རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཧོང་ཀོང་གཞུང་རྩིས་མེད་གཏོང་རྒྱུ་ཡིན།

ཧོང་ཀོང་གཞུང་གིས་སང་ཉིན་བར་མང་ཚོགས་ཀྱི་དགོས་འདུན་ལ་ངོས་ལེན་མ་བྱས་ཚེ་ཧོང་ཀོང་གཞུང་རྩིས་མེད་ཀྱི་ལས་འགུལ་སྔར་ལག་སྤེལ་རྒྱུ་ཡིན་སྐོར་བསྒྲགས་འདུག
དེ་རིང་སྔ་དྲོར་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤྱི་ཁྱབ་ལེང་ཁྲིན་
ཡུན་ ( Leung Chunying ) ཡིས། ཧོང་ཀོངགི་མཐོ་རིམ་སློབ་མ་གཙོས་པའི་མང་ཚོགས་ཀྱི་དམངས་གཙོའི་ལས་འགུལ་དེ་ཁྲིམས་འགལ་ཡིན་སྐོར་དང། ངོ་རྒོལ་ལས་འགུལ་དེ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་སོགས་ཀྱི་འབོད་སྐུལ་ཞུས་ཡོད་ཀྱང་། ངོ་རྒོལ་བྱེད་མཁན་ཚོསསང་ཉིན་ཕྱི་ཟླ་ ༡༠ ཚེས་ ༡ ནང་ཚུད་ཧོང་ཀོང་གཞུང་གིས་མང་ཚོགས་ལ་མིང་དོན་མཚུངས་བའི་མངགཙོའི་རང་དབང་སྤྲོད་དགོས་པ་དང་། ད་ལྟའི་ཧོང་ཀོང་སྤྱི་ཁྱབ་ལེང་ཁྲིན་ཡུནགྱིས་ལས་གནས་རྩ་དགོངས་ཞུ་དགོས་བཅས་ཀྱི་དགོས་འདུན་དོན་ཚན་ ༢ ཁས་ལེན་མ་བྱས་ཚེ། ཧོང་ཀོང་མི་མང་གིས་སང་ཉིན་ནས་བཟུང་གཞུང་རྩིས་མེད་གཏོང་རྒྱུའི་ལས་འགུལ་སྤེལ་རྒྱུ་ཡིན་ཚུལ་བསྒྲགས་ཡོད་འདུག
ཧོང་ཀོང་ནང་གི་ངོ་རྒོལ་ལས་འགུལ་དེའི་ཐད་ཨ་རིའི་གཞུང་གིས་རྒྱ་ནག་ལ་མངོན་གསལ་གྱིས་སྐྱོན་བརྗོད་བྱས་མེད་ཀྱང་། ཧོང་ཀོང་མི་མང་ལ་འགྲོ་བ་མིའི་འོས་བསྡུའི་ཐོབ་ཐང་ཡོད་སྟབས། ཧོང་ཀོང་མང་ཚོགས་ཀྱི་མངོན་འདོད་ལ་རྒྱབ་སྐྱོར་གཙང་མ་ཡོད་ཅེས་བརྗོད་ཡོད་པ་དང་། དེ་བཞིན། དབྱིན་ཡུལ་གཞུང་གིས་ཀྱང་མི་མང་གི་བདེ་འཇགས་ལ་འགན་སྲུང་ཡོད་པའི་ཐོག་ནས་ངོ་རྒོལ་བྱེད་པའི་ཐོབ་ཐང་ཡོད་པ་དང་ངོ་རྒོལ་བྱེད་མཁན་ཚོས་ཀྱང་ངེས་པར་དུ་སོ་སོའི་ཐོབ་ཐང་རྩོད་ཆོག་གི་ཡོད་སྐོར་བརྗོད་འདུག
རྒྱ་ནག་གཞུང་གིས་ཧོང་ཀོང་ནང་གི་ངོ་རྒོལ་ལས་འགུལ་དེཁྲིམས་འགལ་ཡིན་ཚུལ་དང་། ཧོང་ཀོང་གི་གནད་དོན་དེ་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་སྟབས། ཕྱིའི་རྒྱལ་ཁབ་སུས་ཀྱང་དེ་ལ་ཐེ་གཏོགས་བྱེད་དབང་མེད་ཚུལ། རྒྱ་ནག་གིས་ཧོང་ཀོང་ལ་བཟུང་བའི་སྲིད་བྱུས་ལ་ནམ་ཡང་འགྱུར་བ་མེད་ཚུལ་སོགས་བརྗོད་འདུག
ཚེས་ ༢༨ ཉིན་ཧོང་ཀོང་གཞུང་གི་ལས་ཁུངས་གཙོ་བོ་ཁག་གི་སྒོ་དྲུང་དང་། གཞུང་ལམ་ཆེ་ཁག་གི་བཞི་མདོ་བཅས་སུ་མཐོ་རིམ་སློབ་མ་གཙོས་པའི་མི་མང་ཆིག་ཁྲི་ ༡༠༠༠༠ ལྷག་གིས་ཞི་བའི་ངོ་རྒོལ་ཤུགས་ཆེན་བྱས་ཡོད་ཅིང་། སྐབས་དེར་ཉེན་རྟོག་དང་དྲག་ཆས་དམག་དཔུང་གིས་མང་ཚོགས་ཁྲོད་མིག་ཆུ་འདོན་པའི་དུག་རླངས་བེད་སྤྱོད་བཏང་བ་དང་གཅར་རྡུང་བྱས་བ་བཅས་ཀྱིས་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་འདུག ཐེངས་འདིར་ཧོང་ཀོང་གྲོང་ཁྱེར་གྱི་གཞུང་ལམ་ཆེ་ཁག་བཀག་འགོག་བྱས་ཡོད་པ་མ་ཟད། སློབ་གྲྭ་ཆེ་ཁག་ ༢༠ ལྷག་གིས་སློབ་མཚམས་བཞག་ཡོད་པ་དང་། དངུལ་ཁང་ ༣༠ ཙམ་གྱིས་ལས་མཚམས་བཞག་སྟེ་སྒོ་བརྒྱབ་ཡོད་འདུག
རྒྱ་ནག་ནང་ཧོང་གི་ངོ་རྒོལ་ལས་འགུལ་གྱི་གནས་ཚུལ་རིགས་བཀག་སྡོམ་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཅིག་ནང་ཧོང་ཀོང་གི་ལས་འགུལ་དེར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་འདུག གནད་དོན་དབྱེ་ཞིབ་པ་ཚོས། ཐེངས་འདིའི་ཧོང་ཀོང་མི་མང་གི་དམངས་གཙོའི་ལས་འགུལ་དེས་རྒྱ་ནག་ནང་ཤུགས་རྐྱེན་ཐེབས་སྲིད་པར་རྒྱ་ནག་དམར་ཤོག་གི་མགོ་ཁྲིད་ཚོས་སེམས་འཁུར་བྱེད་ཡོད་ཚུལ་བརྗོད་འདུག
 སང་ཉིན་ཏེ་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ནི། རྒྱ་ནག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དབུ་བརྙེས་ཏེ་ལོ་ ༦༥ འཁོར་བའི་རྒྱལ་སྟོན་དུས་ཆེན་གྱི་གུང་སེང་ལ་ཁེལ་ཡོད་སྟབས། ཧོང་ཀོང་མི་མང་སྟོང་ཕྲག་མང་པོ་དམངས་གཙོའི་ལས་འགུལ་དེར་མཉམ་ཞུགས་བྱ་འཆར་ཡོད་སྟབས། ཧོང་ཀོང་གཞུང་གིས་རྒྱལ་སྟོན་ཉིན་མོ་སྲུང་གཙི་གནང་ཐུབ་ཀྱི་མེད་པ་དང་། སྐད་གྲགས་ཡོད་པའིཧོང་ཀོང་གི་ཤོག་སྦག་སྒྲོན་པའི་མཚན་མོའི་འོད་སྣང་སྤྲོ་སྐྱིད་ལ་རོལ་རྒྱུའི་བྱེད་སྒོ་དེ་ཡང་ད་ལོ་ཕྱིར་འཐེན་བྱས་ཡོད་འདུག
 གསར་འགོད་པ། ལྷ་སྐྱབས་རྒྱལ། 
དུས་བབ་དྲ་བ་ནས།།