རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བོད་ལྗོངས་ནས་རྐྱང་དམར་གསོད་བྱས་པའི་གྱོད་དོན་དེ་འདྲི་ཞིབ་རིམ་པ་དང་པོ་བརྒྱུད་འདུག

སྐབས་དེར་སྐད་འཕྲིན་གྱི་ཚོམས་སུ་སྤེལ་བ་ནི་ངོམས་སོའི་ཆེད་ཡིན།  ད་ང་ཚོ་ནོར་སོང་བ་ཤེས་ཡོད། ཉེ་ཆར་རྒྱལ་ཡོངས་དྲ་དམངས་ཀྱིས་དོ་སྣང་བྱ་ཡུལ་དུ་གྱུར་བའི་ཞུ་སྦྱོར་ཕྱི་མ་བ་ཁྲིན་དང་ལི་གཉིས་ཀྱིས་རྩ་ཆེ་ཞིང་རིགས་དཀོན་པའི་རི་སྐྱེས་སྲོག་ཆགས་རྔོན་གསོད་བྱས་བའི་ཁྲིམས་འགལ་བྱ་སྤྱོད་སྙན་གསེང་ཞུས་འདུག  འདྲི་གཅོད་རིམ་པ་དང་པོ་དེ་བོད་རང་སྐྱོང་ལྗོངས་མངའ་རིས་
རྩྭ་མདའ་རྫོང་མི་དམངས་ཁྲིམས་ཁང་དུ་ཁྲིམས་སར་འཚོགས་ནས་འདྲི་ཞིབ་བྱས་ཡོད་ལ།   ཞུ་སྦྱོར་ཕྱི་མ་བ་ཁྲིན་དང་ལི་གཉིས་ཀྱིས་ཁྲིམས་འགལ་བྱ་སྤྱོད་ལ་རྫུན་གསང་མེད་པར་ངོས་ལེན་བྱས་ཡོད་པར་མ་ཟད།   ཁྲིམས་ཁང་དུ་མིག་ནས་མཆི་མ་འདོན་ཞོར་ཀུན་ལ་དགོངས་དག་ཞུས་འདུག
ཁྲིམས་སྲོལ་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པས་ཉེ་ཆར་བོད་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དུ་རྒྱུས་ལོན་བྱུང་བ་ལྟར་ན།   གྱོད་དོན་འདིས་སྤྱི་ཚོགས་ཐོག་གླེང་བརྗོད་ཆེན་པོ་ཞིག་བསླངས་མྱོང་ཡོད་རྐྱེན། རྩ་མདའ་རྫོང་་མི་དམངས་ཁྲིམས་ཁང་གི་ཨུ་ལྷན་ཁྲིམས་སར་ཚོགས་འདུ་བརྒྱུད་ནས་གྲོས་མོལ་ཐེངས་གཉིས་ལ་བྱས་ཟིན་པ་དང་།  ཉེ་ལམ་ད་རུང་ཡང་འདྲི་གཅོད་ཨུ་ཡོན་ལྷན་ཁང་བརྒྱུད་དགོས་པ་རེད།   ཁྲིམས་ཁང་གིས་སྤྱི་ཚོགས་ཀྱི་ཤུགས་རྐྱེན་དང་སྐྱོན་ངོས་ལེན་གྱི་རྣམ་འགྱུར་སོགས་རྒྱུ་རྐྱེན་ཅི་རིགས་ལ་ཕྱོགས་ཡོངས་ནས་ལྟ་ངེས་ཡིན་ལ།   ཁྲིམས་བཅད་པའི་མཇུག་འབྲས་དུས་ལྟར་དྲིལ་བསྒྲགས་བྱ་རྒྱུ་ཡིན།
རྩྭ་མདའ་རྫོང་མི་དམངས་ཁྲིམས་ཁང་གིས་ཐེར་འདོན་བྱས་པར་གཞིགས་ན་ཞུ་སྦྱོར་ཕྱི་མ་བ་ཁྲིན་དང་ལི་གཉིས་སྤྱི་ཟླ ༨ པའི་ཚེས ༩ ཉིན་རྩྭ་མདའ་རྫོང་གི་ཆུ་གསུམ་ཤང་ནས་ཕྱིར་རྩྭ་མདའ་རྫོང་མཁར་དུ་འགྲོ་བའི་ལམ་ཁར་རྐྱང་ཁྱུ་གཅིག་འཕྲལ་རླངས་འཁོར་བསྐོར་ནས་དེའི་ནང་གི་རྐྱང་གཅིག་བདའ་བ་དང་། རྗེས་ཆོད་མ་ཐག་རླངས་འཁོར་གྱིས་རྡུང་ཁ་ཐེངས་གཉིས་བརྒྱབ་མཐར་རྐྱང་ས་ལ་བསྒྱེལ་པ་དང་།   དེ་མ་ཐག་ཁྲིན་རླངས་འཁོར་ལས་ཐོན་ཏེ་གྲི་ཡིས་བསྣུན་ནས་རྐྱང་བསད་པ་མ་ཟད།   རྐྱང་གི་མཚན་མའང་བཅད་པ་རེད།   དེ་རྗེས་ཁོ་གཉིས་ཀྱིས་རྐྱང་ཤ་དེ་རྫོང་མཁར་དུ་ཁྱེར་ནས་ཨར་གྲྭའི་ལས་མི་ཚོར་ལྟོ་རུ་བགོས་ཡོད་པ་རེད།  ཞུ་སྦྱོར་ཕྱི་མ་བ་ཁྲིན་གྱིས་རྐྱང་གི་རྔ་མ་ཡར་བཀྱགས་ནས་ཁྲག་འཛར་དུ་འཇུག་དུས་ཞུ་སྦྱོར་ཕྱི་མ་བ་ལི་ཡིས་པར་བརྒྱབ་པ་དང་།  དེ་རྗེས་ཁྲིན་གྱིས་དེ་སྐད་འཕྲིན་དུ་སྤེལ་བས་དྲ་ལམ་ནས་གང་སར་ཁྱབ་ཏེ་ཀུན་གྱི་སྡུག་དམོད་དང་སུན་འབྱིན་བྱས་པ་རེད། ཞུ་སྦྱོར་ཕྱི་མ་བ་གཉིས་པོས་སྤྱི་ཚོགས་ཀྱི་གནོན་ཤུགས་དེ་དག་འོག་སྡོད་མ་བཟོད་པར་སྤྱི་ཟླ ༨ པའི་ཚེས ༡༡ ཉིན་རང་འགུལ་ངང་གྱོད་དོན་ཡར་ཞུ་ཞུས་ཡོད་པ་རེད།
ཁྲིམས་སར་འདྲི་གཅོད་བྱེད་སྐབས།   སྤྱི་གཏུག་པས་བོད་རང་སྐྱོང་ལྗོངས་ནགས་ལས་བརྟག་ཞིབ་དང་འཆར་འགོད་ཞིབ་འཇུག་ཡོན་གྱི་ཁྲིམས་འཛིན་དབྱེ་འབྱེད་ལྟེ་གནས་དང་ཀྲུང་གོ་ཚན་རིག་ཡོན་ཤིན་ཅང་འབྱུང་ཁམས་དང་ས་རྒྱུས་ཞིབ་འཇུག་སའོ་གཉིས་ཁག་སོ་སོ་ནས་བཏོན་པའི་དབྱེ་འབྱེད་བསམ་འཆར་ཁྲིམས་ཁང་ལ་སྤྲད་དེ།   ཞུ་སྦྱོར་ཕྱི་མ་བ་ཁྲིན་དང་ལི་ཡིས་བསད་པ་དེ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རྐྱང་ཡིན་པ་དང་།  ཞུ་སྦྱོར་ཕྱི་མ་བ་ཁྲིན་གྱིས་དྲ་ཐོག་ཏུ་སྤེལ་བའི་པར་ངོས་སུ་མཐོང་བ་དེ་རྐྱང་གི་ཤི་རོ་ཡིན་པ་ར་སྤྲོད་བྱས་ཡོད་པ་རེད།   ལས་ཡུལ་དངོས་ལ་བརྟག་ཞིབ་བྱས་པའི་ཟིན་ཐོ་དང་ངོ་རྟགས་རྩད་བཅད་པའི་ཟིན་ཐོ།  དཔང་མིའི་དཔང་ཚིག  ཞུ་སྦྱོར་ཕྱི་མ་བའི་ཞུ་ཚིག་དང་གསལ་བཤད་བཅས་བཏོན་གནང་བ་དང་།   སྤྱི་གཏུག་པས་རྩྭ་མདའ་རྫོང་ནགས་ལས་ཅུད་ཀྱི་ལས་བྱེད་མི་སྣ་དང་མངའ་རིས་ས་ཁུལ་གྱི་ནགས་ཚལ་བདེ་འཇགས་ཅུད་ཀྱི་མི་དམངས་ཉེན་རྟོག་པར་ཁྲིམས་སར་ཡོང་ནས་བདེན་དཔང་བྱ་རྒྱུར་ཡར་ཞུ་ཞུས་ནས་ཞུ་སྦྱོར་ཕྱི་མ་བ་ཁྲིན་དང་ལི་ཡི་ངོས་ལེན་གནས་ཚུལ་ལ་ར་སྤྲོད་གནང་ཡོད་པ་རེད།
རྒྱུས་ལོན་བྱས་པར་གཞིགས་ན།   ཁྲིན་ནི་བོད་ལྗོངས་ཀཱར་དབྱིན་ཁྲེན་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་ལས་མི་ཡིན་པ་དང་།  ལི་ནི་ཧྲན་ཤི་ཞིང་ཆེན་ཐེན་ཡུའུ་གློག་ཤུགས་ཀུང་སིའི་ལས་མི་ཡིན་ལ། ཁོ་གཉིས་ནི་ཀུང་སི་འདི་གཉིས་ཀའི་རྩྭ་མདའ་རྫོང་དུ་ཡོད་པའི་བཟོ་བཀོད་རྣམ་གྲངས་ཀྱི་འགན་ཁུར་བ་རེད།           རྩོམ་པ་པོ།  གུ་དྲག
བོད་ལྗོངས་དྲ་བ་ནས་བླངས།
རྩོམ་འགན་པ། སྒྲོལ་ཚེ།