རྒྱ་ནག་གཞུང་གིས་ཞིན་ཅང་ལ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པའི་སྟབས་ཀྱིས་གཞུང་གིས་ཞིབ་བཤེར་མ་བྱས་པའི་གསར་འགྱུར་དང་། རྒྱལ་སྤྱིའི་རང་བཙན་གྱི་
གསར་འགོད་པ་ཚོས་ཞིན་ཅང་གི་གནས་སྟངས་ཅི་ཡིན་གནས་ཚུལ་ངོ་མ་སྤེལ་པ་ཞིག་ཕྱི་ལ་འཐོན་རྒྱུ་ཁག་པོ་ཡིན་མོད། ཡིན་ནའང་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་དང་ཕྱི་རྒྱལ་གྱི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་རིམ་པ་ཞིག་སྤེལ་པ་དེ་དག་ལ་བལྟས་ཚེ། འདས་པའི་ཟླ་བ་དྲུག་གི་རིང་དུ་ཞིན་ཅང་ལ་དྲག་ཟིང་ལངས་ནས་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ཉུང་དུ་འགྲོ་ཐུབ་མེད་པ་མ་ཟད། ད་དུང་གཅིག་བྱས་ན་རྒྱ་ནག་གཞུང་གིས་ཞིན་ཅང་གི་འཇིགས་སྐུལ་རིང་ལུགས་པ་ཚོར་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་སྤེལ་པའི་རྗེས་སུ་ས་གནས་དེར་དྲག་ཟིང་སྟུད་མར་ལངས་ནས་མི་ལ་འཆི་སྐྱོན་འབྱུང་རྒྱུ་ཇེ་མང་དུ་སོང་ཡོད་པའི་རྣམ་པ་ཞིག་ཐོན་འདུག ཨ་རིའི་རླུང་འཕྲིན་ཁང་ནས།།