ཁ་ སང་ པ་ ཀི་ སི་ གཞུང་ གིས་ མ་ འོངས་ པའི་ བདུན་ ཕྲག་ གཉིས་ གསུམ་ ནང་ ད་ ལྟ་ འཛིན་ བཟུང་ འོག་ ཡོད་ པའི་ ཏ་ ལི་ བྷན་ དྲག་ སྤྱོད་ པ་ ༥༠༠ ཙམ་ སྲོག་ ཐོག་ གཏོང་ རྒྱུའི་ ཐག་ གཅོད་ བྱས་ འདུག
ཁ་ སང་ པ་ ཀི་ སི་ ཐན་ གྱི་ སྲིད་ བློན་ ནཱ་ ཝ་ སེ་ ཤཱ་ རེབ་ ཀྱིས་ སྲིད་ བློན་ ལས་ ཁུངས་ ནང་ ཆུ་ ཚོད་ བཞིའི་ རིང་ ཏ་ ལི་ བྷན་ དྲག་ སྤྱོད་ ཤོག་ ཁག་ སྐོར་ ལ་ ཚོགས་ འདུ་ ཞིག་ ཚོགས་ ཏེ། སྔོན་ པ་ ཀི་ སི་ ཐན་ སྲིད་ གཞུང་ གིས་ ཉེས་ ཅན་ པར་ ལོ་ དྲུག་ རིང་ སྲོག་ ཐོག་ གཏོང་
འདིའི་ ཐད་ པ་ ཀི་ སི་ ཐན་ གྱི་ སྲིད་ བློན་ ནཱ་ ཝ་ སེ་ ཤཱ་ རེབ་ ཀྱིས་ བྷི་ བྷི་ སི་ གསར་ འགོད་ པ། “པ་ ཀི་ སི་ ཐན་ གཞུང་ གིས་ འཇིགས་ སྐུལ་ རིང་ ལུགས་ པ་ དང་ ཁོ་ ཚོར་ མཐུན་ རྐྱེན་ སྦྱོར་ མཁན་ དག་ གཅིག་ མཚུངས་ ཡིན་ པར་ ངོས་ འཛིན་ བྱེད་ བཞིན་ ཡོད་ སྟབས་ ང་ ཚོས་ ཐར་ པར་ གཏོང་ གི་ མ་ རེད། ང་ ཚོའི་ རྒྱལ་ ཁབ་ ནང་ འཇིགས་ སྐུལ་ རིང་ ལུགས་ པ་ དང་ ཆོས་ ལུགས་ ཕྱོགས་ རིས་ ནི་ སྐྲན་ ནད་ ལྟར་ ཆགས་ ཡོད་ པར་ བརྟེན། ད་ ལྟ་ ང་ ཚོས་ དེ་ ཚོ་ རྩ་ མེད་ བཟོ་ རྒྱུའི་ དུས་ ལ་ བབ་ ཡོད་ སྟབས། ཧཱ་ ཛཱ་ ར་ གྲོང་ རྡལ་ དང་ པེ་ ཤཱ་ ཝ་ (Peshawar) གྲོང་ ཁྱེར་ གཙོས་ པ་ ཀི་ སི་ ཐན་ གྱི་ ས་ ཁུལ་ དང་ གྲོང་ ཁྱེར་ ཁག་ ལ་ གཏོར་ རྒོལ་ གཏོང་ མཁན་ གྱི་ དྲག་ སྤྱོད་ པར་ དམག་ དྲངས་ ནས་ གཏོར་ ཕམ་ གཏོང་ རྒྱུ་ ཡིན”ཞེས་ བརྗོད་ འདུག
པ་ ཀི་ སི་ ཐན་ གྱི་ ནང་ སྲིད་ བློན་ ཆེན་ ཎི་ སཱར་ ཨ་ ལི་ ཁང་ (Nisar Ali Khan)གིས་ ཧྥ་ རན་ སིའི་ གསར་ ལམ་ (AFP) ཞེས་ པའི་ ཐོག་ བརྗོད་ དོན། “ཉེ་ ཆར་ པ་ ཀི་ སི་ ཐན་ སྲིད་ འཛིན་ གྱིས་ པ་ ཀི་ སི་ ཐན་ དམག་ མིས་ འཇུ་ བཟུང་ བྱས་ པའི་ འཇིགས་ སྐུལ་ རིང་ ལུགས་ པ་ དག་ ལ་ སྲོག་ ཁྲིམས་ གཅོད་ མི་ དགོས་ པའི་ སྲོག་ སྐྱོབ་ སྙན་ ཞུར་ (mercy petition) མིང་ རྟགས་ བཀོད་ མེད་ སྟབས། ང་ ཚོས་ ཡོང་ རྒྱུ་ བསྡད་ པའི་ བདུན་ ཕྲག་ གཉིས་ གསུམ་ ནང་ དྲག་ སྤྱོད་ པ་ ༥༠༠ ཙམ་ སྲོག་ ཐོག་ གཏོང་ རྒྱུ་ ཡིན”ཞེས་ བརྗོད་ འདུག
ཟླ་ འདིའི་ ཚེས་ ༡༦ ཉིན་ ཏ་ ལི་ བྷན་ དྲག་ སྤྱོད་ ཤོག་ ཁག་ གིས་ པེ་ ཤཱ་ ཝ་ གྲོང་ ཁྱེར་ གྱི་ དམག་ མིའི་ སློབ་ གྲྭ་ ཞིག་ ལ་ འཇབ་ རྒོལ་ བྱས་ ཏེ་ སློབ་ ཕྲུག་ ༡༣༣ དང་ ལས་ བྱེད་ ༡༠། དམག་ མི་ ༣ བཅས་ ཁྱོན་ མི་ ༡༤༦ དམར་ གསོད་ དང་ ། སློབ་ ཕྲུག་ ༡༠༠ ལྷག་ ལ་ རྨས་ སྐྱོན་ བཏང་ ཡོད་ པ་ མ་ ཟད། ཉིན་ ཤས་ གོང་ འཇིགས་ སྐུལ་ བ་ ཚོས་ སླར་ ཡང་ སློབ་ གྲྭ་ ཁག་ ཅིག་ ལ་ འཇབ་ རྒོལ་ བྱེད་ གྲབས་ པ་ ཀི་ སིན་ ཐན་ གྱི་ ཉེན་ རྟོག་ པས་ ཏ་ ལི་ བྷན་ དྲག་ སྤྱོད་ པ་ དྲུག་ དང་ བུད་ མེད་ ཅིག་ འཇུ་ བཟུང་ བྱས་ ཡོད་ འདུག
པ་
ཁ་ སང་ པ་ ཀི་ སི་ ཐན་ སྲིད་ བློན་ གྱིས་ དྲག་ སྤྱོད་ པ་ ༥༠༠ སྲོག་ ཐོག་ གཏོང་ རྒྱུ་ དང་ ། པེ་ ཤཱ་ ཝ་ གྲོང་ རྡལ་ གྱི་ དམག་ མིའི་ སློབ་ གྲྭར་ འཇབ་ རྒོལ་ བྱེད་ མཁན་ བྱེད་ གཏེ་ གཙོ་ བོ་ ཨུ་ མར་ མན་ སུར་ (Umar Mansoor) གཙོས་ པ་ ཀི་ སི་ ཐན་ གྱི་ ས་ ཁུལ་ དང་ གྲོང་ ཁྱེར། བྱང་ ཝ་ ཛེ་ རེ་ སི་ ཐན་ བཅས་ ནང་ ཡོད་ པའི་ འཇིགས་ སྐུལ་ པ་ ཚོར་ དམག་ དྲངས་ ནས་ རྩ་ མེད་ བཟོ་ རྒྱུ་ ཡིན་ སྐོར་ བསྒྲགས་ འདུག
ཟླ་
ཁ་ སང་ རྒྱལ་ སྤྱིའི་ ཉེས་ ཡངས་ ཚོགས་ པས་ བྷི་ བྷི་ སི་ ཐོག་ བརྗོད་ དོན། པ་ ཀི་ སི་ ཐན་ གཞུང་ གིས་ མི་ ༥༠༠ ཙམ་ སྲོག་ ཐོག་ གཏོང་ རྒྱུ་ ཕྱིར་ བསྒྲགས་ བྱས་ པ་ དེས། ཏ་ ལི་ བྷན་ རྩ་ མེད་ གཏོང་ རྒྱུའི་ ཚབ་ ལ་ ཁོང་ ཁྲོ་ མང་ བ་ སློང་ སྲིད་ པ་ ཞིག་ ཡིན་ སྟབས། ཁོང་ ཚོ་ སྲོག་ ཐོག་ གཏང་ ན་ མ་ འོངས་ པར་ མང་ ཚོགས་ ཀྱི་ བདེ་ འཇགས་ ལ་ སྔར་ ལས་ ཉེན་ ཁ་ ཆེ་ བ་ ཡོང་ སྲིད་ པ་ དང་ ། པ་ ཀི་ སི་ ཐན་ གྱི་ (Justice Project Pakistan) ཞེས་ པའི་ འགྲོ་ བ་ མིའི་ ཐོབ་ ཐང་ ཚོགས་ པའི་ ཚོགས་ གཙོ་ སཱ་ ར་ བྷེ་ ལཱ་ (Sarah Belal) ཡིས་ པ་ ཀི་ སི་ ཐན་ གཞུང་ གིས་ སྲོག་ ཐོག་ གཏོང་ འཆར་ ཡོད་ པའི་ མི་ དེ་ དག་ ཁྲོད་ ནས་ བརྒྱ་ ཆ་ ༨༠ ཙམ་ གྱི་ དྲག་ སྤྱོད་ ལས་ འགུལ་ སྤེལ་ མྱོང་ མེད་ སྟབས། གཞུང་ ངོས་ ནས་ ཉེས་ ཆད་ དེ་ འདྲ་ མང་ པོ་ ཞིག་ གི་ སྲོག་ གཅོད་ བཞིན་ ཡོད་ པ་ ནི་ འགྲོ་ བ་ མིའི་ ཐོབ་ ཐང་ རྡོག་ རོལ་ བཏང་ བ་ ཞིག་ རེད་ ཅེས་ བརྗོད་ འདུག
པ་ ཀི་ སི་ ཐན་ ནི་ འཛམ་ གླིང་ ཐོག་ སྲོག་ ཁྲིམས་ གཅོད་ མཁན་ མང་ ཤོས་ ཡིན་ པ་ མ་ ཟད་ ད་ ལྟ་ མི་ ༨༠༠༠ ཙམ་ སྲོག་ ཁྲིམས་ གཅོད་ རྒྱུ་ ལྷག་ ཡོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།

