རྒྱ་ ནག་ གཞུང་ གིས་ མི་ མང་ འདུ་ འཛོམས་ བྱེད་ ཡུལ་ ཆེ་ ཁག་ ཏུ་ ཐ་ མག་ འཐེན་ མི་ ཆོག་ པའི་ ཁྲིམས་ གཞི་ ཞིག་ གཏན་ འབེབས་ བྱས་ ཡོད་ འདུག
ཉེ་ ལམ་ རྒྱ་ ནག་ རྒྱལ་ སྲིད་ སྤྱི་ ཁྱབ་ ཁང་ ཁྲིམས་ འཛིན་ གཞུང་ ལས་ ཁང་ གིས་ ༼མི་ མང་ འདུ་ འཛོམས་ ཆེ་ སར་ ཐ་ མག་ འཐེན་ རྒྱུར་ ཚོད་ འཛིན་ བྱ་ ཐབས་ སྐོར་ གྱི་ སྲོལ་ ཡིག༽
ཅེས་
གནས་ ཚུལ་ འདིའི་ ཐད་ རྒྱ་ ནག་ ནང་ རྟེན་ གཞི་ བྱས་ པའི་ འཛམ་ གླིང་ འཕྲོད་ བསྟེན་ ལྷན་ ཚོགས་ ཀྱི་ སྐུ་ ཚབ་ སྐུ་ ཞབས་ བྷེར་ ཧར་ ཌི་ (Bernhard Schwarrlander)ལགས་ གསར་ འགོད་ པར། རྒྱ་ ནག་ ནང་ གི་ ཟ་ ཁང་ དང་ ཆང་ ཁང་ ། མི་ མང་ འདུས་ སྡོད་ དང་ འགྲིམ་ འགྲུལ་ བྱེད་ སར་ ཐ་ མ་ འཐེན་ པ་ དེས། ཐ་ མག་ འཐེན་ མཁན་ ཁོ་ རང་ ཚོ་ ལས་ ལྷག་ པ་ ཐ་ མག་ མི་ འཐེན་ མཁན་ གྱི་ མང་ ཚོགས་ ཚོར་ གནོད་ ཚབས་ ཆེན་ པོ་ ཡོད་ སྟབས། ཐེངས་ འདིའི་ པེ་ ཅིན་ གཞུང་ གིས་ ཐག་ གཅོད་ དེར་ དགའ་ བསུ་ ཞུ་ རྒྱུ་ དང། ལྷག་ པར་ དུ་ སྒྲིག་ ཁྲིམས་ འདི་ རྒྱ་ ནག་ རྒྱལ་ ཡོངས་ སུ་ གཅིག་ གྱུར་ ལག་ བསྟར་ བྱ་ རྒྱུ་ གལ་ ཆེན་ པོ་ རེད། ཅེས་ བརྗོད་ འདུག
འཛམ་ གླིང་ འཕྲོད་ བསྟེན་ ལྷན་ ཚོགས་ ཀྱི་ སྙན་ ཐོ་ ལྟར་ ན། རྒྱ་ ནག་ ནང་ ཐ་ མག་ འཐེན་ མཁན་ དུང་ ཕྱུར་ ༣ ལྷག་ ཡོད་ པ་ དང་ ། པེ་ ཅིན་ གྲོང་ ཁྱེར་ གཅིག་ པུར་ ཐ་ མག་ འཐེན་ མཁན་ འབུམ་ ༤ ལྷག་ ཡོད་ འདུག རྒྱ་ ནག་ ནི་ འཛམ་ གླིང་ ག་ ཐ་ མག་ འཐེན་ མཁན་ དང་ བཟོ་ མཁན་ ཆེས་ མང་ ཤོས་ ཆགས་ ཏེ། རྒྱ་ ནག་ ནང་ ལོ་ རེར་ ཐ་ མག་ འཐེན་ མཁན་ ས་ ཡ་ གཅིག་ ལྷག་ འདས་ གྲོངས་ སུ་ འགྲོ་ བཞིན་ ཡོད་ འདུག ཕྱི་ རྒྱལ་ དང་ རྒྱ་ ནག་ གི་ འཕྲོད་ བསྟེན་ ཆེད་ མཁས་ ཚོས་ རྒྱ་ ནག་ ནང་ ཐ་ མག་ རིན་ གོང་ ཆུང་ ཆུང་ ཡིན་ སྟབས། ༢༠༣༠ ལོར་ རྒྱ་ ནག་ ནང་ ཐ་ མག་ གིས་ འདས་ གྲོངས་ སུ་ འགྲོ་ མཁན་ ད་ ལྟའི་ གྲངས་ འབོར་ ལས་ ལྡབ་ གསུམ་ ཆགས་ རྒྱུ་ ཡིན་ པའི་ ཚོད་ དཔག་ བྱས་ ཡོད་ འདུག
པེ་ ཅིན་ གཞུང་ གིས། ༢༠༡༤ ལོར་ པེ་ ཅིན་ ནང་ ཡོད་ པའི་ ཐ་ མག་ བཟོ་ གྲྭ་ སྤྱི་ ཡོངས་ ལ་ ཨ་ སྒོར་ ཐེར་ འབུམ་ ༡༦ གི་ དཔྱ་ ཁྲལ་ རྒྱག་ འཆར་ ཡོད་ ལ། ད་ ལོར་ འཕྲོད་ བསྟེན་ བློན་ ཆེན་ ལྷན་ ཁང་ ལས་ བྱེད་ པ་ ཟུར་ བ་ ཞིག་ གིས་ གསར་ འགོད་ པར། ༢༠༡༢ ལོར་ ཉིན་ རེར་ རྒྱ་ ནག་ གཞུང་ ལ་ ཐ་ མག་ ཉོ་ ཚོང་ གི་ དཔྱ་ ཁྲལ་ ཐོག་ ནས་ ཨ་ སྒོར་ ས་ ཡ་ ༧༥ ལྷག་ གི་ ཡོང་ འབབ་ ཡོད་ སྟབས། ཐ་ མག་ བཟོ་ གྲྭ་ དང་ ཉོ་ ཚོང་ བྱེད་ མཁན་ ཚོས་ རྒྱ་ ནག་ ནང་ ཐ་ མག་ བཀག་ སྡོམ་ བྱེད་ པ་ དེས་ རྒྱ་ ནག་ གི་ ལོ་ རེའི་ ཡོངས་ འབབ་ དང་ དཔལ་ འབྱོར་ ཡར་ རྒྱས་ ལ་ དོ་ ཕོག་ ཆེན་ པོ་ འགྲོ་ རྒྱུ་ ཡིན་ སྐོར་ དང་ ། ཕྱི་ རྒྱལ་ ཁག་ ཏུ་ ཐ་ མག་ བཟོ་ སྐྲུན་ ཆོག་ པའི་ རྒྱུ་ མཚན་ དྲངས་ ཏེ་ ངོ་ རྒོལ་ བྱེད་ ཀྱིན་ ཡོད་ ཚུལ་ བརྗོད་ འདུག ཁ་ སང་ ཁོ་ རང་ གིས་ ཡང་ བསྐྱར་ གསར་ འགོད་ པར། ངས་ ལོ་ མང་ པོའི་ རིང་ རྒྱ་ ནག་ ནང་ ཐ་ མ་ བཀག་ སྡོམ་ བྱེད་ པར་ འཐབ་ རྩོད་ བྱས་ མཐར། དེ་ རིང་ གཞི་ ནས་ འགྱུར་ ལྡོག་ བྱུང་ བར་ དགའ་ སྤྲོ་ ཆེན་ པོ་ བྱུང་ སོང་ ཞེས་ བརྗོད་ འདུག
༢༠༡༢ ལོར་ རྒྱ་ ནག་ གི་ འཕྲོད་ བསྟེན་ ལྷན་ ཁང་ གིས་ རྒྱ་ ནག་ རྒྱལ་ ཡོངས་ སུ་ མང་ ཚོགས་ འདུ་ འཛོམས་ ཀྱི་ གླིང་ ཁ་ དང་ རླངས་ འཁོར་ ས་ ཚིགས། ལས་ ཁུངས་ སོགས་ སུ་ ཐ་ མ་ འཐེན་ བཀག་ སྡོམ་ བྱས་ པའི་ ལམ་ སྟོན་ ཡིག་ ཆ་ ཞིག་ བཀྲམས་ ཡོད་ ཀྱང་ ། རྗེས་ སུ་ མང་ ཚོགས་ ཁྲོད་ ལམ་ སྟོན་ ཡིག་ ཆ་ ཁ་ གསལ་ མེད་ པ་ དང་ ལག་ བསྟར་ བྱེད་ མཁན་ གྱི་ སྒྲིག་ འཛུགས་ དམིགས་ བསལ་ མེད་ པ་ བཅས་ ལ་ བརྟེན་ ཏེ་ བཟང་ ཕྱོགས་ ཀྱི་ འགྱུར་ བ་ གང་ ཡང་ ཐེབས་ ཐུབ་ ཡོད་ མི་ འདུག
འཛམ་ གླིང་ གི་ ཆེད་ ལས་ མཁས་ པ་ ཚོས། རྒྱ་ ནག་ ནང་ ཐ་ མག་ ཤུགས་ ཆེན་ པོ་ བྲིན་ དོན་ རྒྱལ་ ཁབ་ ཀྱི་ དཔྱ་ ཁྲལ་ ཡོངས་ འབབ་ ཀྱི་ བཅུ་ ཆའི་ གཅིག་ ཐ་ མག་ ལས་ ཡོང་ གི་ ཡོད་ པ་ དང་ ། མང་ ཚོགས་ ལ་ ཐ་ མག་ གི་ གནོད་ སྐྱོན་ སྐོར་ གྱི་ གོ་ རྟོགས་ ཞན་ དྲགས་ གཉིས་ ལ་ བརྟེན་ ཏེ་ བྱུང་ ཡོད་ ཚུལ་ བརྗོད་ འདུག
གསར་ འགོད་ པ། ལྷ་ སྐྱབས་ རྒྱལ།
དུས་བབ་དྲ་བ་ནས།

