ཨ་ རིའི་ སྲིད་ འཛིན་ ཨོ་ བྷ་ མས་ རྒྱ་ གར་ འཛམ་ གླིང་ མཉམ་ འབྲེལ་ རྒྱལ་ ཚོགས་ བདེ་ འཇགས་ ཚོགས་ མིའི་ ཁུངས་ སུ་ ཞུགས་ རྒྱུར་ རྒྱབ་ སྐྱོར་ ཡོད་ སྐོར་ བརྗོད་ པར་ པ་ ཀི་ སི་ ཐན་ གཞུང་ གིས་ སྐྱོན་ བརྗོད་ བྱས་ འདུག
ཟླ་ འདིའི་ ཚེས་ ༢༥ ནས་ ཉིན་ གསུམ་ རིང་ ཨ་ རིའི་ སྲིད་ འཛིན་ ཨོ་ བྷ་ མ་ རྒྱ་ གར་ ནང་ སྐོར་ སྐྱོད་ སྐབས། རྒྱ་ གར་ མཉམ་ འབྲེལ་ རྒྱལ་ ཚོགས་ བདེ་ འཇགས་ ཚོགས་ མིའི་ ཁོངས་ སུ་ འཛུལ་ ཞུགས་ ལ་ རྒྱབ་ སྐྱོར་ ཡོད་ སྐོར་ བརྗོད་ ཡོད་ པར། ཁ་ སང་ པ་ ཀི་ སི་ ཐན་
ཀི་ སི་ ཐན་ ཕྱི་ སྲིད་ ལྷན་ ཁང་ གི་ མགྲིན་ ཚབ་ མ་ ཌ་ སེ་ ཎེམ་ (Tasnim Aslam) ཡིས་ བརྗོད་ དོན། “རྒྱ་ གར་ ནི་ མཉམ་ འབྲེལ་ རྒྱལ་ ཚོགས་ ཀྱིས་ གཏན་ འབེབས་ བྱས་ པའི་ ཇམ་ མུ་ ཀཱ་ ཤཱེ་ མེར་ མི་ རིགས་ ལ་ རང་ ཐག་ རང་ གཅོད་ སྤྲོད་ དགོས་ པའི་ གྲོས་ ཆོད་ ལ་ རྡོག་ རོལ་ གཏོང་ མཁན་ གྱི་ རྒྱལ་ ཁབ་ ཅིག་ ཡིན་ སྟབས། མཉམ་ འབྲེལ་ རྒྱལ་ ཚོགས་ ཀྱི་ བདེ་ འཇགས་ ཚོགས་ མིའི་ ཁོངས་ སུ་ ཞུགས་ རྒྱུའི་ ཆ་ རྐྱེན་ ཚང་ ཡོད་ དམ།”ཞེས་ དང་ ། ཁོ་ མོས་ མུ་ མཐུད་ དུ།“པ་ ཀི་ སི་ ཐན་ གཞུང་ གིས་ མཉམ་ འབྲེལ་ རྒྱལ་ ཚོགས་ ནང་ དོན་ འབྲས་ ལྡན་ པའི་ བཅོས་ བསྒྱུར་ ཡོང་ རྒྱུར་ རྒྱབ་ སྐྱོར་ བྱེད་ བཞིན་ ཡོད་ པ་ མ་ ཟད། རྒྱལ་ སྤྱིའི་ ནང་ ཞི་ བདེ་ དང་ བརྟན་ ལྷིང་ ཡོང་ ཆེད་ ཚོགས་ མིའི་ རྒྱལ་ ཁབ་ བར་ མང་ མོས་ གྲོས་ བསྡུར་ ཡོང་ བ་ བྱེད་ དགོས”ཞེས་ བརྗོད་ འདུག
ཁ་ སང་ པ་ ཀི་ སི་ ཐན་ གྱི་ སྐྱ་ རེངས་ (Dawn)ཞེས་ པའི་ གསར་ འགོད་ པས་ པ་ ཀི་ སི་ ཐན་ ཕྱི་ སྲིད་ ལྷན་ ཁང་ གི་ མགྲིན་ ཚབ་ མ་ ཌ་ སེ་ ཎེམ་ ཨ་ སེ་ ལཱམ་ ལ་ རྒྱ་ གར་ དང་ ཨ་ རིའི་ བར་ རྡུལ་ ཕྲན་ གློག་ ཤུགས་ སྐོར་ ལ་ གྲོས་ མཐུན་ བཞག་ པའི་ སྐོར་ ལ་ དྲི་ བ་ དོན་ པའི་ ལན་ དུ། ད་ བར་ རྒྱ་ གར་ གཞུང་ གིས་ མཚོན་ ཆ་ མང་ པོ་ གསོག་ འཇོག་ བྱས་ ཤིང་ ། ༢༠༡༤ དང་ ༢༠༡༥ ལོར་ དམག་ དོན་ འགྲོ་ གྲོན་ བརྒྱ་ ཆ་ ༡༢ སྤར་ ཏེ་ ཨ་ སྒོར་ ཐེར་ འབུམ་ ༣༨།༣༥ གཏོང་ རྒྱུ་ ཐག་ བཅད་ ཡོད་ ལ། འདས་ པའི་ ལོ་ གསུམ་ ནང་ རྒྱལ་ སྤྱིའི་ ཐོག་ མཚོན་ ཆ་ མང་ ཤོས་ ཉོ་ མཁན་ ཆགས་ ཡོད་ པ་ མ་ ཟད། ད་ ལྟ་ ཨ་ རི་ དང་ ལོ་ ༡༠ ཡི་ དམག་ དོན་ གྲོས་ མཐུན་ བཞག་ ཡོད་ པར་ བརྟེན། མ་ འོངས་ པར་ ཨེ་ ཤ་ ཡའི་ བདེ་ འཇགས་ ལ་ ཉེན་ ཁ་ འཕྲད་ རྒྱུ་ ཡིན་ སྟབས། ང་ ཚོས་ རྒྱལ་ སྤྱི་ དང་ མངའ་ ཁུལ་ གྱི་ བརྟན་ ལྷིང་ སྲུང་ སྐྱོབ་ ཆེད་ རྒྱ་ ནག་ གཞུང་ དང་ འཕྱར་ གྲུ་ མཉམ་ འདེགས་ བྱས་ ཏེ་ ནུས་ པ་ འདོན་ རྒྱུ་ ཡིན། ཞེས་ བརྗོད་ འདུག
ཟླ་ འདིའི་ ཚེས་ ༢༧ ཉིན་ རྒྱ་ ནག་ གཞུང་ གིས་ ཨ་ རིའི་ སྲིད་ འཛིན་ ཨོ་ བྷ་ མ་ རྒྱ་ གར་ དམངས་ གཙོའི་ དུས་ དྲན་ གྱི་ སྐུ་ མགྲོན་ གཙོ་ བོར་ ཕེབས་ རྗེས་ ཀྱི་ ཉིན་ གཉིས་ རྗེས། ལོ་ འདིའི་ ནང་ རྒྱ་ ནག་ རྒྱལ་ ས་ པེ་ ཅིན་ དུ་ འཛམ་ གླིང་ དམག་ ཆེན་ གཉིས་ པ་ མཇུག་ སྒྲིལ་ རྗེས་ ཀྱི་ དུས་ དྲན་ ཐེངས་ ༧༠ ཞེས་ པ་ སྲུང་ བརྩི་ ཞུ་ རྒྱུ་ ཕྱིར་ བསྒྲགས་ བྱས་ ཡོད་ པ་ མ་ ཟད། སྐབས་ དེའི་ སྐུ་ མགྲོན་ གཙོ་ བོ་ ཨུ་ རུ་ སུའི་ སྲིད་ འཛིན་ པུ་ ཌིན་ གྱིས་ རྒྱ་ ནག་ གི་ དམག་ དོན་ རྒྱས་ ཤོམ་ འགྲེམ་ སྟོན་ ཁག་ ལ་ གཟིགས་ རྗེས། དམག་ ཆེན་ གཉིས་ པའི་ སྐབས་ འདས་ གྲོངས་ སུ་ སོང་ བའི་ དམག་ མིའི་ འདས་ མཆོད་ དུས་ དྲན་ ཐོག་ མཉམ་ ཞུགས་ བྱ་ རྒྱུ་ ཡིན་ ཞིང་ ། དེ་ ནི་ རྒྱལ་ ཁབ་ གཞན་ གྱི་ མགོ་ ཁྲིད་ ཀྱིས་ རྒྱ་ ནག་ གི་ དམག་ དོན་ འགྲེམ་ སྟོན་ གྱི་ དུས་ དྲན་ ལ་ གཟིགས་ ཞིབ་ གནང་ བ་ ཐོག་ མ་ དེ་ ཆགས་ རྒྱུ་ ཡིན་ འདུག
ཟླ་ འདིའི་ ཚེས་ ༢༨ ཉིན་ རྒྱ་ གར་ ཕྱི་ སྲིད་ བློན་ ཆེན་ ལྕམ་ སུ་ ཞི་ མ་ རྒྱ་ ནག་ ནང་ སྐོར་ སྐྱོད་ ཐེངས་ དང་ པོ་ བྱས་ ཡོད་ པ་ དང་ ། ཟླ་ ༢ ཚེས་ ༢ ཉིན་ རྒྱ་ གར་ དང་ ཨུ་ རུ་ སུ། རྒྱ་ ནག་ བཅས་ ཀྱི་ ཕྱི་ སྲིད་ བློན་ ཆེན་ བར་ གྱི་ ལྷན་ ཚོགས་ ཐེངས་ ༡༣ པའི་ སྟེང་ བཞུགས་ ཏེ། རྒྱ་ ནག་ གི་ སྲིད་ འཛིན་ ཞི་ ཅིན་ ཕིན་ དང་ ཕྱི་ སྲིད་ བློན་ ཆེན་ ཝང་ ཡེ་ སོགས་ ལ་ ཐུག་ འཕྲད་ བྱས་ ཏེ། རྒྱལ་ ཁབ་ གཉིས་ བར་ གྱི་ ཚོང་ དོན་ དང་ དམག་ དོན་ གཙོས། རྒྱལ་ སྤྱིའི་ ཐོག་ མཉམ་ ལས་ བྱེད་ ཤུགས་ ཆེ་ རུ་ གཏོང་ ཐབས་ བཅས་ ཀྱི་ ཐོག་ ལ་ གྲོས་ མོལ་ བྱ་ རྒྱུ་ ཡིན་ འདུག
ཁ་ ཉིན་ རྒྱ་ ནག་ ཕྱི་ སྲིད་ ལྷན་ ཁང་ གི་ མགྲིན་ ཚབ་ པ་ ཧྭ་ ཁྲིན་ ཡེན་ (Hua Chunying) གིས་ ད་ ལྟ་ དཔལ་ འབྱོར་ ཡར་ རྒྱས་ འགྲོ་ བཞིན་ པའི་ རྒྱལ་ ཁབ་ གཉིས་ ཀྱི་ འབྲེལ་ ལམ་ སྲ་ བརྟན་ དང་ རྒྱུན་ གནས་ ཐོག་ འཕེལ་ རྒྱས་ འགྲོ་ བཞིན་ ཡོད་ ཅེས་ དང་ ། རྒྱ་ གར་ ཕྱི་ སྲིད་ བློན་ ཆེན་ ལྕམ་ སུ་ ཞི་ མ་ ཡིས་ རྒྱ་ གར་ དུས་ བབ་ ཐོག་ ད་ ལྟ་ ང་ ཚོའི་ འབྲེལ་ ལམ་ འཕེལ་ རྒྱས་ འགྲོ་ བཞིན་ ཡོད་ སྟབས། མ་ འོངས་ པར་ ཕྱོགས་ གཉིས་ བར་ ཡིད་ ཆེས་ ཐོབ་ ཐབས་ བྱས་ ཏེ་ མཉམ་ ལས་ གང་ མང་ བྱ་ རྒྱུ་ ཡིན། ད་ ཆ་ རྒྱལ་ ཁབ་ གཉིས་ ཀྱིས་ རྒྱལ་ སྤྱི་ དང་ མངའ་ ཁུལ་ གྱི་ གནད་ དོན་ ཁག་ ལ་ མཉམ་ ལས་ བྱེད་ བཞིན་ ཡོད་ པ་ མ་ ཟད། མ་ འོངས་ པར་ ཡང་ རྒྱུན་ འཁྱོངས་ བྱེད་ དགོས་ སྟབས། ད་ ཐེངས་ ལྷན་ ཚོགས་ ཐོག་ རྒྱལ་ ཁབ་ གཉིས་ བར་ སྔར་ ལྷག་ མཉམ་ ལས་ ཡོང་ རྒྱུར་ གྲོས་ མོལ་ བྱ་ རྒྱུ་ ཡིན། ཞེས་ སོགས་ བརྗོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།

