དེ་ རིང་ ཧྥ་ རན་ སིའི་ ཉེན་ རྟོག་ པས་ རྒྱལ་ སར་ གཏོར་ རྒོལ་ གཏོང་ མཁན་ གྱི་ འཇིགས་ སྐུལ་ དྲག་ སྤྱོད་ པ་ གཉིས་ ཀྱི་ མཐའ་ བསྐོར་ ནས་ གྲོས་ མོལ་ བྱེད་ རྒྱུའི་ དགོས་ འདུན་ བཏོན་ ཡོད་ ཀྱང་ ཁོ་ གཉིས་ ཀྱིས་ དང་ ལེན་ བྱས་ མི་ འདུག
ཟླ་ འདིའི་ ཚེས་ ༧ ཉིན་ ཧྥ་ རན་ སིའི་ རྒྱལ་ སར་ བརྟེན་ གཞི་ བྱས་ པའི་ ཆར་ ལི་ ཧབ་ ཏོ་
ཧྥ་ རན་ སི་ གཞུང་ དམངས་ གཉིས་ ཀྱིས་ འདས་ པོ་ དེ་ དག་ ལ་ མྱ་ ངན་ དང་ ། དྲག་ སྤྱོད་ པ་ ཚོས་ ག་ རེ་ བྱས་ ཀྱང་ ཧྥ་ རན་ སིའི་ གསར་ འགོད་ རང་ དབང་ འགོད་ ཐབས་ མེད་ བརྗོད་ ཡོད་ དང་ ། དེ་ རིང་ ཧྥ་ རན་ སིའི་ མི་ མང་ སྟོང་ ཕྲག་ མང་ པོ་ རྒྱལ་ སའི་ མདུན་ ཐད་ དུ་ འཛོམས་ ཏེ་ གསར་ ཁང་ དེར་ གདུང་ སེམས་ མཉམ་ སྐྱེད་ དང་ ཁ་ ཆེ་ འཇིགས་ སྐུལ་ དྲག་ སྤྱོད་ པ་ ཚོ་ རྩ་ མེད་ བཟོ་ དགོས་ པའི་ རྔམ་ སྟོན་ བྱས་ ཡོད་ འདུག

འཇིགས་ སྐུལ་ བ་ དེ་ གཉིས་ ཀྱིས་ དྲག་ སྤྱོད་ ལས་ དོན་ དེ་ སྤེལ་ རྗེས་ བྲོས་ ཡོད་ པ་ དང་ ། ཁོ་ གཉིས་ ཀྱིས་ མི་ གཞན་ ༥ ཙམ་ བཙན་ འཁྲིད་ བྱས་ ཏེ། གྲོང་ འཁྱེར་ དཀྱིལ་ གྱི་ ཌམ་ མར་ ཊེན་ གྷེལ་ ()ཞེས་ པའི་ ཁང་ རྩེག་ ནང་ འཛུལ་ ཡོད་ སྟབས། དེ་ རིང་ ཧྥ་ རན་ སིའི་ ཉེན་ རྟོག་ པས་ དྲག་ སྤྱོད་ པ་ དེ་ གཉིས་ ཡིབ་ སྡོད་ བྱེད་ སའི་ མཐའ་ བསྐོར་ ཏེ། གྲོས་ མོལ་ བྱེད་ རྒྱུའི་ དགོས་ འདུན་ བཏོན་ ཡོད་ ཀྱང་ ། དྲག་ སྤྱོད་ པ་ དེ་ གཉིས་ ཀྱིས་ ཀྱིས་ སོ་ སོའི་ རང་ སྲོག་ གཅོད་ རྒྱུ་ ལས་ གྲོས་ མོལ་ བྱེད་ རྒྱུ་ མིན་ སྐོར་ བརྡ་ ལན་ སྤྲད་ ཡོད་ འདུག
འདིའི་ ཐད་ ཧྥ་ རན་ སིའི་ སྲིད་ འཛིན་ ཧོ་ ལན་ ཌི་ མཆོག་ གིས། “ད་ ལྟ་ ཉེན་ རྟོག་ པས་ འཇིགས་ སྐུལ་ རིང་ ལུགས་ པ་ གཉིས་ ཡིབ་ སྡོད་ བྱེད་ སར་ མཐའ་ བསྐོར་ ནས་ མགོ་ བཏགས་ ཞུ་ དགོས་ སྐོར་ བརྗོད་ ཀྱང་ ། ཁོ་ གཉིས་ ཀྱིས་ མགོ་ བཏགས་ ཞུས་ པ་ ལས་ སྤོབས་ པ་ ཆེན་ པོའི་ ཐོག་ ནས་ རང་ སྲོག་ གཅོད་ རྒྱུ་ ཡིན་ སྐོར་ ཚུར་ བརྡ་ ལན་ སྤྲོད་ བཞིན་ ཡོད་ སྟབས། ང་ ཚོས་ ཆུ་ ཚོད་ གཉིས་ ནང་ ཚུད་ དུ་ གང་ བྱེད་ དགོས་ མིན་ ཐག་ གཅོད་ བྱེད་ རྒྱུ་ ཡིན”ཞེས་ བརྗོད་ འདུག

དེ་ རིང་ བོད་ མིའི་ སྒྲིག་ འཛུགས་ ཀྱིས་ ཀྱང་ ཧྥ་ རན་ སི་ གཞུང་ ལ་ ཧྥ་ རན་ སིའི་ རྒྱལ་ སར་ མི་ གསོད་ དོན་ རྐྱེན་ བྱུང་ བར་ སེམས་ ཚོར་ ཆེན་ པོས་ སེམས་ གསོ་ ཞུ་ བཞིན་ ཡོད་ པ་ དང་ ། ལྷག་ པར་ དུ་ གོད་ ཆག་ དེའི་ འོག་ འདས་ གྲོངས་ སུ་ གྱུར་ བ་ དང་ རྨས་ སྐྱོན་ ཕོག་ པའི་ ཉེ་ འབྲེལ་ ནང་ མི་ སྤུན་ མཆེད་ རྣམས་ ལ་ སེམས་ གསོ་ དང་ སྨོན་ ལམ་ ཞུ་ རྒྱུ། སྨྲ་ བརྗོད་ རང་ དབང་ ནི་ འཇིག་ རྟེན་ ཀུན་ ལ་ ཁྱབ་ པ་ ཞིག་ ཡིན་ སྟབས། དེར་ འཚེ་ བའི་ ལམ་ ནས་ འགོག་ ཐབས་ བྱས་ པ་ ནི་ ཐབས་ སྡུག་ གི་ གནས་ ཚུལ་ ཞིག་ ཡིན་ སྐོར་ སོགས་ བརྗོད་ འདུག
གནད་ དོན་ དབྱེ་ ཞིབ་ པ་ ཚོས། འཇིགས་ དྲག་ སྤྱོད་ པ་ དེ་ གཉིས་ ཀྱིས་ མི་ མང་ པོ་ བསད་ ཡོད་ སྟབས། གཞུང་ གིས་ གྲོས་ མོལ་ བྱེད་ པ་ ལས། ཐད་ ཀར་ དམར་ གསོད་ བཏང་ སྟེ་ འདས་ པོ་ ཚོའི་ ནང་ མིར་ སེམས་ གསོ་ གཏོང་ ཐབས་ བྱེད་ དགོས་ པ་ དང་ ། ཡང་ ཁག་ ཅིག་ གིས་ ད་ ལྟ་ འཇིགས་ སྐུལ་ རིང་ ལུགས་ པའི་ ལག་ པར་ མི་ ཁག་ ཅིག་ ཉར་ ཡོད་ སྟབས། གྲོས་ མོལ་ བརྒྱུད་ མི་ དེ་ དག་ གི་ ཚེ་ སྲོག་ ཐར་ ཐབས་ བྱེད་ གལ་ ཆེ་ སྐོར་ སོགས་ བརྗོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།