དེ་ རིང་ ཧོང་ ཀོང་ ཉེན་ རྟོག་ པས་ ཅིན་ ཀྲུང་ གཞུང་ སྒྲུབ་ ལྟེ་ གནས་ གཙང་ བཟོ་ བྱས་ ཏེ་ ལས་ འགུལ་ སྣེ་ ཁྲིད་ པ་ དང་ ཁྲིམས་ བཟོ་ ལྷན་ ཁང་ གི་ འཐུས་ མི་ སོགས་ བཙན་ ཁྲིད་ བྱས་ ཡོད་ འདུག
ཧོང་ ཀོང་ གཞུང་ གིས་ དེ་ རིང་ ཕྱི་ ཚེས་ ༡༡ ཉིན་ ཧོང་ ཀོང་ གཞུང་ སྒྲུབ་ ལྟེ་ གནས་ ཅིན་
ཡུལ་ དངོས་ གཙང་ བཟོ་ མ་ བྱས་ གོང་ སློབ་ ཕྲུག་ མཐུན་ ཚོགས་ ཀྱི་ དྲུང་ ཆེ་ ཀྲུའུ་ ཡཱོང་ ཁང་ གིས། ཉེན་ རྟོག་ པས་ འཛིན་ བཟུང་ བྱེད་ པའི་ ཉེན་ ཁ་ ཡོད་ ནའང་ ང་ ཚོ་ མུ་ མཐུད་ ཞི་ རྒོལ་ ས་ ཚིགས་ སུ་ བསྡད་ དེ། སྲིད་ གཞུང་ ལ་ ང་ ཚོ་ ཁྱེད་ ཅག་ གིས་ བཤད་ པ་ ལྟར་ དྲག་ སྤྱོད་ པ་ མིན་ ལ། ང་ ཚོས་ སོ་ སོའི་ བྱ་ སྤྱོད་ ལ་ འགན་ འཁུར་ གྱི་ ཡོད། ཅེས་ བརྗོད་ ཡོད་ པ་ མ་ ཟད། ཐེངས་ འདིའི་ ཞི་ རྒོལ་ ལས་ འགུལ་ རྣམ་ པ་ གཞན་ ཞིག་ གི་ ཐོག་ ནས་ མུ་ མཐུད་ དུ་ སྤེལ་ རྒྱུ་ ཡིན་ ལུགས་ བསྒྲགས་ ཡོད་ འདུག
འདི་ ལོའི་ ཕྱི་ ཟླ་ ༩ ཚེས་ ༢༨ ཉིན་ ཅིན་ ཀྲུང་ དུ་ སློབ་ མས་ གཙོས་ ཞི་ རྒོལ་ བ་ སྟོང་ ཕྲག་ མང་ པོ་ འདུ་ འཛོམས་ ཀྱིས་ ལས་ འགུལ་ མགོ་ འཛུགས་ བྱས་ ཡོད་ པ་ དང་ ། ཧོང་ ཀོང་ ཉེན་ རྟོག་ ཁང་ གིས་ ངོ་ རྒོལ་ བ་ ཕྱིར་ འབུད་ གཏོང་ བའི་ ལས་ འགུལ་ སྤེལ་ ཏེ་ ཕྱོགས་ གཉིས་ བར་ འཁྲུག་ འཛིང་ དང་ ཟིང་ ཆ་ ཐེངས་ མང་ བྱུང་ ཡོད་ འདུག ཉེན་ རྟོག་ པ་ ཞིག་ གིས་ བརྗོད་ པ་ ལྟར་ ན། ཧོང་ ཀོང་ ཆེས་ མཐོའི་ ཁྲིམས་ ཁང་ གིས་ གཏན་ འབེབས་ བྱས་ པའི་ གཙང་ བཟོའི་ བཀའ་ རྒྱ་ དེ། ཉེན་ རྟོག་ པས་ ས་ གནས་ སུ་ ཁྱབ་ བསྒྲགས་ བྱས་ ཡོད་ པ་ དང་ ། དེ་ ནས་ ཉེན་ རྟོག་ ཁང་ གིས་ ངོ་ རྒོལ་ བ་ ཚོ་ རང་ འགུལ་ གྱིས་ ཕྱིར་ ལོག་ དགོས་ པའི་ ཉེན་ བརྡ་ བཏང་ བ་ མ་ ཟད། ཞི་ རྒོལ་ ས་ ཚིགས་ སུ་ མི་ མང་ གསར་ དུ་ ཡོང་ བར་ བཀག་ སྡོམ་ བྱས་ རྗེས། ངོ་ རྒོལ་ བ་ ཚོ་ ཕྱིར་ འབུད་ གཏོང་ བའི་ གཙང་ བཟོའི་ ལས་ འགུལ་ སྤེལ་ ཡོད་ ལ། ཉི་ གདུགས་ གསར་ བརྗེ་ མགོ་ བཙུགས་ པ་ ནས་ ད་ ལྟའི་ བར་ ཁྱོན་ མི་ གྲངས་ ༦༥༥ འཛིན་ བཟུང་ བྱས་ ཡོད་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས་

