རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བྱང་ཀོ་རི་ཡའི་རྒྱུན་ལྡན་གྱི་ཉེན་བརྡ་ལ་ཨ་མི་རི་ཀས་ཁ་རྡུང་དྲག་པོ་བཏང་ཡོད་པ།


ཨ་མི་རི་ཀས་ གལ་ཏེ་ ལྷོ་ཀོ་རི་ཡ་དང་མཉམ་དུ་ལོ་འདིར་དམག་སྦྱོང་བྱ་རྒྱུ་ཕྱིར་འཐེན་བྱས་པ་ཡིན་ན་ བྱང་ཀོ་རི་ཡས་རྡུལ་ཕྲན་ཚོད་ལྟ་བྱ་རྒྱུ་གནས་སྐབས་
མཚམས་འཇོག་བྱ་རྒྱུའི་འདོད་པ་ཡོད་ལུགས་ཡུལ་དེའི་གསར་འགྱུར་ལས་ཁང་གིས་རེས་གཟའ་སྤེན་པའི་ཉིན་བརྗོད་པར་ ཨ་མི་རི་ཀས་ཁ་རྡུང་དྲག་པོ་བཏང་ཡོད་པ་དང་ དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་གསུངས་པར་གཞིགས་ན་ བྱང་ཀོ་རི་ཡས་ ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་རྒྱུན་ལྡན་གྱི་དམག་སྦྱོང་བྱ་རྒྱུའི་གནད་དོན་དང་ བྱང་ཀོ་རི་ཡས་རྡུལ་ཕྲན་ཚོད་ལྟ་བྱ་རྒྱུའི་གནད་དོན་གཉིས་མཉམ་བསྲེས་བྱེད་ཐབས་བྱེད་ཀྱི་ཡོད་པ་དེ་ནི་མ་འོས་མ་འཚམས་པ་ཞིག་ཡིན་ལུགས་སྐྱོན་བརྗོད་དྲག་པོ་གནང་ཡོད་པ་རེད། ཨ་རིའི་རླུང་འཕྲིན་ཁང་ནས།།