རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

དྲ་བར་བོད་ལྗོངས་འཐུས་མིས་རི་དྭགས་པགས་པ་གྱོན་པ་ལ་དགག་རྒྱག་དང་སྲོག་ཆགས་སྲུང་སྐྱོབ་ཀྱི་འབོད་སྐུལ་བྱེད།

སྤེལ་དུས། 2015-01-20   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཀླུ་འབུམ།
ཟླ ༡ ཚེས ༡༧ ཉིན་ཤིན་ཧྭ་དྲ་བའི་གསར་འགྱུར་དུ"རླབས་ཆེན་མཐུན་སྒྲིལ་གྱིས་རླབས་ཆེན་སྟོབས་ཤུགས་གཅིག་ཏུ་སྒྲིལ། རླབས་ཆེན་སྟོབས་ཤུགས་ཀྱིས་རླབས་ཆེན་བྱ་གཞག་བཏོད། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པ་ཚེས ༡༦ ཉིན་གྱི་ཕྱི་དྲོ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། སླད་ཕྱིན་གྱི་ཉིན་བཞིའི་ནང་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་སྲིད་གྲོས་ཨུ་ཡོན་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་
དམིགས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ཏན་ཏིག་བསྒྲུབ་ནས་ཐབས་དང་ཇུས་ཧུར་ཐག་བཏོན་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་རྒྱུ་དང་།"དྲུག་ལྡན་བོད་ལྗོངས"བསྐྲུན་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱ་ཆེད་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུ་རེད།"ཅེས་བོད་ལྗོངས་སྲིད་གྲོས་སྐབས་བཅུ་བའི་ཚོགས་འདུ་ཐེངས་གསུམ་པ་ཚེས ༡༦ ཉིན་གྱི་ཕྱི་དྲོ་ལྷ་སར་འཚོགས་པ་རེད།
ཚེས ༡༧ ཉིན་རྒྱལ་ནང་དྲ་བ་ཁག་གིས་དེའི་སྐོར་གྱི་གསར་འགྱུར་གང་མང་སྤེལ་ཡོད་པ་དང་། དེ་དག་ལས་རི་སྐྱེས་སྲོག་ཆགས་ཀྱི་པགས་པ་གྱོན་ཡོད་པའི་སྲིད་གྲོས་ཨུ་ཡོན་ཚོའི་པར་རིས་གསལ་བཤད་ལ་བོད་མི་རིགས་རང་གི་གྱོན་ཆས་གྱོན་པའི་སྲིད་གྲོས་ཨུ་ཡོན་ཅེས་བྲིས་འདུག འདི་ལས་མཐོང་ཐུབ་པ་ཞིག་ནི་གསར་འགོད་པ་ཕལ་མོ་ཆེས་བོད་མིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་པགས་པ་གྱོན་ན་ཉེས་པ་ཅི་ཡང་མེད་པ་ཞིག་ཏུ་བརྩིས་ཡོད་པ་འདྲ། དེ་མ་གཏོགས་གཞན་རྒྱལ་ནང་དུ་ཕྱུག་པོ་དག་གིས་རི་སྐྱེས་སྲོག་ཆགས་རྩ་ཆེན་དག་གི་པགས་པ་ཁྱིམ་དུ་ཉར་ན་ཡང་རྩད་གཅོད་བརྒྱུད་ཁྲིམས་ལ་སྦྱར་འདུག་པས།  བོད་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་གཙོས་པས་འཛེམ་ཟོན་གང་ཡང་མེད་པར་ཁྲོམ་ཆེན་པོའི་དཀྱིལ་དུ་རི་དྭགས་ཀྱི་པགས་པ་གྱོན་ནས་ཕེབས་པ་འདི་ཇི་འདྲའི་ཡ་མཚར་དགོས་པ་ཞིག་རེད་ཨང་། ཡིན་ན་ཡང་ཉེན་རྟོག་པ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྡེ་ཁག་སོགས་ནས་འགོག་སྲུང་དང་རྩད་གཅོད། དགག་རྒྱག་གི་བྱ་བ་ཅི་ཡང་སྤེལ་གྱི་མི་འདུག
ཚོགས་ཆེན་སྐབས་སུ་པར་མིག་ཏུ་ཤིན་ཏུ་མཛེས་པ་ནི་ཁོ་ཚོ་རེད། པར་མིག་ཏུ་འཛུལ་འོང་ཞིང་ཁྱད་ཆོས་མངོན་གསལ་ལྡན་པ་ནི་གོས་སུ་པགས་པ་གྱོན་པའི་སྲིད་གྲོས་ཨུ་ཡོན་དེ་དག་རེད།
ཝ་ཞྭ་གྱོན་པའི་སྲིད་གྲོས་ཨུ་ཡོན།
མགོ་ཡི་ཝ་ཞྭ་དང་གོང་བའི་གཟིག་པགས།
མགོ་ཡི་ཝ་ཞྭ་དང་གོང་བའི་གཟིག་པགས།
མགོ་ཡི་ཝ་ཞྭ་དང་གོང་བའི་གཟིག་སྲམ་གྱི་པགས་པ།
ཐེངས་འདིའི་སྲིད་གྲོས་ཨུ་ཡོན་ཚོས་རི་དྭགས་ཀྱི་པགས་པ་གྱོན་པའི་ཐད་ལ་པོད་ཕྲན་དུ་བོད་ཀྱི་གླུ་མ་གྲགས་ཆེན་རིག་འཛིན་སྒྲོལ་མས"རི་སྐྱེས་སྲོག་ཆགས་ནི་རང་རྒྱལ་གྱི་སྐྱེ་ཁམས་ཤེས་ཡོན་གྱི་ལྟེ་བའི་རིན་ཐང་ཡིན་པ་དང་། ཆུ་སྲམ་དང་གཟིག ཝ་མོ་སོགས་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་དང་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཡིན་པས། སྐྱེ་ཁམས་མ་ལག་སྙོམས་སྒྲིག་བྱེད་པར་མེད་དུ་མི་རུང་བའི་ཡན་ལག་ཡིན། ཏང་ཡོན་ཡིན་པའི་མི་དམངས་འཐུས་མི་རྣམས་ཀྱིས་མགོ་བཟུང་ནས་གཅན་གཟན་གྱི་པགས་པ་ཉོ་འཚོང་བྱེད་པས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཏོན་པའི་སྐྱེ་ཁམས་དཔལ་ཡོན་གྱི་རིན་ཐང་ལྟ་བ་གང་དུ་ཡོད། བོད་མི་ཕལ་ཆེ་བས་སྔ་མོ་ནས་རི་དྭགས་ཀྱི་པགས་པ་གོས་སུ་མི་གྱོན་པའི་འབོད་སྐུལ་དང་ལག་ལེན་བྱས་ཡོད"ཅེས་བྲིས་འདུག དེར་ཡང་མི ༨༠ ཉེ་བས་བརྒྱུད་སྤེལ་བྱས་ཏེ། འདིའི་ཐད་ལ་ལྟ་བ་འདྲ་མིན་སྣ་ཚོགས་སྤེལ་འདུག
ད་རུང་དགེ་རྒན་ཆེ་མོ་བ་ཁུ་བྱུག་གིས་ཀྱང་སྐད་འཕྲིན་དུ་ཐེངས་འདིའི"འཐུས་མི་འདི་དག་ནི་མེད་པ་བཞིའི་འཐུས་མི་ཡིན་ཏེ། ལུགས་མེད་པ་དང་། ཁྲིམས་མེད་པ། ངོ་ཚ་མེད་པ། སྙིང་རྗེ་མེད་པས་སོ། །"ཞེས་དང"འཐུས་མི་འདི་དག་ནི་མེད་བཞིའི་འཐུས་མི་ཞེས་བཏགས་ན་ལེགས་པ་ལས་མི་དམངས་ཀྱི་འཐུས་མི་ཞེས་ན་མི་འགྲིག་པར་སེམས་སོ།།"ཞེས་པར་དང་མཉམ་དུ་འདི་འདྲ་བསྐུར་ཡོད་པས། ཐེངས་འདིར་བོད་ཀྱི་ཤེས་ཡོན་པའི་སྡེ་ནས་ཀྱང་གནས་ཚུལ་འདིར་མཐོང་ཆེན་བྱས་ཏེ་འཐུས་མི་དེ་དག་གི་སྤྱོད་པ་ལ་དགག་རྒྱག་བྱས་ཤིང་། འདི་ནི་དྲུག་ལྡན་བོད་ལྗོངས"བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་བའི་གེགས་སུ་གྱུར་བའི་བསམ་ཚུལ་མང་པོ་སྤེལ་འདུག
ད་ལོ་བོད་ལྗོངས་ནས་བྱུང་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་འགལ་བའི་དོན་རྐྱེན་ཁ་ཤས།
རྒྱ་རིགས་ཚོང་བདག་གཉིས་ཀྱིས་བོད་བྱང་ཐང་ནས་རྐྱང་གསོན་བཤུ་བྱས་པ་སྟེ ༢༠༡༤ ལོའི་ཟླ ༨ པའི་ཚེས ༩ ཉིན་གྱི་ཕྱི་དྲོར། ཁྲིན་ཧའེ་ཧྲིན་དང་ལི་མིང་གཉིས་རྩ་མདའ་རྫོང་ཆུ་གསུམ་ཤང་ནས་རླངས་འཁོར་གྱིས་རྐྱང་གཅིག་གི་རྗེས་དེད་དེ་ཆ་བརྒྱབ་པ་དང་། དེ་ནས་གྲི་ཡིས་བསད་པ་རེད། དེའི་རྗེས་སུ་རྐྱང་ཤ་རླངས་འཁོར་དུ་བཞག་སྟེ་རྫོང་མཁར་གྱི་འཛུགས་སྐྲུན་ས་གནས་ནས་རྐྱང་ཤ་ལས་བཟོ་བ་དག་ལ་བགོས་པ་རེད། དོན་དག་འདིར་རྒྱལ་ཡོངས་ནས་མཐོང་ཆེན་པོ་བྱས་ཤིང་མཐར་ལག་དམར་གཉིས་ཁྲིམས་ལ་སྦྱར་བ་རེད།
གཞན་ཞིག་ནི་རྒྱལ་ནང་གི་འཁྲབ་ཁྲིད་པ་གཅིག་གིས་བོད་དུ་གློག་བརྙན་འཕབ་དུས་ཡུ་མོ་ཞིག་བསད་པ་དེ་རེད། ༢༠༡༤ ལོའི་ཟླ ༡༠ ཚེས ༢༢ ཉིན་གྱི་ཞོགས་པར་དྲ་ལམ་དུ"འཁྲབ་ཁྲིད་པ་ཀྲང་དབྱང་གིརྒྱུན་བུའི་སྟེང་གི་རྣམ་ཤེསད་ལྟ་བོད་དུ་འཕབ་སྒང་ཡིན། ཁེ་སྔོན་གཏམ་རྒྱུད་ཀྱི་དགོས་མཁོའི་དབང་གིས་འཁྲབ་སྟོན་པས་ཡུ་མོ་ཞིག་གསོད་དགོས་པར་ཐུག  ལྡན་འབྲས་ཡག་པོ་ཡོང་ཆེད་འཁྲབ་ཁྲིད་པས་ཨུ་ཚུགས་བརྒྱབ་ནས། ཡུ་མོ་དེ་ངོ་མ་བསད་སོང་། ཤེས་གསལ་ལ་དེར་ཡོད་པའི་མི་མང་པོ་ཞིག་མིག་ཆུ་ཤོར་སོང་། དེ་བས་ཕངས་སེམས་ཆེ་བ་ཞིག་ནི་ཡུ་མོ་དེ་སྦྲུམ་མ་རེད་འདུག  དོན་འདི་སྨྱན་བྱེད་ཀྱིས་ཤེས་ཚར་རེད། དོན་འདི་འདྲ་གལ་སྲིད་རྒྱལ་ཕྱི་ནས་བྱུང་བ་ཡིན་ཚེ་སྲོག་ཆགས་སྡུག་གསོད་བཏང་བའི་ཉེས་མིང་གིས་ཁྲིམས་ལ་གཏུག་ཆོག"ཅེས་བརྒྱུད་བསྐུར་མང་པོ་བྱེད་བཞིན་འདུག ཡིན་ཡང་མཐར་འཁྲབ་ཁྲིད་པས་གློག་བརྙན་གྱི་དགོས་མཁོར་དམིགས་པ་དང་ཆོག་མཆན་ཡོད་ཚུལ་བཤད་དེ་ཁྲིམས་ལུགས་ཀྱིས་ཀྱང་ཀུ་གཡང་དུ་བཏང་འདུག
གོང་གི་གནས་ཚུལ་འདི་དག་ལ་རྒྱལ་ནང་གསར་འགྱུར་དྲ་བ་ཁག་ནས་གནས་ཚུལ་མང་པོ་སྤེལ་སོང་། ཡིན་ཡང་ཐེངས་འདིའི་བོད་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་ཚོའི་གྱོན་པའི་ཐད་ལ་པོད་ཕྲན་ནས་བོད་མི་ཁ་ཤས་མ་གཏོགས་བཤད་མཁན་མང་པོ་མི་འདུག གཞན་ད་ལོ་ཡང་དྲ་ལམ་ནས་ཁམས་ཀྱི་གཉེན་སྟོན་མང་པོ་རུ་གསེར་དངུལ་གཡུ་བྱུར་སོགས་རིན་པོ་ཆེ་དང་སྟག་གཟིག་སྲམ་སོགས་ཀྱི་པགས་པ་རྒྱན་དུ་འདོགས་པ་དང་གོས་སུ་གྱོན་པའི་སྣང་ཚུལ་མང་པོ་མཐོང་པས། འདིས་རང་རྒྱལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ལས་དོན་ཐད་ལ་ད་རུང་མི་འདང་བའི་ཆ་མང་པོ་ཡོད་པ་མཚོན། ལྷག་པར་དུ་ཏང་ཡོན་ནས་མགོ་འཁྲིད་དེ་གཅན་གཟན་གྱི་པགས་པ་གྱོན་པ་ནི་བོད་ལྗོངས་ཚོགས་ཆེན་གཉིས་ཀྱི་དགོངས་པ་དང་འགལ་བ་ཞིག་རེད། རང་རྒྱལ་ལོ་རྒྱུས་སུ་བོད་མི་རིགས་ཀྱིས་གོས་སུ་རི་དྭགས་ཀྱི་པགས་པ་གྱོན་པ་རེད་ཅེས་བཤད་ཡོད་རུང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ནི་འཕེལ་རྒྱས་ཕྱིན་ཡོད་པ་མ་ཡིན་ནམ། ད་རུང་ངན་པ་རྣམས་དོར་མ་ཐུབ་ཅིང་བཟང་པོ་ཡང་ལེན་མ་ཐུབ་པའི་ཚོད་དུ་གནས་པ་ནི་ཅི་འདྲིའི་ངོ་གནོང་དགོས་པ་ཞིག་རེད་ཨང་། འདི་འདྲ་བ་ནི་ཏག་ཏག་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་གེགས་སུ་འགྲོ་བས། རང་སྐྱོང་ལྗོངས་དང་རྒྱལ་ཁབ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྡེ། ཁོར་སྲུང་ཚན་པ་ནས་ངེས་པར་དོ་སྣང་བྱེད་དགོས། །
རྩོམ་འགན་པ། སྒྲོལ་ཚེ།