ད་ ཆ་ ཨུ་ རུ་ སུར་ དཔལ་ འབྱོར་ ཉམས་ ཉེས་ ཤུགས་ ཆེན་ ཕྱིན་ ཏེ་ ཨ་ སྒོར་ གཅིག་ ལ་ ཨུ་ རུ་ སུའི་ སྒོར་ ༨༠ ལྷག་ སྤྲོད་ དགོས་ ཀྱི་ ཡོད་ འདུག
ཉེ་ ལམ་ ཨུ་ རུ་ སུའི་ སྲིད་ འཛིན་ པུ་ ཌེན་ གྱིས་ གསར་ འགོད་ གསལ་ བསྒྲགས་ ཤིག་ སྤེལ་ ཏེ། ཡུག་ རེན་ གནད་ དོན་ གྱི་ རྐྱེན་ པས་ ཨུ་ རུ་ སུར་ ཡུ་ རོབ་ མཐུན་ ཚོགས་ དང་ ཨ་ རིས་
སྲིད་ འཛིན་ པུ་ ཌེན་ གྱི་ དཀའ་ ངལ་ དེ་ སེལ་ ཆེད་ ཨུ་ རུ་ སུས་ གསོག་ འཇོག་ བྱས་ པའི་ གཏན་ འཇགས་ མ་ དངུལ་ ནས་ ཨ་ སྒོར་ ཁྲག་ ཁྲིག་ ༨༢༦ བཏང་ ནས་ དཀའ་ ངལ་ སེལ་ ཐབས་ བྱས་ ཡོད་ ཀྱང་ ། ཟླ་ ཤས་ གོང་ རྒྱལ་ སྤྱིའི་ ཁྲོམ་ རར་ རྡོ་ སྣུམ་ གྱི་ རིན་ གོང་ ཆག་ པར་ བརྟེན་ ཨུ་ སུ་ སུའི་ དཔལ་ འབྱོར་ སྐྱོབ་ ཐབས་ ཀྱི་ སྲིད་ ཇུལ་ ལ་ ནུས་ པ་ ཐོན་ མེད་ སྟབས། ཟླ་ འདིའི་ ཚེས་ ༡༧ ཉིན་ པུ་ ཌེན་ གྱི་ ཨུ་ སུའི་ དངུལ་ གྱི་ ཛ་ ཐང་ བརྒྱ་ ཆ་ ༤༨ ལྷག་ ཆག་ ཡོད་ པ་ ཕྱིར་ བསྒྲགས་ བྱས་ ཡོད་ འདུག
ཨུ་ རུ་ སུའི་ ཁྱིམ་ མཚེས་ རྒྱལ་ ཁབ་ ()ཡུག་ རེན་ ནང་ ཤར་ ཕྱོགས་ ཨུ་ རུ་ སུར་ དགའ་ མོས་ བྱེད་ མཁན་ ཕྱོགས་ ཁག་ ཅིག་ དང་ ། ནུབ་ ཕྱོགས་ ཡུ་ རོབ་ ལ་ དགའ་ མོས་ བྱེད་ མཁན་ ཕྱོགས་ ཁག་ ཅིག་ བཅས་ ཡོད་ པ་ ལྟར། ༢༠༡༣ ལོའི་ ཟླ་ ༡༡ ནང་ ། སྲིད་ འཛིན་ ཡཱ་ ཎོ་ ཁོ་ བེ་ ཆི་ (Viktor Yanukovych) ཡིས་ ཡུ་ རོབ་ མཐུན་ ཚོགས་ དང་ ཚོང་ དོན་ གྲོས་ ཆོད་ འཇོག་ རྒྱུའི་ འཆར་ གཞི་ ལ་ ཨུ་ རུ་ སུའི་ གནོན་ ཤུགས་ སྤྲད་ མཐར། གྲོས་ མཐུན་ དེར་ མིང་ རྟགས་ འགོད་ ཐུབ་ མེད་ སྟབས། ༢༠༡༤ ལོའི་ ཟླ་ ༢ ཚེས་ ༢༡ ཉིན་ ནས་ བཟུང་ ཡུག་ རེན་ རྒྱལ་ སའི་ ཐང་ ཆེན་ དུ། མང་ ཚོགས་ ཚོས་ ངོ་ རྒོལ་ ཤུགས་ ཆེན་ བྱུང་ ཡོད་ ཅིང་ ། ཁག་ ཅིག་ གིས་ ཡུ་ རོབ་ མཐུན་ ཚོགས་ དང་ མཉམ་ འབྲེལ་ བྱེད་ པ་ དང་ ཁག་ ཅིག་ གིས་ ཨུ་ རུ་ སུར་ མཉམ་ འབྲེལ་ བྱེད་ དགོས་ པའི་ དགོས་ བཏོན་ ཡོད།
ཕྱི་ ཚེས་ ༢༢ ཉིན་ ཡུག་ རེན་ གྲོས་ ཚོགས་ ཀྱིས་ ཡཱ་ ཎོ་ ཁོ་ བོ་ ཆི་ སྲིད་ འཛིན་ གྱི་ ལས་ གནས་ ནས་ གནས་ དབྱུང་ བཏང་ ཡོད་ སྟབས། ཨུ་ རུ་ སུར་ དགའ་ མོས་ བྱེད་ མཁན་ ཡུག་ རེན་ ཤར་ ཕྱོགས་ གྱེན་ ལོག་ ཤོག་ ཁག་ དང་ ཡུག་ རེན་ གཞུང་ བར་ དམག་ འཁྲུག་ ཐེངས་ མང་ བྱུང་ ཡོད་ ཅིང་ ། ཨུ་ རུ་ སུས་ ཡུག་ རེན་ གྱི་ གྱེན་ ལོག་ ཤོག་ ཁག་ ལ་ རྒྱབ་ སྐྱོར་ བྱས་ ཏེ་ གོ་ མཚོན་ དང་ དཔལ་ འབྱོར་ རོགས་ རམ་ སྤྲད་ ཡོད་ པ་ དང་ ཁཱེར་ མེ་ ཡ་ བཙན་ བཟུང་ བྱས་ པ། ཕྱི་ ཟླ་ ༧ ཚེས་ ༡༧ ཉིན་ ཨུ་ རུ་ སུར་ རྒྱབ་ སྐྱོར་ བྱེད་ མཁན་ ཡུག་ རེན་ གྱེན་ ལོག་ ཤོག་ ཁག་ གིས་ མཱ་ ལེ་ ཤི་ ཡའི་ འགྲུལ་ སྐྱེལ་ གནམ་ གྲུ་ ཞིག་ གཏོར་ རྒོལ་ བཏང་ བཅས་ ལ་ བརྟེན་ ཏེ། ཕྱི་ ཟླ་ ༧ ཚེས་ ༣༠ ཉིན་ ཨ་ རིའི་ སྲིད་ འཛིན་ ཨོ་ བྷ་ མས་ ཨ་ རིའི་ ཁེ་ ལས་ དང་ ཨུ་ རུ་ སུ་ གཞུང་ གི་ སྟངས་ འཛིན་ འོག་ ཡོད་ པའི་ རོ་ སེ་ ནཱེབ་ རྡོ་ སྣུམ་ ཁེ་ ལས་ དང་ ཝུབ་ དངུལ་ རྩའི་ ཁེ་ ལས་ (VEB)། དེ་ བཞིན། སྒེར་ གཉེར་ རྡོ་ སྣུམ་ ཁེ་ ལས་ ནཱོ་ ཝ་ ཌེག་ (Novatek) དང་ སྒེར་ གཉེར་ དངུལ་ ཁང་ གྷ་ ཛེ་ པོར་ རོམ་ (Gazprombank) བཅས་ བར་ གྱི་ མཉམ་ ལས་ གྲོས་ མཐུན་ བཀག་ སྡོམ་ བྱས་ པ་ དང་ ། ཡུ་ རོབ་ མཐུན་ ཚོགས་ ཀྱིས་ ཨུ་ རུ་ སུའི་ ནང་ ཡུ་ རོབ་ མ་ འཛུགས་ དངུལ་ ཁང་ དང་ ། ཡུ་ རོབ་ དངུལ་ ཁང་ གཉིས་ ཀྱིས་ མ་ དངུལ་ གཏོང་ མཚམས་ བཞག་ ཏེ་ ཨུ་ རུ་ སུར་ དཔལ་ འབྱོར་ ཉེས་ ཆད་ བཏང་ ཡོད་ སྟབས། ཨུ་ རུ་ སུའི་ དཔལ་ འབྱོར་ ཉམས་ གུད་ འགྲོ་ མགོ་ ཚུགས་ ཡོད།
ཟླ་ འདིའི་ ཚེས་ ༢༦ ཉིན་ ཨུ་ རུ་ སུའི་ དཔལ་ འབྱོར་ བློན་ ཆེན་ གྱིས་ ལོ་ འདིའི་ ལོ་ མགོར་ ཨ་ སྒོར་ གཅིག་ ལ་ ཨུ་ རུ་ སུའི་ སྒོར་ ༣༠ ནས་ ༣༥ བར་ བྱས་ ནས་ བརྗེ་ པོ་ རྒྱག་ ཐུབ་ ཀྱི་ ཡོད་ ཀྱང་ ། ད་ ལྟ་ རྒྱལ་ སྤྱིའི་ ཁྲོམ་ རའི་ ཐོག་ རྡོ་ སྣུམ་ གྱི་ གོང་ ཚད་ ཆག་ ཡོད་ སྟབས། ཨ་ སྒོར་ གཅིག་ ལ་ ཨུ་ རུ་ སུའི་ སྒོར་ ༨༠ ཙམ་ ཡིན་ སྟབས། གཞུང་ གི་ གཏན་ འཇགས་ མ་ དངུལ་ ནས་ སྒེར་ གཉེར་ དངུལ་ ཁང་ གྷ་ ཛེ་ པོར་ རོམ་ (Gazprombank) ཨུ་ རུ་ སུའི་ སྒོར་ ཐེར་ འབུམ་ ༧༠ དང་ ། དངུལ་ ཁང་ ཆེ་ ཤོས་ ཨང་ གཉིས་ པ་ (VTB) ལ་ ཨུ་ རུ་ སུའི་ སྒོར་ ཐེར་ འབུམ་ ༢༥༠ ཙམ་ སྤྲད་ ནས་ ལྕགས་ ལམ་ འཛུགས་ སྐྲུན་ གྱི་ ལས་ གྲྭ་ སོགས་ ལ་ མ་ འཇོག་ བྱས་ ཏེ་ དཔལ་ འབྱོར་ ཉམས་ ཉེས་ སེལ་ ཐབས་ བྱེད་ དགོས་ པའི་ བཀོད་ ཁྱབ་ བཏང་ ཡོད་ པ་ དང་ ། ཁ་ སང་ པུ་ ཌེན་ གྱིས་ རྒྱ་ དཀར་ ནག་ གཉིས་ ཀྱི་ སྲིད་ འཛིན་ དང་ སྲིད་ བློན་ ལ་ ཏར་ འཕྲིན་ བཏང་ སྟེ། ཨུ་ རུ་ སུར་ ཚོང་ དོན་ གྲོས་ མཐུན་ མང་ ཙམ་ འཇོག་ རྒྱུར་ རེ་ སྐུལ་ ཞུས་ ཡོད་ འདུག
༡༩༩༡ ལོར་ ཨུ་ རུ་ སུ་ སྤྱི་ མཐུན་ མཉམ་ འབྲེལ་ རྒྱལ་ ཁབ་ ཁ་ གཏོར་ བྱུང་ བ་ དང་ འབྲེལ་ འཛམ་ གླིང་ གི་ གྲང་ དམག་ མཇུག་ སྒྲིལ་ རྗེས། ཨུ་ རུ་ སུའི་ དཔལ་ འབྱོར་ ཉམས་ ཉེས་ ཤུགས་ ཆེན་ བྱུང་ ཞིང་ ། ཨ་ རུ་ སུའི་ དངུལ་ རུབ་ བྷེ་ ལེ་ (Ruble)ཡི་ ཛ་ ཐང་ ཆག་ ནས་ དཀའ་ ངལ་ ཤུགས་ ཆེན་ འཕྲད་ ཡོད་ ཀྱང་ ། རིམ་ པས་ རྒྱལ་ ཁབ་ ཀྱི་ དཔལ་ འབྱོར་ ཡར་ རྒྱས་ ཕྱིན་ ཏེ་ ཨུ་ རུ་ སུ་ འཛམ་ གླིང་ ཐོག་ དཔལ་ འབྱོར་ ཆེ་ ཤོས་ ཨང་ བཞི་ པ་ ཆགས་ ཡོད་ ཀྱང་ ། ༡༩༩༨ ལོར་ སླར་ ཡང་ ཨུ་ རུ་ སུའི་ དཔལ་ འབྱོར་ ཉམས་ རྒུད་ ཕྱིན་ ཏེ་ དངུལ་ གྱི་ ཛ་ ཐང་ ཉམས་ ནས་ ལས་ བྱེད་ ལ་ ཟླ་ ཕོགས་ སྤྲོད་ དཀའ་ བ་ བྱུང་ ཡོད་ སྟབས། ༢༠༠༠ ལོར་ པུ་ ཌེན་ ཨུ་ རུ་ སུའི་ སྲིད་ འཛིན་ བསྐོ་ བཞག་ བྱུང་ རྗེས་ རྒྱལ་ ཁབ་ གཞན་ དང་ ཚོང་ དོན་ འབྲེལ་ ལམ་ ཤུགས་ ཆེན་ བྱས་ ཏེ་ དཔལ་ འབྱོར་ སླར་ གསོ་ ཐུབ་ ཡོད་ པ་ མ་ ཟད། ལོ་ བརྒྱད་ རིང་ གི་ སྲིད་ འཛིན་ དུས་ ཡུན་ སྐབས་ གཉིས་ རིང་ ཨུ་ རུ་ སུའི་ དཔལ་ འབྱོར་ འཕེལ་ རྒྱས་ ཆེན་ པོ་ སོང་ སྟེ། ལོ་ རེའི་ རྒྱལ་ ཁབ་ ཀྱི་ ཐོན་ རྫས་ བརྒྱ་ ཆ་ ༧༢།༨༤ ལ་ བསླེབས་ པ་ མ་ ཟད། ཨུ་ རུ་ སུ་ ནི་ རྒྱལ་ སྤྱིའི་ རྡུལ་ ཕྲན་ གློག་ ཤུགས་ ཀྱི་ ཐོན་ ཁུངས་ བྱེད་ ས་ གཙོ་ བོ་ ཞིག་ ཆགས་ ཏེ། རྒྱལ་ སྤྱིའི་ རྒྱལ་ ཁབ་ ཁག་ གིས་ ཚོང་ དོན་ གྲོས་ མཐུན་ མང་ པོ་ འཇོག་ སའི་ སྟོབས་ ཆེན་ རྒྱལ་ ཁབ་ ཅིག་ ཏུ་ འགྱུར་ ཡོད།
ནེའུ་ ཡོག་ དུས་ བ་ ཀྱི་ རྩོམ་ སྒྲིག་ གཏམ་ ནང་ ། ཨ་ རི་ དང་ ཡུ་ རོབ་ མཐུན་ ཚོགས་ ཀྱིས་ ཨུ་ རུ་ སུར་ དཔལ་ འབྱོར་ ཉེས་ ཆད་ བཏང་ ནས་ ཨུ་ རུ་ སུར་ གྱོང་ གུད་ ཆེན་ པོ་ ཕོག་ ཡོད་ སྟབས། པུ་ ཌེན་ གྱི་ རྐུབ་ སྟེགས་ དེ་ རྒྱུན་ རིང་ གནས་ ཐུབ་ དཀའ་ མོ་ ཆགས་ སོང་ ཞེས་ བརྗོད་ འདུག
གསར་ འགོད་ པ། དོན་ འགྲུབ།
དུས་བབ་དྲ་བ་ནས།།
