ཉེ་ སྔོན་ བོད་ རང་ སྐྱོང་ ལྗོངས་ སྒྲིག་ ཁྲིམས་ ཞིབ་ བཤེར་ ལྷན་ ཁང་ གིས་ བོད་ རིགས་ མགོ་ ཁྲིད་ ཁག་ ཅིག་ གིས་ ལྐོག་ ཟ་ བྱས་ པའི་ ནག་ ཉེས་ ཕྱིར་ བསྒྲགས་ བྱས་ འདུག
རྒྱ་ ནག་ ཤིན་ ཧྭ་ གསར་ ཁང་ གིས་ གནས་ ཚུལ་ སྤེལ་ བ་ ལྟར་ ན། བོད་ རང་ སྐྱོང་ ལྗོངས་ སྒྲིག་ ཁྲིམས་ ཞིབ་ བཤེར་ ལྷན་ ཁང་ གིས་ ཟླ་ འདིའི་ ཕྱི་ ཚེས་ ༥ ཉིན་ བོད་ རིགས་ མགོ་
ཡང་ ནག་ ཆུ་ རྫོང་ སྟག་ གསར་ ཤང་ ཏང་ གི་ མགོ་ ཁྲིད་ ཟུར་ པ་ པ་ མཚམས་ ཟེར་ བ་ དེས། སྟག་ གསར་ ཤང་ བདེ་ སྡོད་ ལས་ གྲྭའི་ སྤྱིའི་ དངུལ་ ཁྲི་ ༡༠༨།༦༣ གཞུང་ དོན་ འགྲོ་ གྲོན་ དུ་ བཏང་ བ་ དང་ ། ལས་ གྲྭ་ དེའི་ སྤྱི་ དངུལ་ དང་ ཕྱུགས་ ཟོག་ བཤས་ གཏོང་ རོགས་ དངུལ་ སྒོར་ ཁྲི་ ༩༦ ལྷག་ སྒེར་ གྱིས་ བེད་ སྤྱོད་ བཏང་ བ་ དང་ ། དེ་ སྔོན་ ཁོ་ བོས་ ནག་ ཆུ་ རྫོང་ ཁོར་ ཡུག་ སྲུང་ སྐྱོང་ ཁང་ གི་ མགོ་ ཁྲིད་ ཀྱི་ འགན་ འཁུར་ སྐབས། ཁོར་ ཡུག་ གཙང་ བཟོ་ དང་ འབྲེལ་ བའི་ འགྲོ་ གྲོན་ རྒྱ་ སྒོར་ ཁྲི་ ༩ བཅས་ སྒེར་ སྤྱོད་ བྱས་ ཡོད་ སྟབས། ཁོ་ བོ་ ཏང་ ནས་ ཕྱིར་ འབུད་ བཏང་ སྟེ་ ཁྲིམས་ འཛིན་ ལས་ ཁུངས་ ལ་ ཁྲིམས་ ལྟར་ ཐག་ གཅོད་ བྱེད་ པར་ རྩིས་ སྤྲད་ ཡོད་ སྐོར་ བརྗོད་ འདུག
གཞན་ ཡང་ ། ཉིང་ ཁྲི་ ས་ ཁུལ་ ཏང་ གི་ སློབ་ གྲྭའི་ ཚན་ རིག་ ཞིབ་ འཇུག་ སྡེ་ ཚན་ གྱི་ མགོ་ ཁྲིད་ ཟུར་ པ་ ལུའེ་ ཅིན་ ཧའེ་ ཟེར་ བ་ ཞིག་ གིས། ས་ གནས་ ཀྱི་ རྨང་ བརྟན་ དམངས་ ཕན་ གྱི་ མ་ དངུལ་ ལྐོག་ ཟ་ བྱས་ པར་ བརྟེན་ ལས་ གནས་ ནས་ གནས་ དབྱུང་ བཏང་ ཞིང་ ། ཏང་ ནང་ ནས་ ལྟ་ ཞིབ་ ལོ་ གཅིག་ བྱ་ རྒྱུ་ དང་ ། ཡང་ མེ་ ཏོག་ རྫོང་ འབྲས་ སྤུངས་ ཤང་ གི་ རྒྱུ་ ནོར་ དང་ འབྲུ་ རིགས་ ཉི་ མ་ དོན་ གྲུབ་ དང་ ། རིན་ སྤུངས་ རྫོང་ འཕྲོད་ བསྟེན་ ཁང་ གི་ ལས་ བྱེད་ རྡོ་ རྗེ་ ཐར་ ཟེར་ བ་ གཉིས་ ཀྱིས་ ལྐོག་ ཟ་ བྱས་ པའི་ དོགས་ ཡོད་ ཀྱི་ ཉེས་ དོན་ ཞིག་ ལ་ མུ་ མཐུད་ ཞིབ་ བཤེར་ བྱེད་ བཞིན་ ཡོད་ ལུགས་ བསྒྲགས་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།

