རྒྱ་
མཚོ་ སྔོན་ ཞིང་ ཆེན་ འཆལ་ ཕྱགས་ འགལ་ རྡུང་ ལས་ ཁུངས་ ཟེར་ བ་ ཞིག་ གིས། ན་གཞོན་ ཚོ་ སྐྱོན་ བྲལ་ ངང་ འཚར་ ལོངས་ འབྱུང་ བར་ རིག་ གནས་ ཀྱི་ ཁོར་ ཡུག་ ཡག་ པོ་
མཚོ་ སྔོན་ བརྙན་ འཕྲིན་ ཁང་ གིས་ དེའི་ སྐོར་ གནས་ ཚུལ་ སྤེལ་ བའི་ ནང་ ། སློབ་ གྲྭ་ འབྲིང་ ཆུང་ གི་ མཐའ་ འཁོར་ གནད་ སར་ བརྩིས་ ནས་ ཚོང་ རར་ གཙང་ བཤེར་ བྱེད་ པ་ དང་ ། ན་ གཞོན་ ལོ་ ཆུང་ ལ་ གནོད་ པ་ ཡོད་ པའི་ ནང་ དོན་ མི་ ལེགས་ པའི་ དཔེ་ ཆ་ དང་ ཡང་ ན་ འོད་ སྡེར། རྩུབ་ སྤྱོད་ དང་ འཇིགས་ སྐུལ། རྨོངས་ དད་ སོགས་ ཀྱི་ ཁྲིམས་ འགལ་ ལུགས་ འགལ་ གྱི་ ནང་ དོན་ དང་ ། ཡང་ ན་ ཁྲིམས་ དང་ འགལ་ ནས་ པར་ དུ་ བསྐྲུན་ པའི་ ལོ་ ཆུང་ བྱིས་ པའི་ དཔེ་ དེབ་ སོགས་ དང་ ། བསྐྱར་ དཔར་ སློབ་ དེབ་ ཚང་ མ་ གཞུང་ བཞེས་ བྱས་ ཡོད། ཅེས་ བརྗོད་ འདུག
ཡང་ གནས་ ཚུལ་ ནང་ ། ཁྲིམས་ དང་ འགལ་ ནས་ པར་ དུ་ བསྐྲུན་ པའི་ གནས་ གཏན་ ཁེལ་ མེད་ པའི་ ཚོང་ བ་ དང་ ། ལག་ རྟགས་ མེད་ པའི་ ཚོང་ གཉེར་ མཁན་ རྣམས་ མེད་ པར་ བཟོ་ བ་ དང་ ། ས་ གནས་ ཁག་ གི་ པར་ སྐྲུན་ དང་ བསྐྱར་ དཔར་ མཁན་ གྱི་ ཁེ་ ལས་ དག་ ལ་ ཕྱོགས་ ཡོངས་ ནས་ ཞིབ་ བཤེར་ བྱེད་ དགོས་ ལ། ནང་ སྒོས་ སུ་ ཟི་ ལིང་ དང་ མཚོ་ ཤར། མཚོ་ ནུབ། མཚོ་ ལྷོ། རྨ་ ལྷོ་ སོགས་ སུ་ ཞིབ་ བཤེར་ ནན་ པོ་ བྱས་ ཏེ། ཁྲིམས་ འགལ་ ལུགས་ འགལ་ གྱི་ སྒོ་ ནས་ པར་ སྐྲུན་ དང་ བསྐྱར་ དཔར་ བྱས་ པའི་ སློབ་ དེབ་ སོགས་ ལ་ ཁྲིམས་ ཆད་ ནན་ མོ་ གཅོད་ དགོས་ ལུགས་ བསྒྲགས་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།
