རྒྱ་
འདི་ ལོའི་ ཕྱི་ ཟླ་ ༡༡ ཚེས་ ༢༡ ནས་ ཟླ་ འདིའི་ ཕྱི་ ཚེས་ ༢༢ ཉིན་ བར་ རྒྱ་ ནག་ ཀང་ ཏུང་ ཞིང་ ཆེན་ ཉན་ ཀྲུའུ་ གྲོང་ ཁྱེར་ དུ་ ཚོགས་ བཞིན་ པའི་ རྒྱལ་ སྤྱིའི་ པར་
འགྲེམས་ སྟོན་ ཐོག་ བརྙན་ ལེན་ པ་ ཧོའུ་ ཀང་ ལགས་ ཀྱིས་ པར་ རིས་ དེ་ དག་ གི་ སྐོར་ ལ་ བརྗོད་ དོན། གནའ་ ནས་ ད་ ལྟའི་ བར་ སྔོ་ ལྗང་ རྩྭ་ ཡིས་ སའི་ གོ་ ལའི་ ཐོག་ གི་ ཚེ་ སྲོག་ ཡོད་ ཚད་ ལ་ སྐྱེས་ འཕེལ་ གྱི་ ནུས་ པ་ འདོན་ གྱི་ ཡོད་ པ་ དང་ ། ནང་ སོག་ རྩྭ་ ཐང་ ནི་ འཛམ་ གླིང་ ཐོག་ སྙན་ གྲགས་ ཆེ་ བའི་ ཧུའུ་ ལོན་ བྷིར་ དང་ ཧོར་ ཆིན། ཞི་ ལིན་ གྷོལ་ སོགས་ རྩྭ་ ཐང་ ཆེན་ མོ་ དྲུག་ གི་ ནང་ ནས་ གཅིག་ ཡིན་ ཞིང་ ། རྩྭ་ ཐང་ འདིས་ རྒྱ་ ནག་ གི་ མངའ་ ཁོངས་ ཀྱི་ བཅུ་ ཆ་ གཅིག་ ཙམ་ ཟིན་ ཡོད་ པ་ རེད། ཡིན་ ནའང་ ། འདས་ པའི་ ལོ་ འགའི་ ནང་ ནང་ སོག་ ས་ གནས་ སྲིད་ གཞུང་ གིས་ དཔལ་ འབྱོར་ འཕེལ་ རྒྱས་ དམིགས་ འབེན་ དུ་ བཟུང་ སྟེ། མཐའ་ ཡས་ པའི་ རྩྭ་ ཐང་ འདིའི་ ཐོག་ ནས་ རྡོ་ སོལ་ སྔོག་ འདོན་ དང་ སོལ་ གློག་ ལྟེ་ གནས་ ཁང་ སོགས་ གསར་ འཛུགས་ བྱས་ པའི་ རྐྱེན་ གྱིས། ཁོར་ ཡུག་ ལ་ འབག་ བཙོག་ ཚབས་ ཆེན་ ཐེབས་ ནས་ ནོར་ ལུག་ མང་ པོར་ འཆི་ སྐྱོན་ ཐེབས་ པ་ དང་ ། འབྲོག་ མང་ རྣམས་ བཙན་ གྱིས་ གནས་ སྤོ་ རུ་ བཅུག་ སྟེ། མཛེས་ པའི་ རྩྭ་ ཐང་ འདི་ འཕྲལ་ མར་ ཁྱུར་ མིད་ གཏོང་ བཞིན་ ཡོད་ པ་ རེད། ཅེས་ བརྗོད་ འདུག




གསར་ འགོད་ པ། པདྨ་ མཚོ། དུས་བབ་དྲ་ནས།།
