རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བྷོ་ཁ་ཧ་རམ་གྱིས་མི་༢༠༠༠ བསད།

10917731_896431927063425_1736033445_nཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་སྒྲིག་འཛུགས་ བྷོ་ཁོ་ཧ་རམ་གྱིས་ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ནེ་ཇེ་རི་ཡའི་ནུབ་ཤཪ་མངའ་སྡེ་(Brono) ཡི་གྲོང་སྡེ་བྷ་གཱ་(Baga) རུ་འཇབ་རྒོལ་གྱིས་ཁྱོན་མི་༢༠༠༠ ཙམ་བསད་པ་དང་། ས་གནས་དེའི་དམག་སྒར་ཆེ་ཤོས་བཙན་བཟུང་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༠ རེས་གཟའ་སྤེན་པའི་ཉིན་གསར་ལམ་ཁག་ཏུ་གནས་ཚུལ་སྤེ་བ་ལྟར་ན། ཁ་ཆེའི་དྲག་སྤྱོད་པ་རྣམས་དོས་སྐྱེལ་རླངས་འཁོར་ཁ་ཤས་ཤིག་གི་ནང་ཕྱི་ཚེས་༣ ཉིན་གྲོང་སྡེ་ནང་འབྱོར་ཏེ། རླངས་འཁོར་ནས་བབས་མ་ཐག་གང་བྱུང་མེ་མདའ་བརྒྱབ་པ་དང་། རང་ཁྱིམ་དུ་ཡིབ་པ་རྣམས་གསོན་པོར་མེར་སྲེག་བཏང་སྟེ་ཁྱོོན་མི་གྲངས་༢༠༠༠ ལྷག་རྐྱེན་ལམ་དུ་བཏང་ཡོད་སྐོར་ས་གནས་ཀྱི་དཔོན་ཚོས་འགྲེལ་བརྗོད་བྱས་འདུག་ལ། ས་གནས་དེའི་ཡུལ་མི་འབོར་ཆེན་དམར་གསོད་བཏང་སྟེ་གྲོང་སྡེ་བཙན་བཟུང་བྱས་པའི་རྗེས། ནེ་ཇི་རི་ཡའི་སྲིད་གཞུང་གིས་དམག་མི་མང་པོ་ས་གནས་ས་ཐོག་ཏུ་མངགས་གཏོང་བྱས་ཡོད་འདུག་ཀྱང་། བྷོ་ཁ་ཧ་རམ་གྱི་དྲག་སྤྱོད་པ་རྣམས་ལ་འཛིང་རེས་བྱས་མཐར་གོ་མཚོན་གྱིས་མ་འདང་པར་ཕྱིར་ལོག་བྱས་དགོས་བྱུང་ཡོད་སྐོར། ས་གནས་ཀྱི་དཔོན་རིགས་ཚོས་འགྲེལ་བརྗོད་བྱས་འདུག
དེ་བཞིན་དོན་རྐྱེན་དེ་བྱུང་བའི་རྗེས་འདས་གྲོངས་སུ་གྱུར་པའི་ཡུལ་མི་རྣམས་ཀྱི་ཕུང་པོ་ལེན་ཏུ་འགྲོ་བར་ཉེན་ཁ་ཆེན་པོ་ཡོད་སྐོར་དང་། རྨས་མ་རྣམས་དུས་ཐོག་མྱུར་སྐྱོབ་མི་ཐུབ་པའི་གནས་སྟངས་འོག་འདས་གྲོངས་སུ་ཕྱིན་ཚར་ཡོད་སྲིད་སྐོར། ས་གནས་མཐུན་ཚོགས་ཀྱི་ཚོགས་གཙོས་བརྒྱུད་ལམ་ཁག་ཏུ་བརྗོད་འདུག
ཡིན་ནའང་། རྒྱལ་ཁབ་དེའི་ས་གནས་ཀྱི་གཞུང་འབྲེལ་དཔོན་རིགས་ཁག་ཅིག་གིས་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་དེའི་ཁྲོད་མི་བརྒྱ་ལྷག་ལས། སྟོང་བརྒལ་བ་འདས་གྲོངས་སུ་གྱུར་མེད་སྲིད་པ་དང་། འདས་གྲོངས་སུ་གྱུར་པའི་མིའི་གྲངས་ཀ་ངོ་མ་དེ་མི་རེ་རེར་ཞིབ་འཇུག་བྱས་རྗེས་ཁ་གསལ་ཤེས་རྟོགས་ཐུབ་སྐོར་བརྗོད་ཡོད་པ་རེད།
སྲིད་གཞུང་གི་གོ་སྒྲིག་འོག་ས་གནས་དེ་ནས་ལེ་དབར་༣༥ ཙམ་གྱི་ཉེ་འགྲམ་དུ་ཡོད་པའི་གྲོང་སྡེ་མོན་གྷུ་ནོ་(Monguno) ཡི་ཡུལ་མི་༡༠༠༠༠ ས་གནས་གཞན་ཏུ་གནས་སྤོས་བྱས་ཡོད་པ་དང། མི་མང་པོ་ཞིག་ཁྱིམ་མཚེས་རྒྱལ་ཁབ་ Cameroon དང་Chad ནང་བྲོས་བྱོལ་དུ་ཕྱིན་ཡོད་པས། ཐེངས་འདིར་ཉུང་མཐར་ཡང་མི་༣༠༠༠༠༠ ཙམ་རང་ཡུལ་ནས་གྱར་དགོས་བྱུང་ཡོད་པ་རེད།
དེ་བཞིན་ནེ་ཇེ་རི་ཡའི་ཁྱིམ་མཚེས་རྒྱལ་ཁབ་(Cameroon) གྱིས་ཟླ་འདིའི་ནང་ བྷོ་ཁོ་ཧ་རམ་གྱི་དམག་མི་མང་པོ་ཞིག་བསད་ཡོད་པས། རྒྱལ་ཁབ་ཀྱི་སྲིད་འཛིན་(Paul Biya) ལ་ YouTube བརྒྱུད་ནས་སྡིགས་ར་སྐུལ་ཡོད་སྟབས། སྲིད་འཛིན་གྱིས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་དྲག་སྤྱོད་ཤོག་ཁག་དེ་ཚོ་དང་འཐབ་འཛིང་གི་རོགས་སྐྱོར་དགོས་པ་དང། རྒྱལ་ཁབ་ཚང་མ་མཉམ་རུབ་ཐོག་ལེན་འདེབས་དགོས་པའི་སྐུལ་མ་བྱས་འདུག།
གསར་འགོད་པ་བསྟན་འཛིན་ཟླ་བ། བང་ཆེན་དྲ་བ་ནས།