རྒྱལ་ སྤྱིའི་ གསོ་ རིག་ ཆེད་ མཁས་ པ་ ཚོས་ རྒྱ་ ནག་ གི་ ནང་ ཁྲོལ་ འབོར་ ཆེན་ གྱི་ འབྱུང་ ཁུངས་ ལ་ དོཊ་ པ་ ཆེན་ པོ་ བྱེད་ ཀྱི་ ཡོད་ པ་ མ་ ཟད། མི་ རོ་ བཅུག་ པའི་ ས་ འོག་ བང་ མཛོད་ ཁང་ ཆེན་ པོ་ ཞིག་ ཡོད་ པར་ ངོས་ འཛིན་ བྱེད་ ཀྱི་ འདུག
རྒྱ་ ནག་ རྒྱལ་ ཡོངས་ གསོ་ རིག་ མཐུན་ ཚོགས་ ཀྱི་ གོ་ སྒྲིག་ འོག སང་ ཉིན་ ཕྱི་ ཚེས་ ༢༩
ནས་
དེའི་ ཐད་ ཐའེ་ ཝན་ དུ་ ཡོད་ པའི་ ཆོས་ འཁོར་ རྩ་ རླུང་ སྒོམ་ སྒྲུབ་ པའི་ ཐོབ་ ཐང་ ལྷན་ ཚོགས་ ཀྱི་ མགྲིན་ ཚབ་ པ་ ཀྲུའུ་ ཝན་ ཆི་ ཡིས། འདས་ ལོར་ ཚོགས་ ཆེན་ དེ་ ཚ་ ཚ་ འུར་ འུར་ གྱིས་ བསྡུས་ ཡོད་ ཀྱང་ ། ད་ ལོར་ ཁུ་ སིམ་ སིམ་ གྱིས་ བསྡུ་ ཡི་ ཡོད་ པ་ མ་ ཟད། ང་ ཚོས་ མིའི་ དབང་ པོ་ དང་ ནང་ ཁྲོལ་ བརྗེ་ ལེན་ གྱི་ ཆེད་ མཁས་ པ་ མང་ པོར་ འབྲེལ་ བ་ བྱས་ ཏེ་ སྐད་ ཆ་ འདྲི་ སྐབས། ཁོང་ ཚོ་ ཚོགས་ ཆེན་ དེའི་ ཐོག་ སྐད་ བཏང་ མ་ སོང་ ལ། གལ་ སྲིད་ སྐད་ བཏང་ བ་ ཡིན་ ནའང་ ཚོགས་ ཞུགས་ བྱ་ རྒྱུ་ མིན་ སྐོར་ ལབ་ སོང་ ། ཞེས་ བརྗོད་ འདུག
འཛམ་ གླིང་ དབང་ པོ་ བརྗེ་ ལེན་ གསོ་ རིག་ མཐུན་ ཚོགས་ ཀྱིས། ཐེངས་ འདིའི་ རྒྱ་ ནག་ གི་ ཚོགས་ ཆེན་ དང་ འབྲེལ་ བའི་ བསྒྲགས་ གཏམ་ ཞིག་ སྤེལ་ བའི་ ནང་ ། རྒྱ་ ནག་ ནང་ སྲོག་ ཁྲིམས་ བཅད་ པའི་ བཙོན་ པ་ དང་ ། ཆོས་ ལུགས་ དང་ སྐད་ ཡིག་ རང་ དབང་ ། དེ་ བཞིན་ མི་ རིགས་ འདྲ་ མཉམ་ བཅས་ ཀྱི་ ཆེད་ དུ་ ནག་ ཉེས་ ཕོག་ པའི་ བཙོན་ པ་ ཡི་ དབང་ པོ་ དང་ ནང་ ཁྲོལ་ བེད་ སྤྱོད་ བྱེད་ བཞིན་ པ་ མཚམས་ འཇོག་ མ་ བྱས་ བར་ དུ། ཚོགས་ ཆེན་ ཐོག་ གདན་ འདྲེན་ བྱས་ པའི་ འཛམ་ གླིང་ གི་ དབང་ པོ་ བརྗེ་ ལེན་ ཆེད་ མཁས་ པ་ དང་ རྒྱལ་ སྤྱིའི་ ཚོགས་ སྡེ་ ཁག་ གི་ མི་ སྣ་ ཚོས། མིའི་ རིགས་ ཀྱི་ རྨང་ གཞིའི་ དཔྱོད་ ཤེས་ དང་ གསོ་ རིག་ ཀུན་ སྤྱོད་ སློབ་ གསོའི་ རྩ་ དོན་ ལ་ བརྩི་ བཀུར་ བྱས་ ཏེ་ མི་ བྱེད་ པ་ གསུམ་ བསྒྲགས་ པ་ ནི། དང་ པོ་ རྒྱ་ ནག་ གི་ དབང་ པོ་ བརྗེ་ ལེན་ ཚོགས་ ཆེན་ དང་ དེ་ འབྲེལ་ གྱི་ བྱ་ འགུལ་ ལ་ མཉམ་ ཞུགས་ དང་ རྒྱབ་ སྐྱོར་ མི་ བྱེད་ པ། གཉིས་ པ། རྒྱ་ ནག་ དང་ མཉམ་ དུ་ དབང་ པོ་ བརྗེ་ ལེན་ དང་ འབྲེལ་ བའི་ ཆེད་ ལས་ གང་ ལའང་ མཉམ་ འབྲེལ་ མི་ བྱེད་ པ། གསུམ་ པ། རྒྱ་ ནག་ གིས་ མིའི་ དབང་ པོ་ དང་ ནང་ ཁྲོལ་ བག་ མེད་ ལོངས་ སྤྱོད་ དང་ ། སྲོག་ ཁྲིམས་ བཅད་ པའི་ བཙོན་ པ་ དང་ ། དེ་ བཞིན། ཆོས་ ལུགས་ དང་ རིག་ གཞུང་ སྲུང་ སྐྱོབ་ ཆེད་ ནག་ ཉེས་ ཕོག་ པའི་ བཙོན་ པ་ ཚོའི་ ནང་ ཁྲོལ་ གསོན་ བཀོག་ བྱས་ པའི་ ཉེས་ དོན་ རིགས་ ཤེས་ རྟོགས་ བྱུང་ ཚེ། འཛམ་ གླིང་ དབང་ པོ་ བརྗེ་ ལེན་ གསོ་ རིག་ མཐུན་ ཚོགས་ དང་ འཛམ་ གླིང་ གསོ་ རིག་ ལྷན་ ཚོགས། འཛམ་ གླིང་ འཕྲོད་ བསྟེན་ ལྷན་ ཚོགས། མཉམ་ འབྲེལ་ རྒྱལ་ ཚོགས་ འགྲོ་ བ་ མིའི་ ཐོབ་ ཐང་ ལྷན་ ཚོགས་ བཅས་ ལ་ ཡར་ ཞུ་ བྱས་ ཏེ། མཉམ་ རུབ་ ཀྱིས་ འགྲོ་ བ་ མིའི་ རིགས་ ཀྱི་ རིན་ ཐང་ དང་ འཚོ་ གནས་ ཀྱི་ ཐོབ་ ཐང་ ལ་ སྲུང་ སྐྱོབ་ བྱེད་ དགོས་ ལུགས་ བརྗོད་ འདུག
འདས་ པའི་ ལོ་ ངོ་ བཅུ་ ཕྲག་ རིང་ རྒྱ་ གཞུང་ གིས་ སྲོག་ ཁྲིམས་ བཅད་ པའི་ བཙོན་ པའི་ དབང་ པོ་ དང་ ནང་ ཁྲོལ་ བེད་ སྤྱོད་ བྱས་ ཏེ། རྒྱལ་ ཕྱི་ ནང་ ནས་ ཁེ་ སྤོགས་ འབོར་ ཆེན་ གཉེར་ ཀྱི་ ཡོད་ སྟབས། ཕྱི་ ལོ་ ༢༠༡༣ ལོའི་ རྒྱ་ ནག་ དབང་ པོ་ བརྗེ་ ལེན་ ཚོགས་ ཆེན་ སྐབས། འཛམ་ གླིང་ དབང་ པོ་ བརྗེ་ ལེན་ གསོ་ རིག་ མཐུན་ ཚོགས་ ཀྱི་ ཚོགས་ གཙོ་ མཉམ་ ཞུགས་ ཐོག རྒྱ་ ནག་ གི་ སྨན་ ཁང་ ཆེ་ གྲས་ ༤༠ ལྷག་ གིས་ ༼ཧང་ ཀྲུའུ་ གྲོས་ ཆོད༽ཅེས་ པའི་ ཆོད་ ཡིག་ ཅིག་ ལ་ མིང་ བཏགས་ བཀོད་ དེ། འདི་ ལོའི་ ཕྱི་ ཟླ་ ༦ པ་ ནས་ བཟུང་ སྲོག་ ཁྲིམས་ བཅད་ པའི་ བཙོན་ པའི་ དབང་ པོ་ དང་ ནང་ ཁྲོལ་ བེད་ སྤྱོད་ གཏོང་ བཞིན་ པ་ མཚམས་ འཇོག་ བྱ་ རྒྱུ་ ཡིན་ སྐོར་ བརྗོད་ ཡོད་ ཀྱང་ ། སྨན་ ཁང་ ཆེ་ ཁག་ གིས་ གྲོས་ ཆོད་ དེར་ སྣང་ མེད་ ཀྱིས་ བཙོན་ པའི་ ནང་ ཁྲོལ་ བེད་ སྤྱོད་ མུ་ མཐུད་ གཏོང་ བཞིན་ ཡོད་ པས། རྒྱལ་ ཕྱིའི་ ནད་ པ་ མང་ པོ་ ཆེད་ དུ་ རྒྱ་ ནག་ ནང་ ནང་ ཁྲོལ་ བརྗེ་ བར་ འགྲོ་ བཞིན་ ཡོད་ པ་ མ་ ཟད། རྒྱ་ ནག་ ནང་ སྲོག་ ཁྲིམས་ བཅད་ པའི་ བཙོན་ པ་ ནི་ ཁྲིམས་ མཐུན་ གྱི་ དབང་ པོ་ དང་ ནང་ ཁྲོལ་ བརྗེ་ ལེན་ གྱི་ འབྱུང་ ཁུངས་ ལྟ་ བུ་ ཞིག་ ཏུ་ ངོས་ འཛིན་ བྱེད་ བཞིན་ ཡོད་ འདུག
ཨ་ རིའི་ འཕྲོད་ བསྟེན་ ལྷན་ ཁང་ གི་ སྙན་ ཐོའི་ ནང་ ནང་ ཁྲོལ་ བརྗེ་ ལེན་ གྱི་ དུས་ ཡུན་ གཏན་ འབེབས་ བྱས་ པ་ ལྟར་ ན། མཁལ་ མ་ བརྗེ་ ལེན་ བྱེད་ པར་ ཁྱོན་ བསྡོམས་ ཉིན་ ༡༡༢༡ དང་ ། མཆིན་ པ་ ལ་ ཉིན་ ༧༩༦། སྙིང་ ལ་ ཉིན་ ༢༣༠། གློ་ བར་ ཉིན་ ༡༠༦༨། གཤེར་ མ་ ལ་ ཉིན་ ༥༠༡ བཅས་ དགོས་ ཀྱི་ ཡོད་ པ་ རེད། ཡིན་ ནའང་ ། རྒྱ་ ནག་ ནང་ ནང་ ཁྲོལ་ བརྗེ་ ལེན་ གྱི་ མགྱོགས་ ཚད་ ཚད་ ལས་ བརྒལ་ ཡོད་ པ་ སྟེ་ དཔེར་ ན། ཐེན་ ཅིན་ ཤར་ ཕྱོགས་ དབང་ པོ་ བརྗེ་ ལེན་ ལྟེ་ གནས་ ཀྱིས་ མཁལ་ མ་ བརྗེ་ ལེན་ བྱེད་ པར་ མགྱོགས་ ཤོས་ བདུན་ ཕྲག་ གཅིག་ དང་ ། དལ་ ཤོས་ ཟླ་ གཅིག་ མི་ འགོར་ བ་ དང་ ། མཆིན་ པ་ བརྗེ་ ལེན་ ལ་ ཁྱོན་ བདུན་ ཕྲག་ ༢ ལས་ མི་ དགོས་ ལུགས་ བརྗོད་ ཡོད་ པ་ མ་ ཟད། ཧྲང་ ཧེ་ ཁྲང་ ཀྲིན་ སྨན་ ཁང་ གི་ དབང་ པོ་ བརྗེ་ ལེན་ ཚན་ པས་ མཆིན་ པ་ བརྗེ་ ལེན་ ལ་ ཁྱོན་ བདུན་ ཕྲག་ ༡ ལས་ དགོས་ ཀྱི་ མེད་ པ་ རེད། དེ་ ལས་ ཀྱང་ ཧ་ ལས་ དགོས་ པ་ ཞིག་ ལ། ཐེངས་ འདིའི་ རྒྱ་ ནག་ དབང་ པོ་ བརྗེ་ ལེན་ ཚོགས་ ཆེན་ གྱི་ མགོ་ ཁྲིད་ དང་ ཀྲེ་ དཱ་ སྨན་ ཁང་ གི་ འགན་ འཛིན་ ཀྲིན་ སུའུ་ སིན་ ཟེར་ བ་ མི་ གཅིག་ པུས། ད་ ལྟའི་ བར་ ཁྱོན་ མཆིན་ པ་ ༡༠༨༠ བརྗེ་ ལེན་ གཤག་ བཅོས་ བྱས་ ཡོད་ པ་ མ་ ཟད། ཉིན་ གཅིག་ ནང་ མཆིན་ པ་ ༥ རེ་ བརྗེ་ ལེན་ བྱས་ པ་ དང་ ། བདུན་ ཕྲག་ རེའི་ ནང་ མཆིན་ པ་ ༡༡ བརྗེ་ ལེན་ གཤག་ བཅོས་ བྱས་ པའི་ ཟིན་ ཐོ་ བསྐྲུན་ ཡོད་ སྟབས། རྒྱལ་ སྤྱིའི་ གསོ་ རིག་ ཆེད་ མཁས་ པ་ ཚོས་ རྒྱ་ ནག་ གི་ ནང་ ཁྲོལ་ འབོར་ ཆེན་ གྱི་ འབྱུང་ ཁུངས་ ལ་ དོགས་ པ་ ཆེན་ པོ་ བྱེད་ བཞིན་ ཡོད་ པ་ མ་ ཟད། མི་ རོ་ བཅུག་ པའི་ ས་ འོག་ བང་ མཛོད་ ཁང་ ཆེན་ པོ་ ཞིག་ ཡོད་ པར་ ངོས་ འཛིན་ བྱེད་ བཞིན་ འདུག
ཕྱི་ ལོ་ ༢༠༠༦ ལོར་ རྒྱ་ ནག་ གི་ སྨན་ ཁང་ ཆེ་ ཁག་ གིས་ ཆོས་ འཁོར་ རྩ་ རླུང་ སྒོམ་ སྒྲུབ་ པའི་ ནང་ ཁྲོལ་ གསོན་ བཀོག་ བྱས་ པའི་ གསང་ བ་ ཕྱིར་ ཤོར་ རྗེས། འཛམ་ གླིང་ དབང་ པོ་ བརྗེ་ ལེན་ གསོ་ རིག་ མཐུན་ ཚོགས་ དང་ རྒྱལ་ སྤྱིའི་ འགྲོ་ བ་ མིའི་ ཐོབ་ ཐང་ ལྷན་ ཚོགས་ སོགས་ གཞུང་ དང་ ཚོགས་ སྡེ་ ཁག་ མང་ པོས་ རྒྱ་ ནག་ ལ་ སྐྱོན་ བརྗོད་ ཤུགས་ ཆེན་ བྱས་ ཡོད་ པ་ མ་ ཟད། རྒྱ་ ནག་ གི་ གཏུམ་ སྤྱོད་ དེ་ ལ་ དངོས་ ཤུགས་ བརྒྱུད་ གསུམ་ ནས་ སྔོག་ བཤེར་ བྱེད་ མཁན་ མང་ དུ་ ཕྱིན་ སྟབས། དུས་ ཡུན་ ཐུང་ ངུའི་ ནང་ ནང་ ཁྲོལ་ གཤག་ བཅོས་ ཀྱི་ གྲངས་ འབོར་ ཕྱེད་ ཙམ་ མར་ ཆགས་ ཡོད་ པ་ མ་ ཟད། ལོ་ རེ་ བཞིན་ གྲངས་ འབོར་ མུ་ མཐུད་ ཉུང་ དུ་ ཕྱིན་ ཡོད་ ཀྱང་ ། རིམ་ གྱིས་ མང་ ཁྲོད་ དུ་ ནང་ ཁྲོལ་ གསོན་ བཀོག་ གི་ ཁྲིམས་ འགལ་ ཉེས་ དོན་ ཇེ་ མང་ དུ་ འགྲོ་ བཞིན་ ཡོད་ པ་ རེད།
ཨ་ རིའི་ རྒྱ་ ནག་ གནད་ དོན་ ཉམས་ ཞིབ་ པ་ ཟུར་ བ་ དང་ གསར་ འགོད་ པ་ གྷོ་ ཋི་ མཱན་ (Ethan Gutmann)ལགས་ ཀྱིས་ བརྩམས་ པའི་ ༼བརླགས་ ཟིན་ པའི་ རྒྱ་ ནག་ གསར་ པ༽ཞེས་ པའི་ ཞིབ་ འཇུག་ སྒེར་ དེབ་ ནང་ ། ཕྱི་ ལོ་ ༡༩༩༤ ལོ་ ནས་ བཟུང་ རྒྱ་ ནག་ ནང་ མིའི་ ནང་ ཁྲོལ་ གསོན་ བཀོག་ བྱེད་ པའི་ གཏུམ་ སྤྱོད་ ཀྱི་ མགོ་ བརྩམས་ ཏེ། ༢༠༠༨ ལོའི་ བར་ ཉུང་ མཐར་ ཆོས་ འཁོར་ རྩ་ རླུང་ སྒོམ་ སྒྲུབ་ པ་ ༦༥༠༠༠ ལྷག་ གི་ ནང་ ཁྲོལ་ གསོན་ བཀོག་ བྱས་ པ་ གསལ་ འདོན་ བྱས་ ཡོད་ པ་ མ་ ཟད། བོད་ དང་ ཡུ་ གུར། ཆོས་ ལུགས་ འདྲ་ མིན་ གྱི་ མི་ སྣ་ སོགས་ ཀྱི་ ཚོགས་ སྡེ་ ཁག་ ནི་ རྒྱ་ གཞུང་ གིས་ ནང་ ཁྲོལ་ གསོན་ བཀོག་ བྱེད་ པའི་ གཏུམ་ སྤྱོད་ ཀྱི་ གནོད་ འཚེ་ ཕོག་ ཡུལ་ གཙོ་ བོ་ ཞིག་ ཆགས་ ཡོད་ སྐོར་ ཡང་ བརྗོད་ ཡོད་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།