བོད་ ཀྱི་ བུད་ མེད་ ལྷན་ ཚོགས་ ཀྱིས་ ༧གོང་ ས་ མཆོག་ གི་ བཀའ་ དྲིན་ རྗེས་ དྲན་ གྱི་ མཚོན་ དོན་ དང་ རྒྱ་ གཅེས་ དཔའ་ བོ་ དཔའ་ མོ་ འདས་ གསོན་ ཡོངས་ ཀྱི་ ཞལ་ ཆེམས་ དང་ མངོན་ འདོན་ མཚོན་ པའི་ ༼སང་ ལོ་ ལྷ་ ས་ ནས་ མཇལ་ ཡོང་ ༽ཞེས་ པའི་ ལས་ འགུལ་ སྤེལ་ འདུག
༧གོང་ ས་ མཆོག་ གིས་ ནོ་ བྷེལ་ ཞི་ བདེའི་ གཟེངས་ རྟགས་ དགྱེས་ བཞེས་ གནང་ སྟེ་ ལོ་ ངོ་ ༢༥ འཁོར་ བའི་ ཉིན་ མོ་ དང་ བསྟུན། བོད་ ཀྱི་ བུད་ མེད་ ལྷན་ ཚོགས་ ཀྱིས་ ༧གོང་ ས་ མཆོག་ གི་ བཀའ་ དྲིན་ རྗེས་ དྲན་ གྱི་ མཚོན་ དོན་ དུ་ ༼སང་ ལོ་ ལྷ་ ས་ ནས་ མཇལ་ ཡོང་ ༽ཞེས་ པའི་ ལས་ འགུལ་ སྤེལ་ ཏེ། ༼སང་ ལོ་ ལྷ་ ས་ ནས་ མཇལ་ ཡོང༽ཞེས་ པའི་ ཁ་ པར་ གྱི་ བརྡ་ གཏོང་ མཉེན་ ཆས་ དང་ དཔུང་ རྟགས། སྟབས་ བདེའི་ རྒྱབ་ ཁུག་ བཅས་ རིན་ མེད་ འགྲེམས་ སྤེལ་ བྱེད་ བཞིན་ འདུག
སང་ ལོ་ ལྷ་ ས་ ནས་ མཇལ་ ཡོང་ ཞེས་ པའི་ བསྒྲགས་ གཏམ་ ནང་ ། གཞུང་ མང་ གཉིས་ ཀྱིས་ བཀའ་ དྲིན་ བསམ་ ཤེས་ ཀྱི་ ཆེད་ དུ་ ཅི་ གསུངས་ བཀའ་ སྒྲུབ་ གནང་ གི་ ཡིན་ ཟེར་ ནས་ འབོད་ ཚིག་ བསྒྲགས་ རྒྱུ་ ཙམ་ མ་ ཡིན་ པར། ཁོང་ གི་ དྲིན་ ལན་ འཇལ་ ཐབས་ ཉག་ གཅིག་ ནི་ མགོན་ པོ་ གང་ གི་ རིང་ ནས་ སྙིང་ ལ་ བརྣག་ པའི་ འདོད་ དོན་ དང་ ། གཞིས་ ལུས་ དད་ ལྡན་ མང་ ཚོགས་ ཀྱིས་ མིག་ འཐའ་ མཆི་ མས་ ཁེངས་ ནས་ རེ་ སྒུག་ གནང་ བཞིན་ པ་ ནི་ ལྷ་ ལྡན་ ཉི་ མའི་ གྲོང་ ནས་ གཞིས་ བྱེས་ གཉིས་ ལྷན་ འཛོམས་ གནང་ རྒྱུ་ འདི་ རང་ ཡིན་ སྟབས། ངེད་ ལྷན་ ཚོགས་ ཀྱི་ དབུས་ ས་ གཉིས་ ཀྱི་ ངོས་ ནས་ ཀྱང་ གོ་ སྐབས་ འདི་ བརྒྱུད་ ༼སང་ ལོ་ ལྷ་ ས་ ནས་ མཇལ་ ཡོང་ ༽ ཞེས་ པའི་ འགོ་ བརྗོད་ འོག་ དུས་ དྲན་ སྲུང་ བརྩི་ བྱས་ པ་ དང་ ཆབས་ ཅིག སང་ ལོ་ ལྷ་ ས་ ནས་ མཇལ་ ཡོང་ ཞེས་ པའི་ ཁ་ པར་ བརྡ་ གཏོང་ མཉེན་ ཆས་ དང་ དཔུང་ རྟགས། སྟབས་ བདེའི་ རྒྱབ་ ཁུག་ བཅས་ བཟོས་ ཡོད། ཅེས་ དང་ །
ཡང་
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།

