ནོ་བེལ་ཞི་བདེའི་གཟེངས་རྟཊ་བཞེས་པ་པོ་ཁག་ཅིག་གིས་ཐག་གཅོད་ལ་ངོ་རྒོལ་མཚོན་ཆེད་ལྷན་ཚོགས་སུ་ཞུགས་མི་སྲིད་པ་ཡིན་འདུགདེ་ཡང་ཟླ་བ་རྗེས་མར་ལྷོ་ཨ་ཧྥེ་རི་ཀའི་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་པ་པོ་རྣམ་པའི་ཆེས་མཐོའི་ལྷན་ཚོགས་དེའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་
མཆོག་ཆིབས་བསྒྱུར་སྐྱོང་རྒྱུར་ལྷོ་ཨ་ཧྥེ་རི་ཀའི་གཞུང་གིས་མཐོང་མཆན་མ་ཕུལ་བའི་གནད་དོན་སྐོར། ལྷོ་ཨ་ཧྥི་རི་ཀའི་ནང་ཡོད་པའི་སྐུ་ཚབ་དོན་གཅོད་སྣང་ས་ཆོས་སྒྲོན་ལགས་ཀྱིས་གསུང་ན། ཁོང་ལ་ལྷོ་ཨ་ཧྥེ་རི་ཀའི་གཞུང་ཕྱོགས་ནས་ཁ་པར་བརྒྱུད་ཐོངས་མཆན་གནང་རྒྱུ་མིན་པའི་ཐག་གཅོད་རྒྱུད་བསྒྲགས་གནང་ཡོད་པ་དང་། ཐོངས་མཆན་མ་འབུལ་པའི་རྒྱུ་མཚན་ནི། རྒྱ་ནག་དང་ལྷོ་ཨ་ཧྥེ་རི་ཀ་ཡུལ་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་ཕོག་སྲིད་པར་བརྟེན་ནས་ཡིན་ལུགས་བཤད་ཡོད་འདུག ཡིན་ནའི་ད་ལྟའི་ཆར་སྐུ་ཚབ་དོན་གཅོད་ལ་ལྷོ་ཨ་ཕེ་རི་ཀའི་གཞུང་གིས་ཡིག་ཐོག་ནས་ཐོངས་མཆན་ཕུལ་མིན་སྐོར་གྱི་བརྡ་ལན་གང་ཡང་གནང་མེད་པ་གསུང་འདུག འཆར་ཟླའི་ནང་འཚོགས་རྒྱུའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་པ་པོ་རྣམ་པའི་ཆེས་མཐོའི་ལྷན་ཚོགས་དེ་བཞིན་ལྷོ་ཨ་ཧྥེ་རི་ཀའི་ཆོས་དཔོན་Desmond Tutu དང་། ལྷོ་ཨ་ཕེ་རི་ཀའི་སྲིད་འཛིན་ཟུར་པ་འདས་པོ་Nelson Mandela de Klerk སོགས་ཀྱི་ཐེབས་རྩ་དང་། དེ་བཞིན་ནོ་བེ་ཞི་བདེའི་བྱ་དགའ་བཞེས་མཁན་མི་སྒེར་པ་༡༣དང་ ཚོགས་སྡེ་བརྒྱད་ཙམ་ཐུན་མོང་ཐོག་གོ་བསྒྲིགས་ཞུས་པ་ཞིག་ཡིན་འདུག ལྷོ་ཨ་ཧྥེ་རི་ཀའི་སྙན་གྲགས་ཆེ་བའི་ཆོས་དཔོན་Desmond Tutuམཆོག་གི་མགྲིན་ཚབ་པ་སྐུ་ཞབས་ Roger Friedmanགྱིས་གལ་སྲིད་ལྷོ་ཨ་ཧྥེ་རི་ཀ་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལྷན་ཚོགས་སུ་ཆིབས་བསྒྱུར་སྐྱོང་རྒྱུར་ཐོངས་མཆན་མ་ཕུལ་ཚེ་སྐབས་བཅུ་བཞི་པའི་ལོ་འཁོར་ཞི་བདེའི་ཆེས་མཐོའི་ལྷན་ཚོགས་སུ་གདན་འདྲེན་ཞུས་པའི་མི་སྣ་ཁག་ཅིག་གིས་དང་ལེན་ཕྱིར་འཐེན་བྱེད་སྲིད་པ་ཡིན་པ་གོ་ཐོས་བྱུང་ཞེས་གསུངས་འདུག འོན་ཀྱང་ལྷོ་ཨ་ཧྥེ་རི་ཀའི་སྲིད་འཛིན་ཟུར་པ་FW de klerk གྱི་ཐེབས་རྩའི་མགྲིན་ཚབ་Dave steward གྱིས་ལྷན་ཚོགས་སུ་ཚོགས་ཞུགས་ཕྱིར་འཐེན་བྱ་རྒྱུ་ནི་ངོ་རྒོལ་གྱི་རྣམ་འགྱུར་སྡུག་ཤོས་སུ་མཚོན་སྲིད་པས་དེ་ལས་ཚོགས་འདུར་དངོས་སུ་བཅར་ཏེ་ངོ་རྒོལ་གྱི་རྣམ་འགྱུར་ཇི་ཡོད་སྟོན་རྒྱུ་ནི་ཐབས་ལམ་བཟང་ཤོས་ཤིག་ཆགས་ཀྱི་རེད་ཅེས་གསུངས་འདུག
གསར་འགོད་པ་འཆི་མེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས།
