ཨོ་ མིན་ རྒྱ་ གཞུང་ ལ་ རྩིས་ སྤྲོད་ བྱས་ ཏེ་ ལོ་ ངོ་ ༡༥ འཁོར་ བའི་ དུས་ དྲན་ གྱི་ ཉིན་ མོར་ ཨོ་ མིན་ གྱི་ དམངས་ ཁྲོད་ ཚོགས་ པ་ ཁག་ ཅིག་ གིས་ ངོ་ རྒོལ་ ཁྲོམ་ སྐོར་ བྱས་ ཡོད་ འདུག
ཟླ་ འདིའི་ ཕྱི་ ཚེས་ ༢༠ ཉིན་ ཨོ་ མིན་ རྒྱ་ ནག་ ལ་ རྩིས་ སྤྲོད་ བྱས་ ཏེ་ ལོ་ ངོ་ ༡༥ འཁོར་ བའི་ དུས་ དྲན་ སྲུང་ གཙི་ བྱས་ ཡོད་ པ་ དང་ ། མཛད་ སྒོའི་ ཐོག་ རྒྱ་ ནག་ གི་ སྲིད་ འཛིན་
ལས་ འགུལ་ སྣེ་ ཁྲིད་ པ་ ཨོ་ མིན་ གསར་ པའི་ མཐུན་ ཚོགས་ ཀྱི་ ཚོགས་ གཙོ་ ཧོ་ ཀྲུའུ་ ལགས་ ཀྱིས་ གསར་ འགོད་ པར། ཐེངས་ འདིའི་ ལས་ འགུལ་ ནང་ མི་ གྲངས་ ༣༠༠ ལྷག་ མཉམ་ ཞུགས་ བྱས་ ཡོད་ པ་ དང་ ། ང་ ཚོའི་ དགོས་ འདུན་ ནི་ འོས་ འདེམས་ སྐོར་ ཡིན་ ལ། དགོས་ འདུན་ འདི་ བཏོན་ ནས་ ལས་ འགུལ་ སྤེལ་ བ་ ཐོག་ དང་ པོ་ དང་ ། ང་ ཚོས་ དུས་ དྲན་ དང་ བསྟུན་ ནས་ ངོ་ རྒོལ་ བྱས་ པ་ ཐེངས་ ༧ པ་ དེ་ རེད། འདས་ པའི་ ལོ་ ༦ ནང་ གི་ དགོས་ འདུན་ གཙོ་ བོ་ མི་ མང་ གི་ འཚོ་ བའི་ གནད་ དོན་ སྐོར་ རེད། དེང་ སྐབས་ ཨོ་ མིན་ མི་ མང་ ལ་ དཀྱིལ་ ཡངས་ འདྲ་ མཉམ་ གྱི་ འོས་ འདེམས་ ལམ་ ལུགས་ ཤིག་ ཐོབ་ པར་ རེ་ འདོད་ ཤུགས་ ཆེ་ རུ་ འགྲོ་ བཞིན་ ཡོད་ ཀྱང་ ། ད་ ལྟའི་ ཆར་ ཁོང་ ཚོ་ སོ་ སོའི་ མངོན་ འདོད་ ཁུར་ ཏེ་ ཕྱིར་ ཐོན་ ཐུབ་ ཀྱི་ མི་ འདུག་ པས། ང་ ཚོས་ བྱེད་ ཐབས་ འདྲ་ མིན་ གྱི་ ཐོག་ ནས་ མི་ མང་ གི་ དམངས་ གཙོའི་ འདུ་ ཤེས་ སྐུལ་ སློང་ བྱས་ ཏེ། མ་ འོངས་ པའི་ ལོ་ གཅིག་ ནང་ སྔར་ ལས་ ནུས་ ཤུགས་ འདོན་ ཐབས་ བྱ་ རྒྱུ་ དང་ ། མ་ འོངས་ གནད་ འགག་ གི་ དུས་ སུ་ གཉིད་ ལས་ སད་ པའི་ ཨོ་ མིན་ མི་ མང་ སོ་ སོའི་ མངོན་ འདོད་ ཀྱི་ ཆེད་ དུ་ ཕྱིར་ ཐོན་ ཐུབ་ པའི་ རེ་ བ་ རྒྱག་ གིན་ ཡོད། ད་ ལོ་ སྔར་ དང་ མི་ འདྲ་ བར་ མཉམ་ ཞུགས་ བྱེད་ མཁན་ མང་ ཆེ་ བ་ གཞོན་ སྐྱེས་ དང་ འབྱོར་ འབྲིང་ མི་ སྣ་ རེད། ང་ ཚོ་ སྲིད་ གཞུང་ ལྟེ་ གནས་ སུ་ འབྱོར་ སྐབས་ ལ་ བ་ གྱོན་ ཡོད་ མེད་ ཀྱི་ ཉེན་ རྟོག་ པ་ ༡༠༠ ཕྲག་ ལྷག་ གིས་ བཀོག་ འགོག་ བྱས་ རྐྱེན། ལས་ འགུལ་ བ་ ཚང་ མ་ མཛའ་ མཐུན་ སྤྱི་ གླིང་ དུ་ འཛོམས་ དགོས་ བྱུང་ ། ཞེས་ བརྗོད་ འདུག
མཛད་ སྒོའི་ ཐོག་ ཞི་ ཅིན་ ཕིན་ གྱིས་ དུས་ དྲན་ དང་ འབྲེལ་ བའི་ གཏམ་ བཤད་ བྱེད་ སྐབས། ངེས་ པར་ དུ་ རྒྱལ་ ཁབ་ གཅིག་ གི་ རྩ་ དོན་ རྒྱུན་ འཁྱོངས་ དང་ ལམ་ ལུགས་ གཉིས་ ཀྱི་ ཐུབ་ མིན་ ཁྱད་ ཆོས་ ལ་ བརྩི་ བཀུར་ བྱེད་ དགོས་ པ་ མ་ ཟད། རྒྱ་ ནག་ དབུས་ གཞུང་ གི་ དབང་ ཆ་ སྲུང་ སྐྱོང་ དང་ དམིགས་ བསལ་ སྲིད་ འཛིན་ ས་ ཁུལ་ གྱི་ ཚད་ མཐོའི་ རང་ སྐྱོང་ ཁེ་ དབང་ འགན་ སྲུང་ བྱེད་ དགོས། རྒྱལ་ ཁབ་ ཀྱི་ འཕེལ་ རྒྱས་ དང་ བསྟུན་ ཏེ་ ཨོ་ མིན་ དང་ ཧོང་ ཀོང་ གཉིས་ ཀྱི་ འགྲན་ རྩོད་ ནུས་ པ་ མཉམ་ འབྲེལ་ བྱས་ པ་ ཡིན་ ན། ད་ གཟོད་ བགྲོད་ ལམ་ མ་ ནོར་ བའི་ སྒོ་ ནས་ བརྟན་ བརླིང་ ཡོང་ ཐུབ། དེ་ ལས་ ལྡོག་ ཚེ་ ནོར་ འཁྲུལ་ འབྱུང་ རྒྱུ་ ཡིན་ སྐོར་ དང་ ། མ་ འོངས་ པར་ དཀའ་ རྙོག་ ཅན་ གྱི་ གནས་ ཚུལ་ གསར་ པ་ ག་ འདྲ་ ཞིག་ དང་ འཕྲད་ པ་ ཡིན་ ནའང་ ། དབུས་ གཞུང་ གིས་ ཧོང་ ཀོང་ དང་ ཨོ་ མིན་ ནང་ རྒྱལ་ ཁབ་ གཅིག་ ལ་ ལམ་ ལུགས་ གཉིས་ ཀྱི་ སྲིད་ བྱུས་ ལག་ བསྟར་ བྱེད་ བཞིན་ པའི་ ཆོད་ སེམས་ ཧ་ ཅང་ བརྟན་ པོ་ ཡིན་ སྟབས། གནས་ དུས་ ཀྱི་ དཀའ་ རྙོག་ ཙམ་ གྱིས་ ཆབ་ སྲིད་ ལ་ འགྱུར་ བ་ གཏོང་ མི་ སྲིད་ སྐོར་ བརྗོད་ འདུག
ཡང་ མཛད་ སྒོའི་ ཐོག་ ཞི་ ཅིན་ ཕིན་ གྱིས་ གཅིག་ ཨོ་ མིན་ དམིགས་ བསལ་ སྲིད་ འཛིན་ ས་ ཁུལ་ གྱི་ ཁྲིམས་ སྐྱོང་ ནུས་ པ་ དང་ ཆུ་ ཚོད་ མུ་ མཐུད་ གོང་ མཐོར་ གཏོང་ དགོས་ པ་ དང་ ། གཉིས་ གཅིག་ གྱུར་ གྱི་ འཆར་ གཞིའི་ འོག་ ཨོ་ མིན་ གྱི་ དཔལ་ འབྱོར་ འཕེལ་ རྒྱས་ ལ་ ཧུར་ ཐག་ གིས་ སྐུལ་ འདེད་ བཏང་ སྟེ་ མུ་ མཐུད་ འཕེལ་ རྒྱས་ ཀྱི་ ལམ་ བར་ སྐྱོད་ ཐབས་ བྱེད་ དགོས་ པ། གསུམ་ རྨང་ གཞི་ འཛུགས་ སྐྲུན་ གྱིས་ སྤྱི་ ཚོགས་ བརྟན་ ལྷིང་ ལ་ ཧུར་ བརྩོན་ ཆེན་ པོས་ སྐུ་ འདེད་ གཏོང་ བ་ དང་ ། བཞི་ མ་ འོངས་ པར་ ཁ་ ཕྱོགས་ ཏེ་ གཞོན་ སྐྱེས་ ཀྱི་ སློབ་ གསོའི་ བྱ་ བར་ ཤུགས་ སྣོན་ རྒྱག་ དགོས་ པ་ བཅས་ ཀྱི་ རེ་ འདུན་ བཏོན་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།

