རྒྱ་ ནག་ སྒྲིག་ ཁྲིམས་ ཞིབ་ བཤེར་ ཁང་ གིས་ རྒྱལ་ ཁབ་ བདེ་ འཇགས་ ལྷན་ ཁང་ གི་ འགན་ འཛིན་ གཞོན་ པ་ མཱ་ ཅན་ ཟེར་ བར་ གསང་ བའི་ ཞིབ་ བཤེར་ བྱེད་ བཞིན་ ཡོད་ འདུག
ཁ་ སང་ ཧོང་ ཀོང་ གི་ ལན་ ཧྭ་ ཞོགས་ པའི་ ཚགས་ པར་ ཁང་ གིས་ གནས་ ཚུལ་ སྤེལ་ བ་ ལྟར་ ན། རྒྱ་ ནག་ རྒྱལ་ ཁབ་ བདེ་ འཇགས་ ལྷན་ ཁང་ གི་ འགན་ འཛིན་ གཞོན་ པ་ མཱ་ ཅན་ ཟེར་ བར་ རྒྱ་ ནག་ སྒྲིག་ ཁྲིམས་ ཞིབ་ བཤེར་ ཁང་ གིས་ གསང་ བའི་ ཞིབ་ བཤེར་ བྱེད་ བཞིན་ ཡོད་ པ་ མ་ཟད། ཁོ་ བོའི་ གཉེན་ འབྲེལ་ ཁག་ ཅིག་ ཡང་ འཛིན་ བཟུང་ བྱས་ ཏེ་ འདྲི་ གཅོད་ བྱེད་ བཞིན་ ཡོད་ འདུག
རྒྱ་ ནག་ སྒྲིག་ ཁྲིམས་ ཞིབ་ བཤེར་ ཁང་ གིས་ ད་ ལྟའི་ བར་ མཱ་ ཅན་ གྱི་ སྐོར་ ལ་ གནས་ ཚུལ་ གང་ ཡང་ ཕྱིར་ བསྒྲགས་ བྱས་ མེད་ ཀྱང་ ། ཉེ་ སྔོན་ ནས་ བདེ་ འཇགས་ ལྷན་ ཁང་ གི་ ལས་ བྱེད་ མང་ པོ་ འཕོ་ འགྱུར་ བཏང་ ཡོད་ པ་ དང་ ། མཱ་ ཡི་ འབྲེལ་ ཡོད་ ཅིག་ གིས་ ལྐོག་ ཟ་ རུལ་ སུངས་ ཀྱི་ དོགས་ གཞིའི་ འོག་ མཱ་ ཅན་ ལ་ ཞིབ་ བཤེར་ བྱེད་ བཞིན་ ཡོད་ ཅིང་ ། ཁོ་ བོ་ རྒྱ་ ནག་ ཆབ་ སྲིད་ ལྷན་ ཁང་ གི་ མགོ་ ཁྲིད་ ཟུར་ པ་ ཀྲུའུ་ ཡོང་ ཁང་ དང་ འཐབ་ ཕྱོགས་ གཅིག་ གྱུར་ ཁང་ གི་ འགན་ འཛིན་ ཟུར་ པ་ ལིན་ ཅི་ ཧྭ་ གཉིས་ ཀྱི་ ཉེས་ དོན་ དང་ འབྲེལ་ བ་ ཡོད་ སྲིད་ སྐོར་ བརྗོད་ འདུག
བྷི་ བྷི་ སི་ སོགས་ ཕྱི་ ཕྱོགས་ གསར་ ལམ་ ཁག་ ཏུ་ གནས་ ཚུལ་ ཐོན་ པ་ ལྟར་ ན། མཱ་ ཅན་ གྱིས་ རྒྱལ་ ཁབ་ བདེ་ འཇགས་ ལྷན་ ཁང་ ནང་ ལོ་ ངོ་ ༡༠ ཙམ་ གྱི་ རིང་ གསང་ འཕྲིན་ རྒོལ་ རྡུང་ གི་ ལས་ འགན་ འཁུར་ ཡོད་ པ་ དང་ ། ཁོ་ བོའི་ ཁྱིམ་ མི་ དང་ བཅས་ ལིན་ ཅི་ ཧྭ་ དང་ རྒྱུན་ ལྡན་ གྱི་ འགྲོ་ འོང་ འབྲེལ་ བ་ ཆེན་ པོ་ ཡོད་ པ་ མ་ ཟད། ཀྲུའུ་ ཡོང་ ཁང་ ཚང་ དང་ ཁོའི་ ཕྱོགས་ གཏོགས་ ཚོས་ ཡུན་ ནན་ ཞིང་ ཆེན་ ནང་ གཉེར་ བའི་ རྒྱ་ སྒོར་ དུང་ ཕྱུར་ བཅུ་ གྲངས་ ཀྱི་ ཚོང་ ལས་ དང་ འབྲེལ་ བ་ ཡོད་ སྲིད་ པས། ཁོ་ བོར་ ཞིབ་ བཤེར་ བྱས་ པ་ དེས་ རྒྱ་ ནག་ རྒྱལ་ སྲུང་ ལས་ ཁུངས་ དང་ རྒྱལ་ ཁབ་ གསང་ བའི་ ལས་ ཁུངས། བདེ་ འཇགས་ ལྷན་ ཁང་ བཅས་ ཀྱི་ ནང་ ལྷག་ པའི་ ཀྲུའུ་ ཡོང་ ཁང་ གི་ ཤུགས་ རྐྱེན་ རྣམས་ གཙང་ བཟོ་ བྱེད་ ཀྱི་ ཡོད་ པ་ གསལ་ བོ་ མཚོན་ གྱི་ ཡོད་ སྐོར་ བརྗོད་ འདུག
ཁ་
རྒྱ་
བྷི་
མཱ་ ཅན་ ཟེར་ བ་ དེ་ རྒྱ་ ནག་ ཅང་ ཞི་ ཞིང་ ཆེན་ གྱི་ མི་ ཡིན་ པ་ དང་ ། ཕྱི་ ལོ་ ༡༩༨༥ ལོར་ ལྷོ་ ནུབ་ སྲིད་ ཁྲིམས་ རིག་ པའི་ སློབ་ ཆེན་ དུ་ འཛུལ་ ཞུགས་ བྱས་ ཡོད་ པ་ དང་ ། མཐར་ ཕྱིན་ ནས་ ཡུན་ རིང་ མ་ འགོར་ བར་ རྒྱལ་ ཁབ་ བདེ་ འཇགས་ ཚན་ པའི་ ནང་ ལས་ ཀ་ བྱས་ པ་ མ་ ཟད། རྒྱལ་ ཁབ་ བདེ་ འཇགས་ ལྷན་ ཁང་ གི་ སྐབས་ བཅུ་ པའི་ གཙོ་ འགན་ འཁུར་ ཏེ། རྒྱ་ ནག་ གི་ ཕྱི་ རྒྱལ་ གཞུང་ ཚབ་ ཁང་ དང་ ཕྱི་ སྐྱོད་ སློབ་ མར་ རྟོག་ ཞིབ་ དང་ ། ཕྱི་ ཕྱོགས་ ཀྱི་ རྒོལ་ རྡུང་ ལས་ འགུལ་ ལ་ མྱུར་ ཞིབ་ ཀྱི་ ལས་ ཀ་ བྱས་ ཡོད་ པ་ དང་ ། ཕྱི་ ལོ་ ༢༠༠༦ ལོར་ རྒྱལ་ ཁབ་ བདེ་ འཇགས་ ལྷན་ ཁང་ གི་ འགན་ འཛིན་ གཞོན་ པར་ བསྐོ་ བཞག་ བྱས་ ཏེ། གསང་ ཉུལ་ རྒོལ་ རྡུང་ གི་ གཙོ་ འགན་ འཁུར་ ཡོད་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།