རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཧུ་ཅིན་ཐའོ་ཡི་དྲུང་ཡིག་ཟུར་པ་ལིན་ཅི་ཧྤ་ལ་ཞིབ་བཤེར།

wm_0db7284a0ec975ed7015a94d5d2daa43རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་ཟླ་འདིའི་ཕྱི་ཚེས་༢༢ ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགན་འཛིན་ལིན་ཅི་ཧྥ་ཚབས་ཆེའི་སྒྲིག་འགལ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག ད་ལྟ་དངོས་སུ་དམར་ཤོག་སྒྲིག་འཛུགས་ཀྱི་ཞིབ་བཤེར་དང་ལེན་བྱེད་བཞིན་ཡོད་འདུག

ལིན་ཅི་ཧྥ་ཡིས་དུས་ཡུན་རིང་པོར་རྒྱ་ནག་གི་སྐབས་སྔོན་པའི་འགོ་ཁྲིད་ཧུ་ཅིན་ཐའོ་ཡི་དྲུང་ཡིག་ཆེན་མོའི་འགན་ཁུར་མྱོང་བ་དང་། ཁོང་དང་ཧུ་ཅིན་ཐའོ་གཅིག་མཚུངས་ལྟར་རྒྱ་ནག་དམར་ཤོག་གཞོན་ནུའི་རུ་ཁག་ནས་ཡར་སླེབས་པ་ཞིག་ཡིན་སྟབས། ཧུ་ཅིན་ཐའོ་ཡིས་ཧ་ཅང་མཐོང་ཆེན་བྱས་མྱོང་ཡོད་པ་རེད།
འོན་ཀྱང་། ཕྱི་ལོ་༢༠༡༢ ལོའི་ཟླ་༣ པའི་ནང་ཁོང་གི་བུ་ལིན་གུ་ཧྥ་ར་རི་འགྲིམ་འགྲུལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་སོང་བའི་རྗེས། ལིན་ཅི་ཧྥ་ཡིས་རྒྱ་ནག་དམར་ཤོག་དབུས་གཞུང་སྒྲུབ་ལས་ཁུངས་ཀྱི་སྐུ་སྲུང་དམག་མི་མངགས་ཏེ། འགྲིམ་འགྲུལ་དོན་རྐྱེན་བྱུང་སའི་ཡུལ་དངོས་བཀག་སྡོམ་བྱས་པའི་རྐྱེན་གྱིས། བརྒྱུད་ལམ་ཁག་ཏུ་དེའི་སྐོར་གླེང་སློང་དང་སྐྱོན་བརྗོད་བྱེད་མཁན་ཧ་ཅང་མང་པོ་བྱུང་ཡོད་པ་མ་ཟད། ཐ་ན་དབུས་གཞུང་ཡང་དེའི་ཐད་མ་དགའ་བ་ཆེན་པོ་བྱུང་སྟེ། ལིན་ཅི་ཧྥ་ཡི་དཔོན་ལམ་ལ་བར་ཆད་ཆེན་པོ་བྱུང་ཡོད།
ལིན་ཅི་ཧྥ་ཡིས་ཧུ་ཅིན་ཐའོ་དུས་སྐབས་སུ་རྒྱ་ནག་དམར་ཤོག་དབུས་གཞུང་སྒྲུབ་ལས་ཁུངས་ཀྱི་གཙོ་འགན་ཁུར་ཏེ། ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཐོག་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་འོས་མི་རེ་བ་ཆེ་ཤོས་ཤིག་ལ་གཅིག་གྱུར་གྱིས་ངོས་འཛིན་བྱས་མྱོང་ཡོད་ཀྱང་། རྗེས་སུ་དབུས་ཆབ་སྲིད་ཨུ་ཡོན་ལྷན་ཁང་གི་ཚོགས་མི་(ཨུ་ཡོན) ཙམ་ལ་འདེམས་ཐོན་བྱུང་བ་དང་དུས་མཚུངས། རྒྱ་ནག་དམར་ཤོག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགན་འཛིན་དང་། སྔར་གྱི་ལུགས་སྲོལ་ལྟར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ་གཞོན་པ་གཅིག་ལྕོགས་ཀྱི་འགན་ཁུར་ཏེ། རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲས་སུ་ཚུད་ཀྱང་། དམར་ཤོག་ནང་ཁུལ་གྱི་གོ་གནས་སྔར་ལྟར་མཐོ་པོ་མེད་པར་གྱུར།
ཉེ་བའི་ལོ་གཉིས་ཙམ་གྱི་རིང་། ལིན་ཅི་ཧྥ་དང་འབྲེལ་བའི་དཀྲོག་གཏམ་ཡང་རྒྱུན་ཆད་མེད་པར་ཕྱིར་ཁྱབ་ཡོད་ཅིང་། དེའི་ཁྲོད་དུ་ཁྲིམས་ཞིབ་ཚན་པར་རྩིས་སྤྲོད་བྱས་ཟིན་པའི་ཀྲུའུ་ཡོང་ཁང་དང་། ད་ལྟ་དངོས་སུ་བཙོན་འོག་ཏུ་ཡོད་པའི་པའོ་ཞི་ལེ་གཉིས་དང་འབྲེལ་བ་གཏིང་ཟབ་ཡོད་སྐོར་སོགས་བཤད་ཡམས་སྣ་ཚོགས་བྱུང་ཡོད།
འདི་ལོའི་ཕྱི་ཟླ་༧ པའི་ནང་། ལིན་ཅི་ཧྥ་ཡི་གཅེན་པོ་ཡིན་པའི་ཧྲན་ཞི་ཞིང་ཆེན་སྲིད་གྲོས་ཀྱི་ཚོགས་གཙོ་གཞོན་པ་ལིན་ཀྲན་ཚི་ཧྲན་ཞི་སྲིད་གྲོས་རྒྱུན་ལས་ལྷན་ཚོགས་ཀྱི་ཐག་གཅོད་འོག ཚོགས་གཙོ་གཞོན་པའི་གོ་གནས་ལས་ཕབ་པ་དང་། ཕྱི་ཟླ་༦ པའི་ཚེས་༡༩ ཉིན། རྒྱ་ནག་དབུས་སྒྲིག་བཤེར་ལྷན་ཁང་གིས་གསལ་བསྒྲགས་སྤེལ་ཏེ། ལིན་ཀྲན་ཚི་ཚབས་ཆེའི་སྒྲིག་འགལ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག དམར་ཤོག་སྒྲིག་འཛུགས་ཀྱི་ཞིབ་བཤེར་དང་ལེན་བྱེད་བཞིན་ཡོད་སྐོར་བརྗོད་ཡོད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།
བང་ཆེན་དྲ་བ་ནས།།