང་། ལྷག་པར་གྲོས་ཚོགས་འདིའི་ནང་བཀུར་འོས་སྤྱི་འཐུས་གཉིས་གསུམ་ཞིག་གིས་ལས་བྱེད་ཚོའི་རྣམ་འགྱུར་བཏོན་སྟངས་ཀྱི་ཐོག་བཀའ་མོལ་ཕྲན་བུ་བྱུང་བ་རེད། དེ་ལས་བྱེད་ཚང་མར་མིན་པར་ལས་བྱེད་རེ་བཟུང་གི་ཐོག་ནས་ཡོང་གི་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལས་བྱེད་ཚོར་བཀའ་སློབ་སྩལ་སྐབས། མཛད་གཙོ་རྣམ་པས་གཙོས་ ལས་བྱེད་ཚང་མ་མི་མང་གི་ཞབས་ཕྱི་ཞུ་མཁན་ཡིན་བསམས་པའི་ཐོག་ནས་ལས་ཀ་བྱེད་དགོས་ཀྱི་རེད་ཅེས་བཀའ་སློབ་ཕེབས་པ་བཞིན། ལས་བྱེད་ཚོའི་ངོས་ནས་ང་ཚོ་མི་མང་གི་ཞབས་ཕྱི་ཞུ་མཁན་ཞིག་ཡིན་བསམས་ཏེ་མི་མང་གི་ནང་གནས་སྟངས་འདྲ་མིན་མང་པོ་ཞིག་ཡོད་སྟབས། ཁོང་ཚོའི་གནས་སྟངས་ཡག་སྡུག་དབྱེ་འབྱེད་མ་བྱས་པར། མི་མང་གིས་ལས་བྱེད་ཚོར་བཅར་སྐབས་རེ་བ་ཆེན་པོ་ཞིག་བརྒྱབ་ནས་ཡོང་གི་ཡོད། དཀའ་ངལ་ཞིག་འཕྲད་སྐབས་དཀའ་ངལ་འདི་ལས་ཆེ་བ་མི་འདུག་སྙམ་པའི་སོ་སོར་ཚོར་བ་ཞིག་ཡོང་གི་ཡོད། དེ་ལྟ་བུའི་དཀའ་ངལ་ཞིག་འཁྱེར་ནས་ཡོང་དུས་འཛིན་སྐྱོང་ལས་བྱེད་ཀྱི་ངོས་ནས་རྣམ་འགྱུར་བཏོན་སྟངས་དང་། བཀའ་མོལ་གནང་སྟངས། ཚིག་བེད་སྤྱོད་གཏོང་སྟངས་ཀྱི་ཐོག་ནས་ཡག་པོ་མ་བྱུང་ན་ལས་བྱེད་བྱེ་བྲག་པ་དེར་བསམ་ཚུལ་ཡོང་རྒྱུ་ཡིན་པ་བཤད་མ་དགོས་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ཀ་བ་གསུམ་སྤྱི་ཡོངས་ལ་མཐོང་ཚུལ་ཞན་པོ་ཆགས་འགྲོ་གི་རེད། ཅེས་སོགས་ཀྱི་མཇུག་བསྡོམས་གསུང་བཤད་གནང་སྟེ་གྲོས་ཚོགས་ཚོགས་དུས་བརྒྱད་པ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས།།

བོད་མིའི་སྒྲིག་འཛུགས་དྲ་བ་ནས།།