ཟླ ༡ པོའི་ཚེས ༢༦ ཉིན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཧྥང་ཁྲིན་ཀང་གྲོང་ཁྱེར་གྱི་ཚབས་ཆེ་བའི ༦ ༨ ཀྲུང་ཡོ་རྒྱལ་མཚམས་བརྒལ་ནས་བྱིས་པ་བསླུས་ཚོང་བྱས་པའི་གྱོད་དོན་ལ་ཁྲིམས་བཤེར་ཐེངས་གཉིས་པའི་ཁྲིམས་ཐག་བཅད།
ཉིན་དེར། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཧྥང་ཁྲིན་ཀང་གྲོང་ཁྱེར་གྱི་ཚབས་ཆེ་བའི ༦ ༨ ཀྲུང་ཡོ་རྒྱལ་མཚམས་བརྒལ་ནས་བྱིས་པ་བསླུས་ཚོང་བྱས་པའི་གྱོད་དོན་ལ་ཁྲིམས་བཤེར་ཐེངས་གཉིས་པའི་ཁྲིམས་ཐག་བཅད། དེ་ལ་ཁྲིམས་བཤེར་ཐེངས་དང་པོའི་ཁྲིམས་བཅད་རྒྱུན་མཁྱོངས་བྱས་ནས་ཉེས་ཅན་གཙོ་བོ་ཧོང་ཆིན་ཧིན་ལ་སྲོག་ཁྲིམས་དང་། ཧོང་མན་ལི་དང་ཝན་ཧྲི་ཅིན་སོགས་ཉེས་ཅན ༢༢ བཅས་ལ་ཚེ་བཙོན་དང་། དུས་བཀག་བཙོན་འཇུག ལོ་བཅུ། ཟླ་བཅུ་གཅིག་སོགས་ཁྲིམས་ཐག་འདྲ་མིན་བཅད་འདུག ཝན་ཧྲི་ཞོ་ཀྲིན་གྱི་ལོ་བཅུའི་དུས་བཀག་བཙོན་འཇུག་དེ་ལོ་བརྒྱད་ལ་སྒྱུར་འདུག ཁོ་ཚོར་དངུལ་གྱི་ཆད་པ་ཡང་སྒོར་ཁྲི་གཉིས་ནས་སྒོར་སྟོང་སོགས་འདྲ་མིན་བཅད་འདུག

ཟླ ༡ པོའི་ཚེས ༢༦ ཉིན། ཉེས་ཅན་ལ་ཁྲིམས་རར་ཁྲིད་འོང་བཞིན་པ།
༢༠༡༠ནས་བཟུང་ཧོང་ཆིན་ཧིན་དང་ཧོང་མན་ལི། ཝན་ཧྲི་ཅིན་སོགས་ཀྱིས་བྱིས་པ་བསླུས་ཚོང་གི་ཉེས་སྤྱོད་ཚོགས་པ་རྩ་བཙུགས་བྱས་ནས་ཡོ་ནན་ནས་ཀྲུང་གོའི་ཀོང་ཞིའི་ཏོན་ཤིན་གྲོང་ཁྱེར་བརྒྱུད་ནས་ཀོང་ཏུང་ཞིང་ཆེན་གྱི་ཅེ་ཡང་དང་། ཞན་ཐུག་སོགས་ས་གནས་སུ་བྱིས་པ་བསླུས་ཚོང་དང་། ཡོ་ནན་གྱི་སྦྲུམ་མ་ཀྲུང་གོར་ཁྲིད་ཡོང་ནས་བྱིས་པ་བཙས་རྗེས་བྱིས་པ་དག་བསླུས་ཚོང་བྱས། ༢༠༡༠ ལོ་ནས་གྱོད་དོན་བྱུང་བའི་བར་ལ་ཚོགས་པ་དེས་བྱིས་པ ༢༠ ལྷག་བཙོངས་ཡོད་ལ། དེ་ལས་བྱིས་པ ༡༡ སྤྱི་བདེའི་ལས་ཁུངས་གིས་བསྐྱབས་ཡོད།
(རྩོམ་འགན་པ། སྒྲོལ་ཚེ།)
