རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

སྲིད་སྐྱོང་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༤ ནས་ ༢༡ བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལྡི་ལིར་བོད་དང་ཧི་མཱ་ལ་ཡའི་དུས་སྟོན་ཚོགས་བཞིན་པ་དེའི་མཇུག་བསྡོམས་མཛད་སྒོར་གསུང་བཤད་དང་། གནད་ཡོད་མི་སྣ་ཁག་མཇལ་འཕྲད་གནང་རྒྱུ། གྷོ་བར་ (Goa) རྒྱ་གར་ཉམས་ཞིབ་བསྟི་གནས་ཁང་ (india Foundation) གིས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ལྷན་ཚོགས་
(India Ideas Conclave) ཞེས་པར་མཉམ་ཞུགས་དང་གསུང་བཤད་གནང་རྒྱུའི་ཆེད་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༢ ནས་ ༢༧ བར་ཨི་ཛི་ར་ཡིལ་ (Isreal) དུ་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་གནང་བའི་ཚོགས་འདུ་ཁག་ཏུ་ཕེབས་ཞུགས་དང་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་རྒྱུ། ཕྱི་ཚེས་ ༢༨ ནས་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་ཆགས་སུ་ན་གཞོན་ནུས་འཕེལ་ལས་གཞིའི་ (Empowering the Vision) ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་གསུང་བཤད་དང་ས་གནས་མང་ཚོགས་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གསུང་བཤད་གནང་རྒྱུ་སོགས་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག  བོད་མིའི་སྒྲིག་འཛུགས་དྲ་བ་ནས།།