དེ་ རིང་ ཤཱག་ ལི་ ཨེབ་ དྷོ་ ཚགས་ དེབ་ ཁང་ ལ་ འཇིགས་ སྐུལ་ རིང་ ལུགས་ པས་ གཏོར་ རྒོལ་ བཏང་ རྗེས་ ཀྱི་ འདོན་ ཐེངས་ དང་ པོ་ དེ་ དཔར་ འགྲེམས་ བྱས་ ཡོད་ འདུག
དེ་ རིང་ ཧྥ་ རན་ སིའི་ ཤཱག་ ལི་ ཨེབ་ དྷོ་ (Charlie Hebdo) ཟེར་ བའི་ ཟུར་ ཟའི་ བདུན་ རེ་ ཚགས་ དེབ་ ཁང་ གིས་ འཇིགས་ སྐུལ་ རིང་ ལུགས་ པས་ གཏོར་ རྒོལ་ ཐེབས་ རྗེས་ ཀྱི་ འདོན་ ཐེངས་ དང་ པོ་ དེ་ དཔར་ འགྲེམས་ བྱས་ ཡོད་ པ་ དང་ ། ཐེངས་ འདིའི་ ཚགས་ ཤོག་ གི་ མདུན་ ངོས་ སུ་ ཁ་ ཆེའི་ སྟོན་ པ་ མཱོ་ ཧཱ་ མཱ་ ཋ་ (Prophet Muhammad) ཡིས་ ངུ་ འབོད་ བྱེད་ བཞིན་ ལག་ ཏུ་ ཤཱག་ ལི་ ཞེས་ བྲིས་ ཡོད་ པ་ དང་ ། རྒྱབ་ ངོས་ སུ་ ཚང་ མར་ དགོངས་ པ་ དག་ པ་ ཡིན་ ཞེས་ འཁོད་ ཡོད་ འདུག
གཞན། ཨི་ རན་ ནང་ རྟེན་ གཞི་ བྱས་ པའི་ (Tabnak) གསར་ ཁང་ གིས་ ཤཱག་ ལི་ ཨེབ་ དྷོ་ གསར་ ཁང་ གིས་ ཡང་ བསྐྱར་ ང་ ཚོའི་ སྟོན་ པ་ མཱོ་ ཧཱ་ མཱ་ ཋ་ ལ་ དམའ་ འབེབས་ བྱེད་ ཀྱི་ འདུག་ ཅེས་ འཁོད་ དེ་ ཟུར་ ཟའི་ རི་ མོ་ དེ་ མི་ མངོན་ པ་ བྱས་ ཡོད་ འདུག ཨི་ ཇེབ་ རྒྱལ་ ས་ ཁཱ་ རོ་ ནང་ རྟེན་ གཞི་ བྱས་ པའི་ ཁ་ ཆེའི་ ཤེས་ ཡོན་ ལྟེ་ གནས་ ཁང་ (Dar al-Ifta al-Misriyyah) གིས་ ཟུར་ ཟའི་ རི་ མོ་ དེས་ མི་ རིགས་ ཕན་ ཚུན་ འཆམ་ མཐུན་ ཡོང་ རྒྱུར་ གནོད་ སྐྱོན་ བཟོས་ ཡོད་ ཀྱང་ ། ཡུ་ རོབ་ གཙོས་ རྒྱལ་ ཁབ་ གཞན་ གྱི་ ཁ་ ཆེ་ མི་ རིགས་ ཁག་ བར་ གྱི་ གཅིག་ སྒྲིལ་ ལ་ གཏོར་ བརླག་ གཏོང་ ཐུབ་ ཀྱི་ མ་ རེད། རི་ མོ་ དེས་ ཁ་ ཆེའི་ མི་ རིགས་ ཐེར་ འབུམ་ ༡།༥ ཡི་ ཚོར་ བར་ ཕོག་ ཐུག་ ཆེན་ པོ་ བཏང་ ཡོད་ སྟབས། ཤཱག་ ལི་ ཨེབ་ དྷོ་ འདོན་ ཐེངས་ འདིས་ ཧྥ་ རན་ སི་ དང་ ནུབ་ ཕྱོགས་ རྒྱལ་ ཁབ་ ཁག་ ལ་ ཁོང་ ཁྲོ་ སྔར་ ལས་ ཆེ་ བ་ བསླངས་ ཡོད་ ཅེས་ བརྗོད་ འདུག ཨི་ རབ་ ཀྱི་ གསར་ འགྱུར་ བརྒྱུད་ ལམ་ སྙན་ གྲགས་ ཆེ་ ཤོས་ ཨལ་ ཨཱ་ ར་ བྷེ་ ཡཱ་ (Al-Arabiya) དང་ ། ཨལ་ ཇ་ ཛཱེ་ ར་ (Al-Jazeera) སོགས་ ཀྱིས་ གསར་ འགྱུར་ དེ་ བཀོད་ མི་ འདུག
ཁ་ སང་ ཧྥ་ རན་ སིའི་ སྲིད་ བློན་ མཱ་ ཎོལ་ (Manuel Valls) གྱིས་ རྒྱལ་ ཡོངས་ ནང་ འཇིགས་ སྐུལ་ རིང་ ལུགས་ པར་ ཁ་ གཏད་ གཅོག་ པའི་ ཉིན་ མོ་ ཡིན་ པ་ གསལ་ བསྒྲགས་ བྱས་ ཏེ་ གཞུང་ འབྲེལ་ རྒྱལ་ གླུ་ བཏང་ རྗེས། ཧྥ་ རན་ སི་ གཞུང་ གིས་ འཇིགས་ སྐུལ་ རིང་ ལུགས་ པ་ དང་ ཆོས་ ལུགས་ ཀྱི་ ལྟ་ བ་ མཁྲེགས་ འཛིན་ བྱེད་ མཁན་ ཚོར་ དམག་ འཐབ་ རྒྱག་ རྒྱུ་ ལས་ ཁ་ ཆེའི་ ཆོས་ ལུགས་ དང་ མི་ རིགས་ ལ་ ཁ་ གཏད་ གཅོག་ གི་ མེད། ངས་ ང་ ཚོའི་ རྒྱལ་ ཁབ་ འདིའི་ ནང་ ཇེའུ་ མི་ རིགས་ ཚོ་ ཞེད་ མི་ དགོས་ པ་ ཞིག་ དང་ ། ཁ་ ཆེ་ བ་ ཚོ་ ངོ་ ཚ་ མ་ དགོས་ པ་ ཞིག་ བཟོ་ རྒྱུ་ ཡིན་ ཞེས་ བརྗོད་ ཡོད་ འདུག དེའི་ རྗེས་ སྲིད་ འཛིན་ ཧོ་ ལན་ ཌི་ ཡིས་ ང་ ཚོའི་ ཕྱི་ ནང་ གཉིས་ སུ་ ཁ་ ཆེའི་ འཇིགས་ སྐུལ་ རིང་ ལུགས་ པ་ ཡོད་ ཀྱང་ ། ང་ ཚོའི་ ལྟ་ ན་ སྡུག་ པའི་ རྒྱལ་ ཁབ་ འདི་ ཁོ་ ཚོས་ དུམ་ བུར་ གཏོང་ ཐུབ་ ཀྱི་ མ་ རེད་ ལ། ང་ ཚོས་ ཀྱང་ ཁོ་ ཚོར་ མགོ་ བསྒུར་ ཐབས་ ཡོད་ པ་ མ་ རེད་ ཅེས་ སོགས་ བརྗོད་ འདུག དེ་ བཞིན་ འཇར་ མན་ སྲིད་ འཛིན་ གྷུག་ (Joachim Gauck) གིས་ འཇར་ མན་ རྒྱལ་ སར་ འཇིགས་ སྐུལ་ རིང་ ལུགས་ པར་ ངོ་ རྒོལ་ བྱེད་ མཁན་ གྱི་ མང་ ཚོགས་ ༡༠༠༠༠ འདུ་ འཛོམས་ བྱས་ སྐབས། ཁོང་ གིས་ ང་ ཚོ་ ཚང་ མ་ འཇར་ མན་ མི་ སེར་ ཡིན་ སྟབས། འཕྱར་ གྲུ་ མཉམ་ འདེགས་ བྱས་ ཏེ་ དྲག་ སྤྱོད་ པ་ རྩ་ མེད་ བཟོ་ དགོས་ ཞེས་ སོགས་ ཀྱི་ གཏམ་ བཤད་ སྤེལ་ ཡོད་ འདུག
དེ་ སྔོན་ འདོན་ ཐེངས་ རེར་ ཚགས་ དེབ་ ངོ་ བཤུས་ གྲངས་ ཁྲི་ ༦ རེ་ དཔར་ འགྲེམ་ བྱེད་ བཞིན་ ཡོད་ ཀྱང་ ། ཐེངས་ འདིར་ ཚགས་ དེབ་ ངོ་ བཤུས་ གྲངས་ ས་ ཡ་ ༥ དཔར་ འགྲེམས་ བྱས་ ཏེ། སྐད་ ཡིག་ ༡༦ གི་ ནང་ དུ་ བསྒྱུར་ རྒྱུའི་ ཐག་ གཅོད་ བྱས་ ཡོད་ འདུག ཚགས་ དེབ་ ཀྱི་ སྤྱི་ ཁྱབ་ རྩོམ་ སྒྲིག་ པ་ ཇེ་ རར་ ཌི་ (Gerard Biard) ཨེ་ ཕེ་ གསར་ ལམ་ ཐོག་ བརྗོད་ དོན། “ང་ ཚོས་ སྔོན་ མ་ ཚགས་ དེབ་ ངོ་ བཤུས་ གྲངས་ ༦༠༠༠༠ ཙམ་ རེ་ འདོན་ སྤེལ་ བྱེད་ བཞིན་ ཡོད་ ཀྱང་ ། རྒྱལ་ སྤྱི་ རྒྱལ་ ནང་ གི་ རྒྱ་ ཆེའི་ ཀློག་ པ་ མང་ པོ་ ཞིག་ གིས་ མངགས་ ཉོ་ བྱས་ པར་ བརྟེན་ ཏེ། ཐེངས་ འདིར་ ཚགས་ དེབ་ ངོ་ བཤུས་ གྲངས་ ས་ ཡ་ ༥ འདོན་ སྤེལ་ བྱས་ ཡོད་ པ་ མ་ ཟད། འདོན་ ཐེངས་ འདིའི་ ནང་ འཇིགས་ སྐུལ་ རིང་ ལུགས་ པའི་ ལག་ འོག་ ཏུ་ འདས་ གྲོངས་ སུ་ སོང་ བའི་ རི་ མོ་ བ་ ཁག་ ཅིག་ གིས་ དེ་ སྔོན་ ནས་ བྲིས་ ཡོད་ པའི་ རི་ མོ་ རྩ་ ཆེན་ པོ་ མང་ པོ་ ཞིག་ བཀོད་ ཡོད། ད་ ཐེངས་ ང་ ཚོར་ དུས་ དེབ་ འདི་ ནས་ ཁེ་ འབབ་ ཐོབ་ པ་ དག་ འདས་ གྲོངས་ སུ་ སོང་ བ་ དག་ གི་ ནང་ མི་ ཚོར་ འབུལ་ རྒྱུ་ ཡིན”ཞེས་ བརྗོད་ འདུག
འདོན་ ཐེངས་ འདིའི་ མདུན་ ངོས་ རི་ མོ་ འབྲི་ མཁན་ ལུ་ ཛི་ (Renald Luzier) ཡིས་ རྒྱལ་ སྤྱིའི་ གསར་ ལམ་ ཐོག་ བརྗོད་ དོན། “ང་ ཚོའི་ མཱོ་ ཧཱ་ མཱ་ ཋ་ མཆོག་ ནི་ ཚགས་ དེབ་ མདུན་ ཤོག་ སྟེང་ བྲིས་ པའི་ ངུ་ འབོད་ བྱེད་ མཁན་ དེ་ ལས་ ལྷག་ པ་ ཞིག་ ཡིན་ པ་ མ་ ཟད་ མེ་ མདའི་ རྗེས་ སུ་ རྒྱུག་ མཁན་ ལས་ བཟང་ བ་ ཡོད”ཅེས་ བརྗོད་ འདུག
ཨ་ རིའི་ ཕྱི་ སྲིད་ ལྷན་ ཁང་ གི་ མགྲིན་ ཚབ་ པ་ ལྕམ་ མཱ་ རེ་ (Marie Harf) ཡིས། “ང་ ཚོས་ ཤཱག་ ལི་ ཨེབ་ དྷོ་ ཚགས་ དེབ་ ཁང་ གིས་ གནས་ ཚུལ་ འདི་ འདྲ་ འདོན་ སྤེལ་ བྱས་ པར་ རྒྱབ་ སྐྱོར་ ཞུ་ བཞིན་ ཡོད་ པ་ མ་ ཟད། འདི་ ནི་ དམངས་ གཙོའི་ ནང་ ཡོང་ དགོས་ པ་ ཞིག་ ཆགས་ ཡོད།”ཅེས་ བརྗོད་ འདུག
ཟླ་ འདིའི་ ཚེས་ ༧ ཉིན་ དྲག་ སྤྱོད་ པ་ ཤེ་ རིབ་ ཁཱོ་ ཝ་ ཆཱི་ (Cherif Kouachi)དང་ ས་ ཡི་ ཌཱ་ ཁཱོ་ ཝ་ ཆཱི་ (Said Kouachi)ཕུ་ ནུ་ གཉིས་ ཀྱིས་ ཚགས་ དེབ་ ཁང་ དེར་ འཇབ་ རྒོལ་ བྱས་ ཏེ་ རྩོམ་ སྒྲིག་ པ་ དང་ ཁོའི་ སྐུ་ སྲུང་ བ་ ཚུད་ པའི་ གསར་ འགོད་ པ་ ༡༢ སྡེབ་ གསོད་ བཏང་ ཡོད་ སྟབས། རྒྱལ་ ཁབ་ མང་ པོ་ ཞིག་ གི་ སྲིད་ འཛིན་ དང་ སྲིད་ བློན་ གཙོས་ པའི་ མཐོ་ རིམ་ དཔོན་ རིགས་ ཚོས་ སྣེ་ འཁྲིད་ དེ་ མི་ མང་ ས་ ཡ་ ༣ ལྷག་ གིས་ “ང་ ཤཱག་ ལི་ ཨེབ་ དྷོ་ ཡིན།”དྲག་ སྤྱོད་ པ་ རྩ་ མེད་ བཟོ་ དགོས་ པའི་ ངོ་ རྒོལ་ དང་ ། འདས་ གྲོངས་ སུ་ ཕྱིན་ པ་ དག་ ལ་ གདུང་ སེམས་ མཉམ་ སྐྱེད་ ལས་ འགུལ་ སྤེལ་ ཡོད།
དེ་ རིང་ ཤཱག་ ལི་ ཨེབ་ དྷོ་ ཚགས་ དེབ་ ཁང་ གིས་ གོད་ ཆགས་ རྗེས་ ཀྱི་ འདོན་ ཐེངས་ དང་ པོ་ དཔར་ འགྲེམས་ བྱས་ པ་ དང་ བསྟུན་ ཏེ། འཛམ་ གླིང་ གི་ གསར་ ཁང་ ཆེ་ ཁག་ མང་ པོ་ ཞིག་ གིས་ གནས་ ཚུལ་ གཙོ་ བོའི་ གྲས་ སུ་ བཞག་ སྟེ་ འགོད་ སྤེལ་ བྱས་ ཡོད་ པ་ དང་ ། ཧྥ་ རན་ སིའི་ གསར་ ལམ་ ལི་ ཌོན་ ཌི་ (Le Monde) དང་ ། ལི་ ཧྥེ་ གྷ་ རོ་ (Le Figaro)། (Liberation)། བརྙན་ འཕྲིན་ བརྒྱུད་ ལམ་ (TF1) སོགས་ ཀྱིས་ ཤཱག་ ལི་ ཨེབ་ དྷོ་ འདོན་ ཐེངས་ འདིའི་ མདུན་ ཤོག་ སྟེང་ གི་ རི་ མོ་ དེ་ སོ་ སོའི་ ཚགས་ ཤོག་ ནང་ བཀོད་ ཡོད་ འདུག
གཞན། ཨི་
དབྱིན་ ཡུལ་ གྱི་ རང་ བཙན་ གསར་ ཤོག་ (Independent newspaper) ཅེས་ པས་ ཤཱག་ ལི་ ཨེབ་ དྷོ་ མདུན་ ཤོག་ སྟེང་ གི་ རི་ མོ་ བཀོད་ ཡོད་ པ་ དང་ ། ཆ་ འཕྲིན་ (Telegraph) གྱི་ དྲ་ ཚིགས་ ཀྱིས་ ཤཱག་ ལི་ ཨེབ་ དྷོ་ འདོན་ ཐེངས་ འདིའི་ གནས་ ཚུལ་ བཀོད་ ཡོད་ ཀྱང་ མཱོ་ ཧཱ་ མཱ་ ཋ་ ཡི་ ཟུར་ ཟའི་ རི་ མོ་ དེ་ མེད་ པ་ བཟོས་ ཡོད་ འདུག གྷར་ ཌིན་ (Guardian ) དྲ་ ཚིགས་ ཐོག་ གནས་ ཚུལ་ དེ་ བཀོད་ ཡོད་ ཀྱང་ ། དེར་ ལྟ་ སྐབས་ འདིའི་ ནང་ དུས་ དེབ་ ཀྱི་ ངོ་ ཤོག་ རི་ མོ་ དེ་ བཀོད་ ཡོད་ པས་ ཁ་ ཤས་ ཀྱིས་ འདི་ ཁྲིམས་ འགལ་ ཡིན་ པར་ ངོས་ འཛིན་ བྱེད་ སྲིད་ ཅེས་ བཀོད་ ཡོད་ འདུག ཨ་ རིའི་ ནེའུ་ ཡོག་ དུས་ བབ་ དྲ་ ཚིགས་ སྟེང་ ཤཱག་ ལི་ ཨེབ་ དྷོ་ འདོན་ ཐེངས་ འདིའི་ ངོ་ ཤོག་ གི་ རི་ མོའི་ གནས་ ཚུལ་ བཀོད་ ཡོད་ ཀྱང་ ། དྲ་ ཚིགས་ ལྟ་ ཀློག་ བྱེད་ སྐབས་ ཧྥ་ རན་ སིའི་ གསར་ འགྱུར་ བརྒྱུད་ ལམ་ (Liberation) ཞེས་ པའི་ དྲ་ འབྲེལ་ སྤྲད་ ཡོད་ པ་ ལས་ རི་ མོ་ དེ་ བཀོད་ མེད་ པ་ ལྟར། (Wall Street Journal) ངོས་ ནས་ ཀྱང་ ལངས་ ཕྱོགས་ གཅིག་ མཚུངས་ བཟུང་ འདུག
ཁ་
དེ་ རིང་ ཧྥ་ རན་ སིའི་ ཞོགས་ པའི་ ཆུ་ ཚོད་ ལྔ་ པ་ ཡོལ་ ཙམ་ ལ་ ཤཱག་ ལི་ ཨེབ་ དྷོ་ ཡི་ དུས་ དེབ་ དེ་ ཚོང་ མགོ་ བཙུགས་ ཡོད་ པ་ མ་ ཟད། བྲིན་ རྒྱུག་ ཆེན་ པོ་ འགྲོ་ བཞིན་ ཡོད་ སྟབས། ཧྥ་ རན་ སིའི་ ཆུ་ ཚོད་ ༢༤ གསར་ ཁང་ གི་ གསར་ འགོད་ པས་ རྒྱལ་ སའི་ མེ་ འཁོར་ འབབ་ ཚུགས་ སུ་ དུས་ དེབ་ ཚོང་ མཁན་ གྷ་ རེ་ (Gare du Nord) ལགས་ ལ་ སྐད་ ཆ་ དྲིས་ སྐབས། ཁོས་ ང་ ལ་ ཚགས་ དེབ་ གྲངས་ ༢༠༠ ཡོད་ པ་ སྐར་ མ་ ༡༥ ནང་ ཚང་ མ་ བཙོང་ ཚར་ སོང་ ཞེས་ དང་ ། ཡང་ རའུ་ ཌར་ གསར་ ཁང་ གི་ གསར་ འགོད་ པ་ ཞིག་ གིས་ ཌ་ ཝུ་ ཌི (David Sullo) ལགས་ ལ་ ཚགས་ དེབ་ དེ་ ཉོ་ དགོས་ དོན་ གང་ ཡིན་ དྲིས་ པར་ ཁོ་ མོས། སྔོན་ མ་ ངས་ དུས་ དེབ་ དེ་ ཉོ་ མྱོང་ མེད་ ཀྱང་ ། ད་ རེབ་ མི་ ཚོགས་ མང་ པོའི་ འཚང་ ཁར་ མ་ འཛེམས་ པར་ སྨྲ་ བརྗོད་ རང་ དབང་ ལ་ རྒྱབ་ སྐྱོར་ ཞུ་ ཆེད་ ཉོས་ པ་ ཡིན་ ཞེས་ བརྗོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།

