ཕྱི་ ཚེས་ ༡༥ ཉིན་ གྱི་ སྔ་ དྲོར་ རྒྱ་ ནག་ ཨན་ ཧེ་ ཞིང་ ཆེན་ ཧྥོ་ ཡང་ གྲོང་ ཁྱེར་ གྱི་ སྲིད་ གཞུང་ ལས་ ཁུངས་ མདུན་ དུ་ སྐྱེས་ པ་ ཞིག་ གིས་ ངོ་ རྒོལ་ བྱས་ ཏེ་ རང་ ལུས་ མེར་ བསྲེགས་ བཏང་ ཡོད་ འདུག
ཟླ་ འདིའི་ ཕྱི་ ཚེས་ ༡༥ ཉིན་ སྔ་ དྲོ་ པེ་ ཅིན་ གྱི་ ཆུ་ ཚོད་ ༩ ཙམ་ པ་ ལ། རྒྱ་ ནག་ ཨན་ ཧེ་ ཞིང་ ཆེན་ ཧྥོ་ ཡང་ གྲོང་ ཁྱེར་ གྱི་ སྲིད་ གཞུང་ ལས་ ཁུངས་ མདུན་ དུ། སྐྱེས་ པ་ ཞིག་ གིས་ རང་ ལུས་ མེར་ བསྲེགས་ བཏང་ ནས་ ངོ་ རྒོལ་ བྱས་ ཡོད་ པ་ དང་ ། ཅུང་ ཙམ་ འགོར་ རྗེས་ ཉེ་ འགྲམ་ གྱི་ཉེན་ རྟོག་ པ་ ཞིག་ གིས་ མེ་ གསོད་ འཕྲུལ་ ཆས་ ཀྱིས་ མེ་ བསད་ དེ་ སྨན་ ཁང་ དུ་ བསྐྱལ་ ཡོད་ པ་ དང་ ། ད་ ལྟའི་ ཆར་ ཤི་ གསོན་ གྱི་ གནས་ ཚུལ་ གང་ ཡང་ གོ་ ཐོས་ མེད་ པར་ གྱུར་ ཡོད་ པ་ མ་ ཟད། ཝེ་ པའོ་ སོགས་ སུ་ ཐོན་ པའི་ དེ་ འབྲེལ་ གྱི་ པར་ རིས་ དང་ གནས་ ཚུལ་ རྣམས་ ནག་ གསུབ་ བཏང་ ཡོད་ འདུག
དངོས་ སུ་ མཐོང་ མཁན་ དང་ བརྒྱུད་ ལམ་ དུ་ ཐོན་ པའི་ འདྲ་ རིས་ ལས་ གསལ་ བ་ ལྟར་ ན། མི་ དེས་ པུས་ མོ་ ས་ ལ་ བཙུགས་ ཏེ་ རང་ ལུས་ སུ་ མེ་ ལྕེ་ དམར་ པོ་ ལྷབ་ ལྷུབ་ ཏུ་ འབར་ གྱིན་ ཡོད་ པ་ དང་ ། འགྲམ་ དུ་ མེ་ གསོད་ འཕྲུལ་ ཆས་ ཤིག་ ཀྱང་ བཞག་ འདུག སྐབས་ དེར་ ཉེ་ འགྲམ་ དུ་ མི་ མང་ པོ་ ཡོད་ པ་ མ་ ཟད། ཉེན་ རྟོག་ པ་ ཞིག་ གིས་ ལག་ གཉིས་ ཁུག་ མའི་ ནང་ དུ་ བཅུག་ སྟེ་ ལྟད་ མོ་ བལྟས་ ནས་ བསྡད་ ཡོད་ སྟབས། གནས་ ཚུལ་ དེ་ བརྒྱུད་ ལམ་ དུ་ ཁྱབ་ རྗེས་ མི་ མང་ པོས་ ཉེན་ རྟོག་ པ་ དེ་ དང་ མཐའ་ འཁོར་ གྱི་ མི་ ཚོའི་ བྱ་ སྤྱོད་ ལ་ སྐྱོན་ བརྗོད་ ཤུགས་ ཆེན་ བྱེད་ བཞིན་ འདུག
རྒྱ་ ནག་ གཞུང་ ཕྱོགས་ ནས་ ད་ ལྟའི་ ཆར་ མི་ དེས་ རང་ ལུས་ མེར་ བསྲེགས་ གཏོང་ དགོས་ པའི་ རྒྱུ་ རྐྱེན་ ཐད་ ཞིབ་ བཤེར་ བཞིན་ ཡོད་ ལུགས་ བསྒྲགས་ ཡོད་ ཀྱང་ ། པེ་ ཅིན་ གྱི་ གསར་ འགྱུར་ དྲ་ བ་ ཞེས་ པའི་ ནང་ སྐྱེས་ པ་ དེ་ གྲོང་ ཁྱེར་ སྲིད་ གཞུང་ གི་ ར་ བའི་ ལྷོ་ ངོས་ སུ་ གནས་ སྡོད་ བྱས་ ཡོད་ པ་ དང་ ། སྲིད་ གཞུང་ གིས་ ས་ གནས་ དེར་ མྱུར་ བགྲོད་ གཞུང་ ལམ་ གསར་ རྒྱག་ བྱས་ ཏེ་ ཁོ་ བོ་ གནས་ སྤོར་ དུ་ བཅུག་ ཡོད་ པ་ མ་ ཟད། གུན་ གསབ་ ཉུང་ ངུ་ ལས་ མ་ སྤྲད་ པར་ ངོ་ རྒོལ་ བྱས་ པ་ ཡིན་ ལུགས་ བརྗོད་ འདུག་ པ་ དང་ ། ས་ གནས་ དེར་ ལོ་ མང་ རིང་ ནས་ འཛུགས་ སྐྲུན་ ལས་ གཞི་ ཤུགས་ ཆེན་ སྤེལ་ ཏེ། མི་ མང་ བཙན་ གྱིས་ གནས་ སྤོ་ རུ་ བཅུག་ པ་ དང་ གུན་ གསབ་ ཉུང་ ཉུང་ ཞིག་ ལས་ སྤྲོད་ ཀྱི་ མེད་ པར་ བརྟེན། མི་ མང་ གིས་ ངོ་ རྒོལ་ ཐེངས་ མང་ བྱས་ ཡོད་ པ་ མ་ ཟད། ཕྱི་ ལོ་ ༢༠༡༣ ལོར་ ཀྲུའུ་ ཀྲིན་ ཉང་ ཟེར་ བའི་ རྒྱ་ མི་ ཞིག་ པེ་ ཅིན་ དུ་ ཕྱིན་ ཏེ་ གནམ་ བདེ་ སྒོ་ མོ་ ཆེའི་ མདུན་ དུ་ རང་ ལུས་ མེར་ བསྲེགས་ བཏང་ ཡོད་ འདུག
རྒྱ་ རིགས་ རྩོམ་ པ་ པོ་ གྲགས་ ཅན་ ཁྲིན་ ཝེ་ ཅན་ གྱིས་ བོད་ རྒྱ་ རང་ ལུས་ མེར་ བསྲེགས་ གཏོང་ མཁན་ ཚོའི་ སྐོར་ ལ་ དཔྱད་ རྩོམ་ ཞིག་ སྤེལ་ བའི་ ནང་ ། རྒྱ་ རིགས་ རང་ ལུས་ མེར་ བསྲེགས་ གཏོང་ མཁན་ གྱི་ གྲངས་ འབོར་ དེ་ བོད་ མི་ དང་ བསྡུར་ ན་ དེ་ ཙམ་ མང་ པོ་ མིན་ ཡང་ ། རྒྱ་ རིགས་ རང་ ལུས་ མེར་ བསྲེགས་ གཏོང་ མཁན་ མང་ ཆེ་ བ་ འབྱོར་ འབྲིང་ བ་ སྟེ་ དཔེར་ ན། ཁྲིན་ ཏུའུ་ རུ་ རང་ ལུས་ མེར་ བསྲེགས་ གཏོང་ མཁན་ ཐང་ ཧྥོ་ ཀྲིན་ དང་ ཀྲུའུ་ ཀྲིའི་ གྲོང་ ཁྱེར་ གྱི་ ཝང་ ཅཱ་ ཀྲིན་ སོགས་ སྒེར་ གྱི་ རླངས་ འཁོར་ དང་ ཐོག་ ཁང་ ། ས་ ཆ་ སོགས་ ཡོད་ པའི་ འབྱོར་ འབྲིང་ གྲལ་ རིམ་ གྱི་ ཕྱུག་ བདག་ ཆུང་ ཆུང་ དག་ རེད། ཡིན་ ནའང་ ། འདས་ པའི་ ལོ་ ༡༠ ཙམ་ གྱི་ ནང་ རྒྱ་ ནག་ གི་ འབྱོར་ འབྲིང་ གྲལ་ རིམ་ གྱི་ རྒྱུ་ དངོས་ ལ་ གྱོང་ གུད་ ཆེན་ པོ་ བྱུང་ བར་ བརྟེན། མི་ མང་ པོ་ ཨུ་ ཐུག་ ཐབས་ ཟད་ ཀྱིས་ རང་ ལུས་ མེར་ བསྲེགས་ ཀྱི་ ལམ་ ཀར་ ཞུགས་ དགོས་ ཁེལ་ གྱི་ ཡོད་ སྐོར་ བརྗོད་ འདུག
ཟླ་
དངོས་
རྒྱ་
རྒྱ་
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་ནས།

