ཧྥ་ རན་ སིར་ གནས་ སྡོད་ རྒྱ་ རིགས་ ཧུའུ་ ཝེ་ དང་ ཧྥ་ རན་ སིའི་ གློག་ བརྙན་ འཁྲབ་ ཁྲིད་ པ་ ཞིག་ གིས་ ཕབ་ སྐྲུན་ བྱས་ པའི་ བོད་ སྐོར་ གྱི་ གློག་ བརྙན་ ༼མཆོད་ མེ༽ཞེས་ པར་ ཨོ་ སི་ ཁར་ བྱ་ དགའ་ འཐོབ་ རེ་ ཡོད་ འདུག
ཟླ་ འདིའི་ ཕྱི་ ཚེས་ ༡༥ ཉིན་ ཨ་ རིའི་ པར་ རིས་ སྒྱུ་ རྩལ་ དང་ ཚན་ རིག་ ཁང་ (The Academy of Motion Picture Arts and Sciences)གིས། ཐེངས་ ༨༧ པའི་ ཨོ་ སི་ ཁར་ (Oscar)བྱ་ དགའི་ འོས་ མིའི་ མིང་ གཞུང་ ཕྱིར་ བསྒྲགས་ བྱས་ ཡོད་ པ་ དང་ ། དེའི་ ནང་
སྐར་ ཆ་ ༡༥ ཅན་ གྱི་ བརྙན་ ཐུང་ དེ་ ནི་ བོད་ རིགས་ ན་ གཞོན་ བརྙན་ ལེན་ པ་ ཞིག་ དང་ ཁོང་ གི་ ལས་ རོགས་ ཀྱིས། སི་ ཁྲོན་ ཞིང་ ཆེན་ རྔ་ བ་ ཁུལ་ མཛོད་ དགེ་ རྫོང་ ཁོངས་ ཀྱི་ བོད་ རིགས་ འབྲོག་ པ་ ཚོ་ པར་ དུ་ བླངས་ བ་ བརྗོད་ གཞིར་ བཟུང་ ཡོད་ པ་ དང་ ། གློག་ བརྙན་ ཐུང་ ངུ་ འདིའི་ ནང་ འབྲོག་ པ་ ཁག་ ཅིག་ ལ་ ཕོ་ བྲང་ པོ་ ཏ་ ལ་ དང་ གནམ་ སྡེ་ སྒོ་ མོ་ ཆེ། ༢༠༠༨ ལོའི་ པེ་ ཅིན་ ཨོ་ རྩལ་ ར་ བ། དེ་ བཞིན་ རྒྱ་ ནག་ ལྕགས་ རི་ རིང་ པོ་ སོགས་ རྒྱབ་ ལྗོངས་ རས་ གཞི་ མི་ འདྲ་ བ་ ༦ གི་ མདུན་ དུ་ འདྲ་ པར་ བརྒྱབ་ སྟེ། རྒྱ་ གཞུང་ གི་ འདུ་ ཤེས་ ཁྲོད་ ཀྱི་ བོད་ མི་ རིགས་ ཀྱི་ རིག་ གནས་ དང་ དད་ མོས་ ཀྱི་ གནས་ བབ་ མཚོན་ ཐབས་ བྱས་ ཡོད་ འདུག
རྒྱབ་ ལྗོངས་ མི་ འདྲ་ བའི་ པར་ རིས་ དེ་ དག་ གི་ ནང་ ནས་ གནམ་ སྡེ་ སྒོ་ མོ་ ཆེ་ རྒྱབ་ ལྗོངས་ བྱས་ ཤིང་ ། འབྲོག་ པ་ ཁག་ ཅིག་ གི་ དཀྱིལ་ དུ་ ཨ་ མ་ རྒན་ མོ་ ཞིག་ རྐུབ་ སྟེགས་ སྟེང་ དུ་ བསྡད་ དེ། ལག་ ཏུ་ རྒྱ་ གཞུང་ གིས་ བཙན་ ཁྲིད་ བྱས་ ནས་ ལོ་ ངོ་ ༡༩ ལྷག་ འགྲོ་ བཞིན་ པའི་ ༸པཎ་ ཆེན་ ཆུང་ སྲིད་ རིན་ པོ་ ཆེའི་ སྐུ་ པར་ བཟུང་ བའི་ པར་ རིས་ དེར། འཛམ་ གླིང་ གི་ ལྟད་ མོ་ བ་ མང་ པོས་ དོ་ སྣང་ ཆེན་ པོ་ བྱེད་ ཀྱིན་ ཡོད་ འདུག
བརྙན་ ཐུང་ འདིའི་ སྐོར་ ལ་ གློག་ བརྙན་ འཁྲབ་ ཁྲིད་ པ་ ཧུའུ་ ཝེ་ ལགས་ ཀྱིས། རས་ གཞི་ རྒྱབ་ ལྗོངས་ བྱས་ ནས་ འདྲ་ པར་ རྒྱག་ པ་ དེ་ རྒྱ་ ནག་ ནང་ ཧ་ ཅང་ ཡོངས་ ཁྱབ་ ཅིག་ ཡིན་ ལ། ཁོང་ གིས་ དོན་ དངོས་ དང་ རྨི་ ལམ། དེང་ རབས་ དཔལ་ ཡོན་ དང་ སྲོལ་ རྒྱུན་ གོམས་ གཤིས། དེ་ བཞིན། རྒྱ་ ནག་ གི་ བསམ་ བློའི་ འདུ་ ཤེས་ དང་ བོད་ མིའི་ དད་ མོས་ བར་ གྱི་ གྲུབ་ ཚུལ་ ལེགས་ སྒྲིག་ གི་ གློག་ བརྙན་ ཞིག་ བཟོ་ འདོད་ ཡོད་ པ་ ལྟར། གློག་ བརྙན་ འདིའི་ ནང་ དད་ མོས་ དང་ བསམ་ བློའི་ འདུ་ ཤེས་ བར་ ན་ འཕེལ་ འགྲིབ་ འགྲོ་ བཞིན་ པའི་ ཐུན་ མོང་ གི་ བོད་ མིའི་ ངོ་ བོ་ ངོས་ འཛིན་ མཚོན་ ཐབས་ དང་ ། པར་ རིས་ རྒྱབ་ ལྗོངས་ བརྗེ་ བསྒྱུར་ བྱས་ པ་ དེས་ བོད་ ཀྱི་ འགྱུར་ མེད་ དང་ འགྱུར་ ལྡོག་ རང་ བཞིན་ གླེང་ ཐུབ་ པའི་ རེ་ བ་ ཡོད་ སྐོར་ བརྗོད་ འདུག
ཡང་ ཁོང་ གིས། བརྙན་ ཐུང་ དེ་ ཧྥ་ རན་ སི་ ཚོང་ གཉེར་ ཁང་ གིས་ མ་ དངུལ་ བཏང་ སྟེ་ ཕབ་ སྐྲུན་ བྱས་ ཡོད་ ཀྱང་ ། གློག་ བརྙན་ ཕབ་ སྐྲུན་ ཚོགས་ ཆུང་ བོད་ ཀྱི་ ས་ ཆར་ རྒྱུས་ མངའ་ མེད་ པ་ དང་ ། མཚོ་ ངོས་ ལས་ མཐོ་ ཚད་ རྨིད་ ༤༠༠༠ ལྷག་ ཡོད་ པའི་ མཐོ་ སྒང་ དུ་ ལས་ ཀ་ བྱེད་ དགོས་ པ། དེ་ བཞིན། བོད་ རིགས་ འཁྲབ་ སྟོན་ པ་ དང་ འབྲེལ་ འདྲིས་ བྱེད་ རྒྱུ་ སྟབས་ བདེ་ མིན་ པ་ སོགས་ ཀྱི་ དཀའ་ ངལ་ མང་ པོའི་ ཁྲོད། དབྱར་ དུས་ ༣ རིང་ གློག་ བརྙན་ དེ་ མུ་ འབྲེལ་ ཕབ་ སྐྲུན་ བྱས་ ཏེ་ ལེགས་ འགྲུབ་ བྱུང་ ཡོད་ སྐོར་ བརྗོད་ འདུག
གློག་ བརྙན་ འདིར་ ཕྱི་ ལོ་ ༢༠༡༣ ལོར་ ཧྥ་ རན་ སིའི་ ཞ་ ལཱ་ རྒྱལ་ སྤྱིའི་ གློག་ བརྙན་ དུས་ སྟོན་ ཐོག་ གློག་ བརྙན་ དཔྱད་ ཞིབ་ ལྷན་ ཚོགས་ ཀྱི་ བྱ་ དགའ་ ཐོབ་ ཡོད་ པ་ དང་ ། ཕྱིས་ སུ་ འཛམ་ གླིང་ གི་ རྒྱལ་ ཁབ་ ༣༠༠ ལྷག་ མཉམ་ ཞུགས་ བྱས་ པའི་ རྒྱལ་ སྤྱིའི་ གློག་ བརྙན་ དུས་ སྟོན་ ཐོག་ བྱ་ དགའ་ ཐོབ་ པ་ སོགས་ ད་ ལྟའི་ བར་ རྒྱལ་ སྤྱིའི་ གློག་ བརྙན་ བྱ་ དགའ་ ༧༠ ལྷག་ ཐོབ་ ཡོད་ འདུག



གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།

