ད་ ལྟ་ རང་ སྤྱི་ འཐུས་ གྲོས་ ཚོགས་ ནང་ ཉེ་ ལམ་ བོད་ ནང་ རང་ ལུས་ མེར་ བསྲེཊ་ གནང་ མཁན་ ལྷ་ མོ་ བཀྲ་ ཤིས་ ལགས་ ཀྱི་ ཆེད་ གཞུང་ འབྲེལ་ ཐོག་ ངག་ བཅད་ མྱ་ ངན་ གནང་ སོང་ །
དེ་ རིང་ སྐབས་ བཅོ་ ལྔ་ བའི་ བོད་ མི་ མང་ སྤྱི་ འཐུས་ ལྷན་ ཚོགས་ ཀྱི་ གྲོས་ ཚོགས་ ཚོགས་ དུས་ བརྒྱད་ པའི་ ལས་ ཉིན་ དགུ་ བའི་ སྔ་ དྲོའི་ ཚོགས་ འདུ་ མགོ་ འཛུགས་ གནང་ མ་ ཐག སྤྱི་ འཐུས་ ཚོགས་ གཙོ་ མཆོག་ གིས་ ཟླ་ འདིའི་ ཚེས་ ༡༧ ཉིན་ བོད་ ནང་ ཕ་ གཅོད་ པ་ ཚེ་
དེའི་ རྗེས་ སྤྱི་ འཐུས་ དགེ་ བཤེས་ རོང་ བོ་ བློ་ བཟང་ སྙན་ གྲགས་ ལགས་ ཀྱིས་ གཞུང་ འབྲེལ་ མྱ་ ངན་ གུས་ འདུད་ ཀྱི་ རྗེས་ དྲན་ གྲོས་ ཆོད་ གྲོས་ འཆར་ གྲོས་ ཚོགས་ སུ་ སྙན་ སྒྲོན་ གནང་ སོང་ བར་ མ་ ཟད། སྤྱི་ འཐུས་ རྣམ་ པ་ སྐུ་ བཞེངས་ ཐོག་ དམ་ པ་ ཁོང་ གི་ མཛད་ རྗེས་ ལ་ ཡི་ རངས་ བསྔགས་ བརྗོད་ དང་ ། ཚེ་ རབས་ ཀུན་ ཏུ་ མཐར་ བ་ དང་ ཐམས་ ཅན་ མཁྱེན་ པའི་ གོ་ འཕང་ ཐོབ་ པའི་ སྨོན་ འདུན། ཁོང་ གི་ གཞིས་ ལུས་ ནང་ མི་ ཡོངས་ ལ་ གདུང་ སེམས་ མཉམ་ སྐྱེད་ བཅས་ ཀྱི་ ཆེད་ སྐར་ མ་ གཅིག་ རིང་ ངག་ བཅད་ མྱ་ ངན་ གནང་ སོང་ །
ཁ་ སང་ ཕྱི་ ཚེས་ ༢༡ ཉིན་ གྱི་ དགོང་ མོ་ དྷ་ རམ་ ས་ ལར་ བོད་ ཀྱི་ གཞོན་ ནུ་ ལྷན་ ཚོགས་ ཀྱི་ གོ་ སྒྲིག་ འོག བོད་ ནང་ རང་ ལུས་ མེར་ བསྲེཊ་ གནང་ མཁན་ ལྷ་ མོ་ བཀྲ་ ཤིས་ ལགས་ དང་ ཁོང་ གི་ ནང་ མི་ ཉེ་ འབྲེལ་ ཡོངས་ ལ་ གདུང་ སེམས་ མཉམ་ སྐྱེད་ མཚོན་ ཆེད་ མར་ མེ་ ཁྲོམ་ སྐོར་ ཞིག་ ཀྱང་ གནང་ ཡོད་ འདུག
གསར་ འགོད་ པ། དོན་ གོ
དུས་བབ་དྲ་བ་ནས།
