ཁ་ སང་ པ་ ཀི་ སི་ ཐན་ གྱི་ དམག་ མིའི་ སློབ་ གྲྭ་ ཞིག་ ནང་ འཇིགས་ སྐུལ་ པ་ འགས་ འཇབ་ རྒོལ་ བྱས་ ཏེ་ སློབ་ ཕྲུག་ ༡༣༢ དམར་ གསོད་ བཏང་ ཡོད་ འདུག
ཁ་ སང་ ཕྱི་ ཚེས་ ༡༦ ཉིན་ གྱི་ སྔ་ དྲོའི་ ཆུ་ ཚོད་ ༡༠ ཡས་ མས་ ལ་ པ་ ཀི་ སི་ ཐན་ ནང་ རྟེན་ གཞིས་ བྱས་ པའི་ ཐ་ ལི་ བྷན་ འཇིགས་ སྐུལ་ ཚོགས་ པའི་ ཚོགས་ མི་ དགུ་ ཡིས་ ལུས་ སྟེང་ དུ་ འབར་ རྫས་ དང་ མཚོན་ ཆ་ བཟུང་ སྟེ་ པ་ ཀི་ སི་ ཐན་ པེ་ ཞཱ་ ཝ་
དོན་ རྐྱེན་ བྱུང་ རྗེས་ ཀྱི་ དགོང་ མོ་ དེར། པ་ ཀི་ སི་ ཐན་ གྱི་ སྲིད་ བློན་ ནཱ་ ཝ་ ཤཱ་ རེ་ ཧྥི་ (Nawaz Sharif) ལགས་ ས་ གནས་ ས་ ཐོག་ ཏུ་ འབྱོར་ ཏེ་ འཇིགས་ སྐུལ་ པའི་ བྱ་ སྤྱོད་ ལ་ སྐྱོན་ བརྗོད་ དང་ མི་ མང་ ལ་ སེམས་ གསོ་ བྱས་ ཏེ་ སློབ་ ཕྲུག་ ཚོའི་ ཆེད་ དུ་ པ་ ཀི་ སི་ ཐན་ རྒྱལ་ ཡོངས་ ཀྱིས་ ཉིན་ གསུམ་ རིང་ མྱ་ ངན་ བྱེད་ དགོས་ པའི་ བཀའ་ བཏང་ ཡོད་ པ་ དང་ ། སྲིད་ གཞུང་ གི་ ངོས་ ནས་ མུ་ མཐུད་ དུ་ རྒྱལ་ ཁབ་ ནང་ འཇིགས་ སྐུལ་ པ་ རྩ་ མེད་ བཟོ་ ཐབས་ ལ་ འབད་ བརྩོན་ བྱེད་ རྒྱུ་ ཡིན་ པ། ང་ ཚོས་ ངེས་ པར་ དུ་ ཨབ་ གྷན་ གཞུང་ ལ་ འབྲེལ་ བ་ བྱས་ ཏེ་ དམར་ གསོད་ བྱས་ པའི་ བྱིས་ པ་ རེ་ རེའི་ ཁྲག་ ཐིགས་ ལ་ དགྲ་ ཤ་ ལེན་ ཐུབ་ བྱ་ རྒྱུ་ ཡིན་ ཚུལ་ སོགས་ བརྗོད་ འདུག
པ་ ཀི་ སི་ ཐན་ གྱི་ དམག་ སྤྱི་ ཆེན་ མོ་ ར་ ཧེལ་ (Raheel Sharif) གྱིས་ བསྒྲགས་ གཏམ་ སྤེལ་ ཏེ། འཇིགས་ སྐུལ་ པ་ ཚོས་ རྒྱལ་ ཁབ་ ཀྱི་ བླ་ སྲོག་ ལ་ འཇབ་ རྒོལ་ བྱས་ ཡོད་ སྟབས། ང་ ཚོས་ སྡུག་ སེམས་ ཅན་ གྱི་ འཇིགས་ སྐུལ་ པ་ ཚོ་ དང་ མཐུན་ སྦྱོར་ ངན་ འབྲེལ་ བྱེད་ མཁན་ ཚོ་ རྩ་ མེད་ གཏོང་ བར་ དྲག་ ཤུགས་ བེད་ སྤྱོད་ ཀྱིས་ རྗེས་ འདེད་ བྱ་ ངེས་ ཡིན་ ཞེས་ བརྗོད་ འདུག
སྲིད་ འཛིན་ ཨོ་ བྷ་ མས་ ཨ་ རིའི་ ཕོ་ བྲང་ དཀར་ པོའི་ ནང་ བསྒྲགས་ གཏམ་ སྤེལ་ ཏེ། འཇིགས་ སྐུལ་ པས་ དམར་ གསོད་ བྱས་ པའི་ སློབ་ ཕྲུག་ ཚོའི་ ཕ་ མ་ སྤུན་ མཆེད་ ཚོར་ གདུང་ ཤུགས་ དྲག་ པོས་ སེམས་ གསོ་ བྱེད་ ཀྱིན་ ཡོད་ ལ། ཨ་ རིའི་ གཞུང་ གིས་ པ་ ཀི་ སི་ ཐན་ གྱིས་ འཇིགས་ སྐུལ་ པ་ ཚོར་ ཁ་ གཏད་ གཅོག་ པར་ སྔར་ ལྷག་ རྒྱབ་ སྐྱོར་ བྱས་ ཏེ། མངའ་ ཁུལ་ དེར་ ཞི་ བདེ་ དང་ བརྟན་ བརླིང་ ཡོང་ ཐུབ་ བྱ་ རྒྱུ་ ཡིན་ ཞེས་ བརྗོད་ འདུག
གཞན། རྒྱ་ གར་ གྱི་ སྲིད་ བློན་ མུ་ དྷི་ ཡིས་ ཀྱང་ འཇིགས་ སྐུལ་ པའི་ དོན་ རྐྱེན་ དེས་ ཁོ་ རང་ ཧང་ སངས་ བཅུག་ ཡོད་ སྟབས། ཨབ་ གྷན་ གྱི་ ཐ་ ལི་ བྷན་ ཚོགས་ པ་ ནས་ ཁ་ ཁ་ ཆགས་ པའི་ པ་ ཀི་ སི་ ཐན་ གྱི་ ཐ་ ལི་ བྷན་ འཇིགས་ སྐུལ་ བ་ ཚོར་ ཁ་ གཏད་ གཅོག་ པ་ དང་ ། ཐེངས་ འདིར་ འཇིགས་ སྐུལ་ པས་ ཁ་ ཆེ་ ཆོས་ ལུགས་ ཀྱི་ རྩ་ བའི་ ལྟ་ གྲུབ་ ལ་ ལོག་ འགྲེལ་ བྱས་ ཏེ་ སློབ་ ཕྲུག་ ཚོ་ དམར་ གསོད་ བྱས་ པ་ ནི་ ཀླ་ ཀློའི་ བྱེད་ སྟངས་ ཤིག་ ཡིན་ པར་ སྐྱོན་ བརྗོད་ བྱས་ ཡོད་ འདུག
ད་
འདིའི་ ཐད་ པ་ ཀི་ སི་ ཐན་ གྱི་ ཐ་ ལི་ བྷན་ འཇིགས་ སྐུལ་ ཚོགས་ པའི་ མགྲིན་ ཚབ་ པ་ ཀོ་ ར་ སཱ་ ནེ་ (Muhammad Khurasani)ཡིས་ དམག་ མིའི་ སློབ་ གྲྭ་ དེའི་ ནང་ སློབ་ ཕྲུག་ ཚོར་ དམག་ མིར་ ཞབས་ འདེགས་ ཞུ་ དགོས་ པའི་ སློབ་ སྦྱོང་ སྤྲོད་ ཀྱིན་ ཡོད་ སྟབས། འཇིགས་ སྐུལ་ ཚོགས་ པས་ འཇབ་ རྒོལ་ བྱས་ པ་ ཞིག་ ཡིན་ པ་ དང་ ། ལྷག་ པར་ དུ་ ཁ་ ཆེ་ ཆོས་ ལུགས་ ཀྱི་ ལྟ་ གྲུབ་ ལ་ དགག་ པ་ རྒྱག་ མཁན་ དགྲ་ བོ་ ཚོས་ རང་ ཉིད་ ཀྱི་ བུ་ ཕྲུག་ གསོད་ པ་ མཐོང་ བཅུག་ ནས་ སེམས་ པ་ སྐྱོ་ གདུང་ བཟོས་ པ་ དེ་ ང་ ཚོས་ ཐག་ གཅོད་ བྱས་ པ་ ཞིག་ ཡིན་ ཞེས་ བརྗོད་ འདུག
ཐེངས་ འདིའི་ དོན་ རྐྱེན་ ཐད་ ཨ་ རི་ དང་ རྒྱ་ གར། མཉམ་ འབྲེལ་ རྒྱལ་ ཚོགས་ དང་ ཨ་ ཧྥེ་ རི་ ཀའི་ མཐུན་ ཚོགས། ཡུ་ རོབ་ མཐུན་ ཚོགས། འཛམ་ གླིང་ རྒྱལ་ ཁབ་ སོ་ སོའི་ སྲིད་ འཛིན་ དང་ སྲིད་ བློན་ ཚོས་ འཇིགས་ སྐུལ་ པའི་ བྱ་ སྤྱོད་ ནི་ ཆེས་ ཀླ་ ཀློ་ དང་ ཆེས་ གདུག་ རྩུབ་ ཆེ་ བའི་ བྱ་ སྤྱོད་ ཅིག་ ཡིན་ པའི་ སྐྱོན་ བརྗོད་ ཤུགས་ ཆེན་ བྱས་ འདུག
ཉེ་ ལམ་ པ་ ཀི་ སི་ ཐན་ གྱི་ དམག་ སྤྱི་ ཆེན་ པོ་ ཨ་ རིའི་ ནང་ སྐོར་ སྐྱོད་ བྱས་ ཏེ། ཨ་ རིས་ པ་ ཀི་ སི་ ཐན་ གྱི་ དམག་ དཔུང་ ལ་ མཚོན་ ཆ་ དང་ དམག་ ཐབས། རོགས་ དངུལ་ བཅས་ ལ་ རྒྱབ་ སྐྱོར་ བྱས་ པའི་ འོག པ་ ཀི་ སི་ ཐན་ གྱི་ དམག་ དཔུང་ གིས་ ཨབ་ གྷན་ དང་ པ་ ཀི་ སི་ ཐན་ གྱི་ ས་ མཚམས་ སུ་ རྟེན་ སྡོད་ བྱས་ པའི་ ཐ་ ལི་ བྷན་ འཇིགས་ སྐུལ་ ཚོགས་ པ་ རྩ་ མེད་ བཟོ་ སྟངས་ སྐོར་ ལ་ གྲོས་ མོལ་ བྱས་ ཡོད་ པ་ དང་ ། ལྷག་ པར་ ཨ་ རིའི་ མཁའ་ དམག་ གིས་ པ་ ཀི་ སི་ ཐན་ གྱི་ བྱང་ ཝ་ ཛེ་ རེ་ སི་ ཐན་ (North Waziristan) ས་ ཁུལ་ ནང་ ཡོད་ པའི་ འཇིགས་ སྐུལ་ པ་ ཚོར་ མཁའ་ ཐོག་ ནས་ འཇབ་ རྒོལ་ བྱས་ ཏེ་ འཇིགས་ སྐུལ་ པ་ མང་ པོ་ བསད་ ཡོད།
དམག་ དོན་ དབྱེ་ ཞིབ་ པ་ ཚོས། ཟླ་ འགའི་ གོང་ པ་ ཀི་ སི་ ཐན་ གཞུང་ གིས་ ཐ་ ལི་ བྷན་ འཇིགས་ སྐུལ་ ཚོགས་ པ་ མཉམ་ དུ་ ཞི་ བའི་ གྲོས་ མོལ་ ཐེངས་ འགར་ བྱས་ ཀྱང་ གྲུབ་ འབྲས་ ཐོན་ མེད་ སྟབས། པ་ ཀི་ སི་ ཐན་ དམག་ དཔུང་ གིས་ ཐ་ ལི་ བྷན་ ཚོགས་ པར་ འཇབ་ རྒོལ་ ཡང་ ཡང་ བྱས་ ཏེ་ འཇིགས་ སྐུལ་ པ་ ཚོ་ བསད་ བཟུང་ བྱས་ པར། འཇིགས་ སྐུལ་ པས་ དགྲ་ ཤ་ ལེན་ ཆེད་ དམག་ མིའི་ སློབ་ གྲྭར་ འཇབ་ རྒོལ་ བྱས་ པ་ ཡིན་ ཚུལ་ རྗོད་ བཞིན་ ཡོད་ འདུག
གསར་ འགོད་ པ། ལྷ་ སྐྱབས་ རྒྱལ།
དུས་བབ་དྲ་བ་ནས།།

3.jpg)