རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

རྒྱ་ནག་གི་འབྱོར་ལྡན་དམར་ཤོག་ནང་པ་རྣམས།


པེ་ཅིང་བ་ཞའོ་ཝུ་ནན་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཟུར་པ་ཞིག་དང་གུང་ཁྲན་ཏང་གི་ཚོགས་མི་ཞིག་ཡིན་རུང་། ཁོང་གིས་བོད་བརྒྱུད་ནང་
བསྟན་ཆོས་ལུགས་དང་། ལྷག་པར་དུ་ཞའོ་ཝུ་ནན་གྱི་མཆོད་ཁང་ནང་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་ཆེན་པོ་ཞིག་བཤམས་ཏེ། ཁོང་གིས་བི་བི་སི་གསར་འགྱུར་ལས་ཁང་གི་གསར་འགོད་པ་རང་ཁྱིམ་ལ་མགྲོན་འབོད་བྱས་ནས་མཆོད་ཁང་བསྟན་པ་དང་། ཞའོ་ཝུ་ནན་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་མདུན་དུ་ལག་པ་ཐལ་མོ་སྦྱར་ནས་དད་པ་བྱས་པ་གསར་འགོད་པར་བརྙན་པར་ལེན་དུ་བཅུག་པ་དེ་ནི། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་རིག་པའི་གཞུང་ལུགས་ལ་རྒྱབ་འགལ་དང་གད་མོ་འཆོར་པ། ཐ་ན་ཉེན་ཚབས་ཆེ་བའི་བྱ་སྤྱོད་ཅིག་ཡིན་སྲིད། ཡིན་ནའང་ཞའོ་ཝུ་ནན་གྱིས་རྒྱ་ནག་གཞུང་གིས་བཀག་སྡོམ་བྱེད་ཡོད་པ་ཆ་ཚང་བྱས་སོང་། དེར་བརྟེན་རྒྱ་ནག་གཞུང་གིས་བོད་རང་བཙན་དང་བོད་པའི་མི་རིགས་རིང་ལུགས་ཀྱི་ལྟ་བ་སོགས་ལ་དྲག་གནོན་ཚབས་ཆེན་བྱེད་ཀྱི་ཡོད་ཀྱང་། ཁོ་ཚོས་བོད་རྒྱུད་ནང་ཆོས་ལུགས་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་འཛིན་པའི་སྲིད་ཇུས་དེར་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་རྒྱུའི་རྟགས་མཚན་བསྟན་པ་ཨེ་ཡིན་ཞེས་བི་བི་སི་གསར་འགྱུར་ལས་ཁང་ཡང་ཡིད་མ་ཆེས་པར་གནས་ཚུལ་དེ་འདྲ་ཞིག་སྤེལ་འདུག  ཨ་རིའི་རླུང་འཕྲིན་ཁང་ནས།།