རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བྷེལ་ཇེམ་གཞུང་གིས་མི་ཁག་ཅིག་འཛིན་བཟུང་།


ཕྱི་ཚེས་བཅོ་ལྔའི་དགོང་མོར་བྷེལ་ཇེམ་གྱི་ཉེན་རྟོག་པས་གློ་བུར་དུ་ས་གནས་ཁག་བཅུ་ལ་དཔུང་རྒོལ་བྱས་ནས་ཁ་ཆེ་དྲག་སྤྱོད་པ་ཚོར་འཐབ་རྒོལ་བྱས་ཡོད་ཅིང་།
མདང་དགོང་གི་དཔུང་རྒོལ་སྐབས་སུ་བྷེལ་ཇེམ་གྱི་ཉེན་རྟོག་པ་ཚོས་མེ་མདའ་བརྒྱབ་ནས་འཇིགས་སྐུལ་རིང་ལུགས་པ་གཉིས་བསད་པ་དང་། ད་ལྟ་བྷེལ་ཇེམ་གཞུང་གིས་མི་བཅོ་ལྔ་བཀག་ཉར་བྱས་ནས་མི་༡༣་ལ་འདྲི་རྩོད་བྱེད་ཀྱི་ཡོད་ཀྱང་ཉེན་རྟོག་པས་བསད་པའི་འཇིགས་སྐུལ་རིང་ལུགས་པ་གཉིས་པོ་ཉེ་ཆར་སི་རི་ཡ་ནས་ཕྱིར་ལོག་བྱས་པ་རེད་ཅེས་འགྲེལ་བཤད་བརྒྱབ་པ་ཙམ་ལས། ཁོ་ཚོ་སུ་སུ་ཡིན་མིན་དང་ས་རི་ཡའི་ས་ཐོག་ཏུ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་གང་གི་ཁོངས་སུ་ཞུགས་པ་ཡོད་མེད། མི་དེ་ཚོས་བྷེལ་ཇེམ་གྱི་ས་གནས་གང་ལ་གཏོར་རྒོལ་བྱ་རྒྱུའི་ངན་ཇུས་བཤམས་ཡོད་མེད་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཁྱབ་བསྒྲགས་བྱས་མེད་པ་རེད། ཨ་རིའི་རླུང་འཕྲིན་ཁང་ནས།།