ཁ་སང་རེས་གཟའ་ཟླ་བའི་ཉིན་ཡི་ཤུའི་བླ་ཆེན་པོབ་ཀྱིས་ཁོང་གིས་དེ་སྔོན་ཕྱི་ཟླ་བཅུ་གཉིས་པའི་ནང་༧ གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་མ་གནང་བ་ནི། རྒྱ་ནག་སྲིད་གཞུང་ཕོག་ཐུག་འགྲོ་དོགས་ཀྱིས་མིན་སྐོར་གསུངས་འདུག ཕྱི་ཟླ་༡ པོའི་ཚེས་༡༩ རེས་གཟའ་ཟླ་བའི་ཉིན། ཡི་ཤུའི་བླ་ཆེན་པོབ་ཧྥི་རན་
ཡི་ཤུའི་བླ་ཆེན་པོབ་ཀྱིས་༧གོང་ས་ཏཱ་བླ་མ་མཆོག་དང་མཇལ་འཕྲད་གནང་འཆར་ཡོད་སྐོར་གསུངས་དོན། “གསར་འགྱུར་བརྒྱུད་ལམ་ཁ་ཤས་ཀྱི་ནང་དུ་ངས་༧ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་མ་བྱས་པ་དེ། རྒྱ་ནག་སྲིད་གཞུང་ལ་ཕོག་ཐུག་འགྲོ་བར་ཞེད་དེ་ཡིན་སྐོར་བཀོད་འདུག་ཀྱང་། དེ་ནི་བདེན་པ་མ་རེད། མཇལ་འཕྲད་ཀྱི་ཟླ་ཚེས་གཏན་ཁེལ་བྱས་ཟིན་ཡང་། ད་ལྟའི་དུས་ཚོད་ལ་མ་རེད། ང་ཚོའི་བར་འབྲེལ་བ་བྱེད་བཞིན་ཡོད།”
དེ་བཞིན་ཁོང་ལ་ཝེ་ཊི་ཀན་(ཡི་ཤུའི་བླ་ཆེན་པོབ་ཀྱི་གདན་ས) དང་རྒྱ་ནག་གི་འབྲེལ་ལམ་སྐོར་དྲིས་སྐབས་ཁོང་གིས་“རྒྱ་ནག་ནི་བཟང་སྤྱོད་དང་ལྡན་པ་ཞིག་རེད་ལ་ང་ཚོ་ཡང་དེ་བཞིན་ཡིན། ང་ཚོའི་བར་གྱི་འབྲེལ་ལམ་ག་ལེར་གོམ་པ་རེ་རེར་བཞིན་མདུན་སྐྱོད་བྱེད་བཞིན་ཡོད། རྒྱ་ནག་གིས་ཤེས་གསལ་ལྟར། ང་རྒྱ་ནག་ཏུ་བསྐྱོད་པའམ་ཡང་ན་རྒྱ་ནག་གི་གཞུང་འབྲེལ་དཔོན་རིགས་ཝེ་ཊི་ཀན་དུ་ཕེབས་པར་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་གསུངས་འདུག ཕྱི་ལོ་༡༩༤༩ ལོར་མའོ་ཙེ་ཏུང་གིས་འགོ་ཁྲིད་པའི་དམར་ཤོག་ཚོགས་པས་རྒྱ་ནག་དབང་བསྒྱུར་བྱས་པ་ནས་བཟུང་། རྒྱ་ནག་དང་ཝེ་ཊི་ཀན་བར་གྱི་འབྲེལ་ལམ་ཆད་དེ་ད་ལྟའི་བར་རྒྱུན་ལྡན་གྱི་འབྲེལ་བ་བསྐྱར་གསོ་བྱུང་ཐུབ་མེད་པ་རེད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།
བང་ཆེན་དྲ་བ་ནས།།
