ཟླ་
རྒྱ་ གཞུང་ གི་ མཁར་ གྲོང་ གསར་ པ་ འཛུགས་ སྐྲུན་ གྱི་ ལས་ གཞིའི་ འོག འདི་ ལོར་ མཚོ་ སྔོན་ ཞིང་ ཆེན་ བ་ ཡན་ རྫོང་ ཐོག་ གི་ ལས་ ཁུངས་ ཚང་ མ་ མཁར་ གྲོང་ གསར་ པའི་ ཁུལ་ དུ་ གནས་ སྤོ་ བྱས་ རྐྱེན། རྫོང་ མཁར་ དུ་ ལུས་ པའི་ མི་ མང་ གི་ ལས་ དོན་ ལ་
ཉིན་ དེའི་ ཕྱི་ དྲོར་ གསར་ འགོད་ པས་ ཁ་ པར་ བརྒྱུད་ བ་ ཡན་ རྫོང་ སྲིད་ གཞུང་ གི་ འབྲེལ་ ཡོད་ ལས་ བྱེད་ ཅིག་ ལ་ མི་ མང་ གིས་ ཅིའི་ ཕྱིར་ ངོ་ རྒོལ་ བྱས་ པ་ ཡིན་ དྲིས་ པར། མི་ མང་ པོ་ ཁྲོམ་ གཞུང་ དུ་ འདུ་ འཛོམས་ ཀྱིས་ འུར་ ཟིང་ བསླངས་ བ་ དེ་ ནོར་ འཁྲུལ་ ཡིན་ སྐོར་ བརྗོད་ ཡོད་ པ་ ཙམ་ ལས། སྲིད་ གཞུང་ གིས་ མི་ མང་ ལ་ ལན་ འདེབས་ ཅི་ ཞིག་ བྱས་ ཡོད་ འགྲེལ་ བརྗོད་ བྱས་ མེད་ པ་ རེད། ངོ་ རྒོལ་ ནང་ ཞུགས་ པའི་ ཁ་ ཆེ་ བ་ ཞིག་ གིས་ གསར་ འགོད་ པར། སྲིད་ གཞུང་ ནས་ མི་ མང་ གིས་ ཁྲོམ་ སྐོར་ བྱས་ པ་ དེ་ ནོར་ འཁྲུལ་ རེད་ ཟེར་ གྱི་ ཡོད་ ཀྱང་ ནོར་ འཁྲུལ་ གང་ ཡང་ མ་ རེད། ད་ ལྟ་ རྫོང་ སྲིད་ གཞུང་ གི་ ལས་ ཁུངས་ ཚང་ མ་ རྫོང་ མཁར་ ནས་ ཆུ་ ཚོད་ ༡།༣༠ ཙམ་ གྱི་ སར་ ཡོད་ པའི་ མཁར་ གྲོང་ གསར་ པའི་ ཁུལ་ དུ་ གནས་ སྤོ་ བྱས་ ཡོད་ སྟབས། མི་ མང་ གིས་ ལས་ ཁུངས་ ཁག་ དང་ འབྲེལ་ བའི་ བྱ་ བ་ བསྒྲུབ་ པར་ སྟབས་ བདེ་ ཁྱོན་ ནས་ མི་ འདུག ཅེས་ བརྗོད་ འདུག
ཡང་ ཁོང་ གིས། མཁར་ གྲོང་ གསར་ པའི་ ནང་ གནས་ སྤོ་ བྱེད་ པའི་ ལས་ གཞི་ དེ་ མགོ་ ཁྲིད་ ཚོའི་ ཆེད་ དུ་ ཡིན་ པ་ ལས་ མི་ མང་ གི་ ཆེད་ དུ་ མ་ རེད། སྤྱིར་ བཏང་ བ་ ཡན་ རྫོང་ རྒྱལ་ ཁབ་ རིམ་ པའི་ དབུལ་ ཕོངས་ རྫོང་ གི་ ཁུངས་ སུ་ བཅུག་ སྟེ་ རོགས་ སྐྱོར་ བྱེད་ ཀྱི་ ཡོད་ ཀྱང་ ། དབུལ་ སྐྱོར་ གྱི་ དངུལ་ ཚང་ མ་ མཁར་ གྲོང་ གསར་ པ་ འཛུགས་ སྐྲུན་ བྱེད་ པར་ བཏང་ སྟེ། ས་ གནས་ མི་ མང་ གི་ འཚོ་ བའི་ དཀའ་ ངལ་ སེལ་ བར་ ཕན་ ཐོགས་ གང་ ཡང་ མི་ འདུག བ་ ཡན་ རྫོང་ ཁུལ་ དུ་ དཔལ་ འབྱོར་ གྱི་ ཡོང་ ཁུངས་ ཧ་ ཅང་ ཞན་ སྟབས། རྫོང་ མཁར་ གྱི་ མི་ ཚོ་ ས་ གནས་ གཞན་ དུ་ ཞོར་ ལས་ ལ་ སོང་ ནས་ འཚོ་ བ་ སྐྱེལ་ བཞིན་ ཡོད་ པ་ རེད། དེ་ སྔོན་ ས་ གནས་ མི་ མང་ གིས་ རྫོང་ སྲིད་ གཞུང་ ལ་ ཐེངས་ མང་ པོར་ དཀའ་ སྡུག་ ཞུས་ ཀྱང་ ཉན་ འཇོག་ བྱེད་ ཀྱི་ མི་ འདུག ཅེས་ བརྗོད་ འདུག
རྒྱ་ ནག་ རྒྱལ་ སྲིད་ སྤྱི་ ཁྱབ་ ཁང་ དབུལ་ སྐྱོར་ ཡར་ སྐུལ་ སྣེ་ ཁྲིད་ ཚོགས་ ཆུང་ གིས་ བསྒྲགས་ པའི་ གནས་ ཚུལ་ ལྟར་ ན། དེང་ སྐབས་ རྒྱ་ ནག་ ནང་ རྒྱལ་ ཁབ་ རིམ་ པའི་ དབུལ་ ཕོངས་ རྫོང་ ༥༩༢ ཡོད་ པ་ དང་ ། ལོ་ རེར་ དབུལ་ ཕོངས་ རྫོང་ གཅིག་ ལ་ རྒྱ་ སྒོར་ ཁྲི་ ༥༠ ཙམ་ གྱིས་ རོགས་ སྐྱོར་ བྱེད་ ཀྱི་ ཡོད་ འདུག འདས་ ལོར་ དབུལ་ ཕོངས་ རྫོང་ ༡༩ ནང་ ཕྱི་ ལོ་ ༢༠༡༠ ནས་ ༢༠༡༢ ལོའི་ བར་ གྱི་ དབུལ་ སྐྱོར་ ལས་ གཞིར་ རྟོག་ ཞིབ་ བྱེད་ སྐབས། ཁྱོན་ དབུལ་ ཕོངས་ རྫོང་ ༡༩ ཡི་ ནང་ དབུལ་ སྐྱོར་ དངུལ་ ལྐོག་ ཟ་ དང་ བེད་ སྤྱོད་ ལོག་ པར་ བཏང་ བའི་ འབྲེལ་ ཡོད་ ལས་ བྱེད་ ༡༢༣ ཐེར་ འདོན་ བྱས་ ཡོད་ པ་ དང་ ། དེའི་ ནང་ ནས་ མི་ ༢ ལ་ བཙོན་ འཇུག་ ཁྲིམས་ ཐག་ བཅད་ པ་ དང་ ། མི་ ༧༨ ཏང་ ནང་ ནས་ ཕྱིར་ འབུད། མི་ ༤༣ ལ་ སློབ་ གསོ་ བཏང་ ཡོད་ པ་ དང་ ། མུ་ མཐུད་ ཞིབ་ བཤེར་ དགོས་ པའི་ འབྲེལ་ ཡོད་ ལས་ བྱེད་ ༢༤ ཡོད་ སྐོར་ དང་ ། དབུལ་ སྐྱོར་ དངུལ་ ཁྱོན་ དུང་ ཕྱུར་ ༢.༡༤ ཙམ་ ལྐོག་ ཟ་ རུལ་ སུངས་ དང་ བེད་ སྤྱོད་ ལོག་ པར་ བཏང་ ཡོད་ ལ། ད་ དུང་ དངུལ་ དུང་ ཕྱུར་ ༡.༤༥ ལྷག་ གི་ ཉེས་ དོན་ ལ་ བསྐྱར་ དུ་ ཞིབ་ བཤེར་ བྱེད་ དགོས་ སྐོར་ བསྒྲགས་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།
