རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བཀྲ་ཤིས་ཚེ་རིང་ལགས་ལྷ་ས་རུ་སྐུ་གཤེགས།

2001-1ཕྱི་ཟླ་༡༢ པའི་ཚེས་༥ ཉིན་བོད་ཀྱི་ལོ་ཙྭ་བ་ཆེན་མོ་བཀྲ་ཤིས་ཚེ་རིང་ལགས་བོད་ཀྱི་རྒྱལ་ས་ལྷ་ས་རུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་གྲངས་༨༥ ལ་ཕེབས་ཡོད་པ་རེད།
ལོ་ཙྭ་བ་ཆེན་མོ་བཀྲ་ཤིས་ཚེ་རིང་ལགས་ནི་དེང་རབས་བོད་ཀྱི་ལོ་རྒྱུས་འཕོ་
འགྱུར་ཁྲོད་ཀྱི་བདེན་དཔང་མི་སྣ་ཞིག་ཏུ་གྱུར་ཡོད་པ་དང་། ཁོང་གིས་ཞལ་ནས་གསུངས་ཏེ་ཡིག་ཐོག་ཏུ་ཕབ་པའི་<<དེང་རབས་བོད་ཀྱི་ཆེད་དུ་འཐབ་རྩོད་>> 《The Struggle for Modern Tibet》 ཅེས་པ་དང་། <<བོད་ནི་ངའི་ཕ་ཁྱིམ་ཡིན་>> ཞེས་པ་བོད་རྒྱ་དབྱིན་གསུམ་དུ་བསྒྱུར་ཏེ་ཀུན་ལ་རྒྱུས་མངའ་ཡོད་པའི་དཔེ་དེབ་ཅིག་ཆགས་ཡོད། བཀྲ་ཤིས་ཚེ་རིང་ལགས་ནི་ད་དུང་བོད་རྒྱ་དབྱིན་གསུམ་ལ་བྱང་ཆུབ་པའི་ལོ་ཙྭ་བ་ཆེན་མོ་ཞིག་ཀྱང་ཡིན་ཞིང་། ཁོང་གིས་ལོ་མང་རིང་དཀའ་བ་སྤྱོད་དེ་བརྩམས་པའི་བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་ཆེན་མོ་ནི་ཤེས་ཡོན་པའི་སྡེ་དང་ཁ་འབྲལ་ཐབས་མེད་པའི་ཚིག་མཛོད་ཅིག་ཡིན།
དེ་ལས་ཀྱང་ཁོང་གི་མཛད་རྗེས་ཆེ་ཤོས་ཤིག་ནི་ཁོང་ཉིད་ཀྱི་དཀའ་སྤྱོད་འབད་འབུངས་ལ་བརྟེན་ནས། འདས་པའི་ལོ་བཅུ་ཕྲག་རིང་བོད་དབུས་གཙང་ཁུལ་དུ་སློབ་ཆུང་དང་། ཆེད་ལས་སློབ་གྲྭ་ཁག་བརྒྱ་གྲངས་ཤིག་གསར་འཛུགས་གནང་ཡོད་ཅིང་། དབུལ་ཕོངས་ཞིང་འབྲོག་མང་ཚོགས་ཀྱི་ཕྲུ་གུ་གྲངས་ལས་འདས་པ་ཞིག་ལ་རིན་མེད་ཐོག་ཤེས་ཡོན་སློབ་གསོའི་གོ་སྐབས་སྤྲོད་དེ། མི་ཧ་ཅང་མང་པོ་ཞིག་གི་མི་ཚེ་ཁ་ཕྱོགས་ལ་འགྱུར་ལྡོག་ཆེན་པོ་བཏང་ཡོད་པ་མ་ཟད། དེང་རབས་བོད་ཀྱི་སློབ་གསོའི་བྱ་གཞག་ཐད་གསུབ་ཏུ་མེད་པའི་བྱས་རྗེས་རླབས་པོ་ཆེ་བཞག་ཡོད།
བཀྲ་ཤིས་ཚེ་རིང་ལགས་ནི་བོད་དབུས་གཙང་གཞིས་རྩེའི་ས་ཁུལ་གྱི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐུ་འཁྲུངས་ཤིང་། བོད་དུ་དུས་འགྱུར་མ་བྱུང་སྔོན་བོད་གཞུང་བཀའ་ཤག་ནང་མའི་འཁྲབ་སྟོན་ཁང་གི་སློབ་མ་ཞིག་ཡིན། ཕྱི་ལོ་༡༩༥༤ ལོར་རྒྱ་གར་དུ་འབྱོར་པའི་རྗེས། ཨ་རིར་ཕེབས་ཏེ་ཝ་ཤིང་ཌོན་སློབ་གྲྭ་ཆེན་མོའི་ནང་སློབ་སྦྱོང་བྱས། ཕྱི་ལོ་༡༩༦༤ ལོར་བོད་དུ་ཕྱིར་ལོག་ཏེ་བོད་ལྗོངས་མི་རིགས་སློབ་གླིང་(རྙིང་པ) དུ་སློབ་སྦྱོང་བྱས། རིག་གསར་སྐབས་དམར་སྲུང་དམག་གི་མིང་ཐོག་ནས་མའོ་ཙེ་ཏུང་དང་མཇལ་འཕྲད་བྱས། དེའི་རྗེས་སུ་གསང་ཉུལ་བའི་ཉེས་མིང་འོག་ཕྱི་ལོ་༡༩༧༨ ལོའི་བར་བཙོན་འཇུག་བྱས། བཙོན་གྲོལ་ཐོབ་རྗེས་བོད་དུ་ཕྱིར་ལོག་ཏེ་<<བོད་རྒྱ་དབྱིན་གསུམ་ཤན་སྦྱར་ཚིག་མཛོད་>> རྩོམ་སྒྲིག་གནང་པ་དང་དུས་མཚུངས། སློབ་གྲྭ་གསར་འཛུགས་ཀྱི་ཆེད་དུ་མ་དངུལ་བསྡུ་རུབ་བྱས་ཏེ། རང་ཉིད་ཀྱི་ནུས་པར་བརྟེན་ནས་བོད་གཞིས་རྩེ་ས་ཁུལ་དུ་ཆེད་ལས་སློབ་གྲྭ་གཅིག་ཚུད་པའི་ཁྱོན་སློབ་གྲྭ་༦༥ གསར་འཛུགས་གནང་པ་སོགས། དམ་པ་ཁོང་གི་སྐུ་ཚེ་གང་བོར་བོད་མི་རིགས་དོན་དུ་དཀའ་སྤྱོད་འབད་བརྩོན་གནང་སྟེ། དེང་རབས་བོད་ཀྱི་ཤེས་ཡོན་སློབ་གསོའི་བྱ་གཞག་ཐད་བྱས་རྗེས་རླབས་པ་ཆེ་བཞག་གནང་ཡོད་པ་དང་། ཕྱི་ལོ་༢༠༡༤ ལོའི་ཟླ་༡༢ པའི་ཚེས་༥ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་རུ་སྐུ་གཤེགས་ཡོད་པ་རེད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།
བང་ཆེན་དྲ་བ་ནས།།