རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཨ་རིས་“ཁ་ཆེའི་རྒྱལ་ཁབ”་ལ་མཁའ་ལམ་ནས་རྒོལ་རྡུང་གི་ལས་གཞི་རྒྱ་སྐྱེད་འགོ་འཛུགས།

1409021321402_wps_11_epa04355729_A_US_Navy_F_Aཁ་སང་ཨ་རིའི་དམག་གིས་ཨི་རག་ནང་ལོགས་ཀྱི་ཁ་ཆེའི་དྲག་སྤྱོད་ཤོག་ཁག་ལ་མཁའ་ལམ་ནས་གནམ་སྒྱོགས་རྒྱག་པའི་ལས་འགུལ་འགོ་བཙུགས་ཡོད་པ་དང་། འདི་ནི་ཁ་ཆེའི་རྒྱལ་ཁབ་ཀྱི་དྲག་སྤྱོད་པར་རྒོལ་རྡུང་གི་ལས་གཞི་རྒྱ་སྐྱེད་འགོ་འཛུགས་བྱས་པ་ཞིག་ཡིན་འདུག

ཨ་རིའི་དབུས་དམག་སྤྱི་ལས་ཁུངས་ཀྱིས་བརྗོད་དོན་ལྟར་ན། ཐེངས་འདིའི་རེས་གཟའ་ཟླ་བའི་ཉིན་གྱི་གནམ་སྒྱོགས་ལས་འགུལ་ནང་དམག་འཐབ་གནམ་གྲུ་རིགས་མི་འདྲ་བ་ཁ་ཤས་མཉམ་ཞུགས་བྱས་ཡོད་པ་དང་། ཨ་རིའི་གནམ་སྒྱོགས་ཀྱི་ལས་འགུལ་ལ་ཨ་རག་གི་རྒྱལ་ས་བྷ་གྷི་ངྡ་ཡི་ལྷོ་ནུབ་དང་སིན་ཇར་(Sinjar)ཉེ་འཁོར་གྱི་ཨི་རག་དམག་དཔུང་གིས་རོགས་སྐྱོར་བྱས་ཡོད་ཅིང་། དེ་ནི་ཨ་རིའི་དམག་གི་གནམ་སྒྱོགས་ལས་འགུལ་ལ་ཐེངས་དང་པོ་ཨི་རག་སྲིད་གཞུང་གིས་ཐད་ཀར་རོགས་སྐྱོར་བྱས་པ་ཐོག་མ་ཆགས་ཡོད་པ་རེད།
རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༥ ཉིན་ཧྥ་རན་སིའི་རྒྱལ་ས་ཕེ་རི་སི་(Paris) རུ་རྒྱལ་ཁབ་༤༠ ལྷག་གི་ཕྱི་སྲིད་བློན་ཆེན་མཉམ་ཞུགས་ཀྱི་ལྷན་ཚོགས་ཤིག་བསྐོངས་ཏེ། ཁ་ཆེའི་དྲག་སྤྱོད་ཤོག་ཁག་ལ་རྒོལ་རྡུང་གི་ཐབས་ཇུས་སྐོར་གྲོས་བསྡུར་བྱས་ཡོད་པ་དང་། ཚོགས་ཞུགས་རྒྱལ་ཁབ་རྣམས་ཀྱི་ནང་དུ་ཨ་རབ་ཀྱི་རྒྱལ་ཁབ་༡༠ ཡོད་འདུག་ལ། ལྷན་ཚོགས་ཐོག་དམག་འཐབ་མཉམ་འབྲེལ་གྲོས་ཆོད་ལ་སྤྱི་མོས་བྱུང་སྟེ། ཨི་རག་དང་སི་རི་ཡའི་ནང་ལོགས་ཀྱི་དྲག་སྤྱོད་ཤོག་ཁག་རྩ་མེད་ཀྱི་རྒོལ་རྡུང་བྱ་སྤྱོད་ལ་ཐུན་མོང་གིས་རོགས་རམ་བྱ་རྒྱུ་ཡིན་པ་རེད།
87AF839A-BB4E-423B-A73E-4AA7E2AB9EFC_mw1024_s_nཧྥ་རན་སིའི་སྲིད་འཛིན་ཧོ་ལན་ཌི་(François Hollander) ཡིས་ལྷན་ཚོགས་དབུ་འབྱེད་སྐབས་སྤེལ་བའི་གཏམ་བཤད་ནང་། སའི་གོ་ལའི་ཁྱོན་ཡོངས་ལ་ཁ་ཆེའི་དྲག་སྤྱོད་ཤོག་ཁག་གི་ཉེན་ཁ་སླེབས་ཡོད་སྟབས། ཁ་གཏད་ཀྱི་བྱ་སྤྱོད་ཀྱང་ངེས་པར་དུ་སའི་གོ་ལའི་རང་བཞིན་ཞིག་ཡིན་དགོས་ཞེས་དང་། ཁོང་གིས་སི་རི་ཡའི་ཞི་བའི་ཁ་གཏད་ཤོག་ཁག་གི་སྟོབས་ཤུགས་ལ་ཕྱོགས་ཡོངས་ནས་རོགས་སྐྱོར་བྱས་ཏེ། ཁོང་ཚོ་མཉམ་དུ་གྲོས་བསྡུར་བྱེད་དགོས་པ་མ་ཟད། ངེས་པར་དུ་དགོས་ངེས་ཀྱི་དམིགས་བསལ་སྤྲོད་དགོས། རྒྱུ་མཚན་གང་ཡིན་ཞེ་ན། འདི་ནི་སི་རི་ཡའི་རྒྱལ་ཁབ་མང་གཙོའི་ལམ་དུ་བསྐྱོད་པའི་གོ་སྐབས་ཡག་ཤོས་ཤིག་རེད་ཅེས་འབོད་སྐུལ་ཞུས་འདུག
དེའི་སྔོན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། སྲིད་འཛིན་ཨོ་བྷ་མས་ཟླ་འདིའི་ཕྱི་ཚེས་༡༠ ཉིན་སྤེལ་བའི་བརྙན་འཕྲིན་གསུང་བཤད་ནང་། ཨ་རི་དང་རྒྱལ་ཁབ་མང་པོ་མཉམ་འབྲེལ་ཐོག་ཁ་ཆེའི་རྒྱལ་ཁབ་ལ་རྒོལ་རྡུང་གི་བྱ་སྤྱོད་སྤེལ་རྒྱུ་ཡིན་ཡང་། ས་ཐོག་གི་དམག་དཔུང་མངགས་གཏོང་བྱེད་མི་སྲིད་སྐོར་བརྗོད་ཡོད་པ་དང་། ཨོ་བྷ་མས་ཐབས་ཇུས་སྐོར་འགྲེལ་བརྗོད་བྱས་སྐབས་“དམག་འཁྲུག”་ཅེས་པའི་ཐ་སྙད་བེད་སྤྱོད་བཏང་མེད་ཅིང་། ཁོང་གིས་བསྟན་པའི་ཐབས་ཇུས་ནང་དུ་ཐབས་ལམ་མི་འདྲ་བ་༤ ཡོད་པའི་ཁྲོད། གནམ་སྒྱོགས། གསང་བའི་གནས་ཚུལ་མཁོ་སྒྲུབ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར། ད་ལྟ་དངོས་སུ་ཨི་རག་དང་སི་རི་ཡའི་དྲག་སྤྱོད་ཤོག་ཁག་ལ་ཁ་གཏད་གཅོག་བཞིན་པའི་དྲག་པོའི་སྟོབས་ཤུགས་ལ་རྒྱབ་སྐྱོར་སོགས་ཡིན་པ་རེད།
དེ་བཞིན་ཨ་རིའི་ཁྲིམས་ཁང་དང་ཕོ་བྲང་དཀར་པོས་ཨ་རིའི་གྲོང་ཁྱེར་ཁ་ཤས་ཀྱི་ནང་དུ་དྲག་པོའི་ཐལ་སྤྱོད་པར་བརྟག་དཔྱད་དང་འཇུ་བཟུང་འགོ་འཛུགས་བྱས་ཏེ། ཁོང་ཚོས་རྗེས་སུ་འཇབ་རྒོལ་གྱི་བྱ་སྤྱོད་སྤེལ་བར་འགོག་སྲུང་བྱས་ཡོད་འདུག
ཨ་རིའི་ཁྲིམས་དོན་ལྷན་ཁང་གི་སྤྱི་ཁྱབ་ཁྲིམས་དཔོན་ཆེན་མོ་ཧོལ་ཌི་(Holder) ཡིས་བརྗོད་དོན། ཨི་རག་དང་སི་རི་ཡའི་ནང་ལོགས་ཀྱི་ཁ་ཆེའི་རྒྱལ་ཁབ་སྟོབས་ཆེ་རུ་ཕྱིན་པ་དང་། ཨ་རིའི་མི་ཁ་ཤས་རྒྱལ་ཁབ་དེ་དག་ཏུ་བསྐྱོད་དེ་ཁ་ཆེའི་དྲག་སྤྱོད་ཤོག་ཁག་གི་ལས་འགུལ་ནང་ཞུགས་ཐབས་བྱེད་པ་རྣམས་ལས། ཨ་རིའི་མི་མང་ལ་དྲག་པོའི་ཐལ་སྤྱོད་རིང་ལུགས་པའི་ཕྱོགས་ཀྱི་ཉེན་ཁ་དེ་ཛ་དྲག་རང་བཞིན་ཡིན་པ་གསལ་སྟོན་བྱས་ཡོད་པ་དང་། ཐེངས་འདིའི་བྱ་སྤྱོད་ཀྱི་ནང་དུ་ས་ཁུལ་གྱི་སྐུ་ཚབ་དང་ཉེན་རྟོག་ལས་ཁུངས་ཀྱི་དཔོན་རིགས། ཆོས་ལུགས་ཀྱི་དབུ་ཁྲིད་དང་ཁྲིམས་ལུགས་ལག་བསྟར་མི་སྣ་སོགས་མཉམ་འབྲེལ་བྱས་ཏེ། ཐུན་མོང་ཐོག་ཨ་རིའི་འཇིགས་སྐུལ་རྒོལ་རྡུང་ལ་རྒྱབ་སྐྱོར་བྱེད་དགོས་སྐོར་བརྗོད་འདུག།
བང་ཆེན་དྲ་བ་ནས།།