ཀྲུའུ་ ཡོང་ ཁང་ ཕྱོགས་ ཁག་ གིས་ གསང་ བའི་ གྲོས་ མོལ་ བྱས་ ཏེ་ ཏིན་ ཞོ་ ཕིན་ རིག་ པའི་ གཞུང་ ལུགས་ རྩིས་ མེད་ དང་ ། ཞི་ ཅིན་ ཕིན་ རྩ་ མེད་ བཏང་ སྟེ་ རྒྱ་ ནག་ གི་ སྲིད་ དབང་ ཐལ་ སྤྱོད་ ཀྱི་ ལམ་ དུ་ བསྐྱོད་ རྒྱའི་ འཆར་ གཞི་ སྒྲིག་ ཡོད་ འདུག
ཁ་ སང་ ཀྲུང་ གོར་ ལྟ་ བ་ ཞེས་ པའི་ དྲ་ ཚིགས་ ཀྱིས་ ཧོང་ ཀོང་ རྨ་ བྱ་ དུས་ དེབ་ (Fenghuang Zhoukan)སྟེང་ གི་ གནས་ ཚུལ་ ལུང་ འདྲེན་ བྱས་ པ་ ལྟར་ ན། ཀྲུའུ་ ཡོང་ ཁང་ དང་ པའོ་ ཞི་ ལེ་ གཉིས་ ཀྱིས་ ཁྲོན་ ཆིན་ ནས་ གསང་ བའི་ གྲོས་ མོལ་ ཞིག་ བྱས་ ཡོད་ པ་ དང་ ། གྲོས་ མོལ་ གྱི་ ནང་ དོན་ ཞི་ ཅིན་ ཕིན་ མེད་ པར་ བཟོ་ འཆར་ དང་ ཏིན་ ཞའོ་ ཕིན་ གྱི་ རིག་ པའི་ གཞུང་ ལུགས་ དང་ བཅོས་ བསྒྱུར་ སྒོ་ འབྱེད་ སྲིད་ བྱུས་ སོགས་ རྩིས་ མེད་ གཏོང་ རྒྱུའི་ འཆར་ གཞི་ སྒྲིག་ ཡོད་ འདུག
གསར་ འགོད་ པ་ ཚོད་ དབྱེ་ ཞིབ་ བྱས་ པ་ ལྟར་ ན། པའོ་ ཞི་ ལེ་ ཡིས་ གནད་ དོན་ དེར་ བསམ་ གཞིགས་ རྒྱུན་ རིང་ པོ་ བྱས་ ཡོད་ ཀྱང་ ། ཀྲུའུ་ ཡོང་ ཁང་ དང་ པའོ་ ཞི་ ལེ་ གཉིས་ ཀྱི་ ཆབ་ སྲིད་ ལངས་ ཕྱོགས་ དང་ རིན་ ཐང་ ལྟ་ ཚུལ་ གཅིག་ ཡིན་ སྟབས། གལ་ སྲིད་ ཁོ་ གཉིས་ ཀྱིས་ འདོད་ པ་ ལྟར་ ལག་ བསྟར་ བྱས་ ཐུབ་ ཡོད་ ན་ ཁོ་ གཉིས་ ཀྱིས་ རྒྱ་ ནག་ གི་ ཆབ་ སྲིད་ སྒྲོམ་ གཞི་ ལ་ འགྱུར་ བ་ ཆེན་ པོ་ ཞིག་ གཏོང་ འཆར་ ཡོད་ ཚུལ་ འཁོད་ ཡོད།
གནས་ ཚུལ་ དེའི་ ནང་ ། ལོ་ སྔོན་ མའི་ ཟླ་ ༧ པའི་ ནས་ གསར་ ལམ་ ཁག་ ཏུ། དེ་ སྔའི་ ཁྲོན་ ཆེན་ གྲོང་ ཁྱེར་ ཉེན་ རྟོག་ མགོ་ བ་ ཝང་ ལིའི་ ཅུན་ ཁྲིན་ ཏུའི་ ཨ་ རིའི་ གཞུང་ ཚབ་ ཡན་ ལག་ ཁང་ དུ་ བྲོས་ བྱོལ་ བྱས་ ཏེ་ ཁོས་ ཨ་ རིའི་ གཞུང་ ཚབ་ ཁང་ ལ་ སྤྲད་ པའི་ ཡིག་ ཆ་ ཕྱི་ གྱར་ བྱུང་ བའི་ ནང་ ། ཀྲུའུ་ ཡོང་ ཁང་ དང་ པའོ་ ཞི་ ལེ་ གཉིས་ ཀྱིས་ གསང་ བའི་ ཐོག་ ནས་ རྒྱ་ ནག་ གི་ སྲིད་ ཇུས་ ལ་ འགྱུར་ བ་ གཏོང་ རྒྱུའི་ འཆར་ གཞི་ བཟོས་ ཡོད་ ཚུལ་ འཁོད་ ཡོད་ སྟབས། རྒྱ་ ནག་ གི་ ཆབ་ སྲིད་ དཔྱད་ ཞིབ་ པ་ ཚོས་ པའོ་ ཞི་ ལེ་ དང་ ཀྲུའུ་ ཡོང་ ཁང་ གཉིས་ ལ་ “སྲིད་ བསྒྱུར་ ཚོགས་ ཁག་ ” ཅེས་ མིང་ འདོག་ བྱས་ ཡོད།
ཚིན་ ཆེ་ ཧོན་ དང་ ཀྲུའུ་ ཡོང་ ཁང་ གཉིས་ ཀྱི་ གནས་ ཚུལ་ འཁོད་ པའི་ ནང་ ། ༢༠༡༡ ལོར་ ཧོང་ ཀོང་ གི་ གསར་ ལམ་ ཁག་ ཅིག་ ཏུ་ ཅང་ ཙེ་ མིན་ འདས་ གྲོངས་ སུ་ ཕྱིན་ པའི་ གནས་ ཚུལ་ ཞིག་ ཁྱབ་ ཡོད་ ཀྱང་ ། དོན་ དངོས་ སུ་ སྐབས་ དེར་ ཅང་ ཙེ་ མིན་ འདས་ གྲོངས་ སོང་ བ་ མིན་ པར་ ཁོ་ ལ་ ནད་ གཞི་ ཚབས་ ཆེན་ ཞིག་ ཕོག་ ཡོད་ འདུག སྐབས་ དེ་ དང་ བསྟུན་ ཏེ་ ཀྲུའུ་ ཡོང་ ཁང་ དང་ ལས་ གནས་ ནས་ དགོངས་ པ་ ཞུས་ ཟིན་ པའི་ ཚིན་ ཆེ་ ཧོན་ གཉིས་ ཀྱིས་ པེ་ ཅིན་ དུ་ གསང་ བའི་ གྲོས་ མོལ་ ཞིག་ བྱས་ ཡོད་ པ་ དང་ ། ཉེ་ ཆར་ ཀྲུའུ་ ཡོང་ ཁང་ འཛིན་ བཟུང་ བྱས་ རྗེས། ཁོས་ སྔོན་ ཆད་ ཚིན་ ཆེ་ ཧོན་ དང་ གྲོས་ མོལ་ བྱས་ པ་ དང་ ། གྲོས་ མོལ་ ནང་ དོན་ ཅང་ ཙེ་ མིན་ འདས་ རྗེས་ པའོ་ ཞི་ ལེ་ ཁྲོན་ ཆེན་ ནས་ པེ་ ཅིན་ དུ་ གནས་ སྤོར་ བྱ་ རྒྱུའི་ སྐོར་ སོགས་ ཡིན་ པ་ ངོས་ ལེན་ བྱས་ ཡོད་ འདུག
དེ་ གའི་ གསར་ འགོད་ པས་ བརྗོད་ རྒྱུར། ཀྲུའུ་ ཡོང་ ཁང་ འཛིན་ བཟུང་ བྱས་ པའི་ ཉིན་ གཅིག་ གི་ རྗེས་ སུ་ ཚིན་ ཆེ་ ཧོན་ ལ་ ཐུག་ འཕྲད་ བྱས་ པའི་ གནས་ ཚུལ་ གཞུང་ ལ་ ངོས་ ལེན་ བྱས་ པའི་ རྒྱུ་ མཚན་ གཙོ་ བོ་ ཚིན་ ཆེ་ ཧོན་ ཡང་ ཁོ་ རང་ དང་ མཉམ་ དུ་ འཁྲིད་ འདོད་ པ་ དེ་ ཡིན་ ལ། ཚིན་ ཆེ་ ཧོན་ ནི་ རྒྱ་ གཞུང་ གི་ རྡོ་ སྣུམ་ ཚོགས་ ཁག་ དང་ ཧྲང་ ཧེ་ ཚོགས་ ཁག སྐུ་ སྲས་ ཚོགས་ ཁག་ བཅས་ མགོ་ གཙོ་ ཡིན་ སྟབས་ ཚིན་ ཆེ་ ཧོན་ ལ་ ལག་ པ་ འཆིང་ དགོས་ ན། ཞི་ ཅིན་ ཕིན་ དང་ ཝང་ ཆི་ ཧྲན་ གཉིས་ ཀྱིས་ བསམ་ གཞིགས་ ཟབ་ མོ་ བྱ་ དགོས་ པ་ ཞིག་ ཆགས་ ཡོད་ འདུག
རྒྱ་ ནག་ གི་ ཆབ་ སྲིད་ དཔྱད་ ཞིབ་ པ་ ཁག་ ཅིག་ གིས། ཀྲུའུ་ ཡོང་ ཁང་ དང་ ཚིན་ ཆེ་ ཧོན་ སོགས་ ཀྱིས་ རྒྱ་ ནག་ གི་ ཆབ་ སྲིད་ དེ་ མཁྲེགས་ འཛིན་ ཐལ་ སྤྱོད་ ཀྱི་ ལམ་ དུ་ བཅོས་ བསྒྱུར་ བྱས་ ཏེ། རྒྱ་ ནག་ གི་ ལོ་ རྒྱུས་ ལ་ འགྱུར་ བ་ ཆེན་ པོ་ ཞིག་ གཏོང་ འཆར་ ཡོད་ ཀྱང་ ། ཁོ་ གཉིས་ བློ་ ཕམ་ དགོས་ པ་ ཞིག་ ལ་ ཅང་ ཙེ་ མིན་ ད་ དུང་ ཚེ་ ལས་ འདས་ མེད་ སྟབས་ ཁོ་ གཉིས་ ཀྱི་ འཆར་ གཞི་ དེ་ ལེགས་ འགྲུབ་ བྱུང་ མེད་ པ་ མ་ ཟད། ཁྲིན་ ཆིན་ གྲོང་ ཁྱེར་ སྤྱི་ བདེ་ ལས་ ཁང་ གི་ མགོ་ གཙོ་ ཟུར་ བ་ ཝང་ ལི་ ཅིན་ ཨ་ རིའི་ གཞུང་ ཚབ་ ཁང་ དུ་ བྲོས་ ཏེ་ ཅང་ ཙེ་ མིན་ ཤོག་ ཁག་ གི་ གསང་ བ་ ཕྱི་ གྱར་ བྱུང་ བ་ དང་ ། ཅང་ ཙེ་ མིན་ ཤོག་ ཁག་ གི་ སྟག་ རྒན་ པའོ་ ཞི་ ལེ་ དང་ ཀྲུའུ་ ཡོང་ ཁང་ ། ཞི་ ཚད་ ཧོ་ སོགས་ རིམ་ པ་ བཞིན་ རྙི་ ནང་ དུ་ ཚུད་ ཡོད་ སྟབས། ད་ ལྟ་ ཞི་ ཅིན་ ཕིན་ གྱིས་ ཅང་ ཙེ་ མིན་ ཤོག་ ཁག་ གི་ མཐར་ ཐུག་ གི་ སྟག་ རྒན་ འཛིན་ རྒྱུའི་ དུས་ ལ་ བསླེབ་ ཡོད་ པ་ སོགས་ བརྗོད་ ཡོད་ འདུག
ཞ་ ཞོ་ ཆང་ (Xia Xiaoqiang)གིས་ ཀྲུང་ གོར་ ལྟ་ བའི་ གསར་ འགོད་ པར། ཀྲུའུ་ ཡོང་ ཁང་ ནི་ ཅང་ ཙེ་ མིན་ གྱི་ བློ་ འཁེད་ སའི་ རྒྱུག་ ཁྱི་ དེ་ ཡིན་ སྟབས། ཀྲུའུ་ ཡོང་ ཁང་ དང་ པའོ་ ཞི་ ལེ་ གཉིས་ ཀྱི་ སྲིད་ བསྒྱུར་ ཚོགས་ ཁག་ དེ་ ཅང་ ཙེ་ མིན་ དང་ ཁ་ ཁ་ ཞིག་ མིན་ པ་ མ་ ཟད། དོན་ དངོས་ ཐོག་ ཅང་ ཙེ་ མིན་ གྱིས་ གསང་ བ་ དེ་ དག་ འགེབ་ སྲུང་ བྱེད་ དགོས་ པ་ ཞིག་ ཡིན་ ཡང་ ། ད་ ལྟ་ གསར་ འགྱུར་ བརྒྱུད་ ལམ་ ཁག་ ཏུ་ ཀྲུའུ་ དང་ པའོ་ གཉིས་ ཀྱི་ སྲིད་ བསྒྱུར་ ཚོགས་ ཁག་ སྐོར་ ཕྱི་ རུ་ ཁྱབ་ བཞིན་ པ་ དེ། ཞི་ ཅིན་ ཕིན་ གྱིས་ ཅང་ ཙེ་ མིན་ མེད་ པར་ བཟོ་ རྒྱུ་ ཡིན་ པའི་ མཚོན་ རྟགས་ ཤིག་ ཡིན་ སྐོར་ བརྗོད་ འདུག དུས་བབ་དྲ་བ་ནས།།

