རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

དྲིལ་མདའ་དགོན་པའི་གྲྭ་ཚེ་དབང་ལ་ཁྲིམས་ཆད།

ཁམས་སོག་རྫོང་ཁྲི་རུ་དྲིལ་མདའ་དགོན་པའི་གྲྭ་ཚེ་དབང་ལ་རྒྱ་གཞུང་གིས་ཁྲིམས་ཐག་ལོ་༡༠ བཅད་ཡོད་འདུག་ཀྱང་། ཞིབ་ཕྲའི་གནས་ཚུལ་ས་གནས་སུ་དམ་དྲག་གི་རྐྱེན་པས་ཤེས་རྟོག་ཐུབ་ཀྱི་མེད་པ་རེད།
དེ་ཡང་སྦེལ་རྗམ་དུ་གནས་སྡོད་རིན་ཆེན་གྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ཕྱི་ཟླ་༡ པོའི་ནང་གྲྭ་ཚེ་དབང་ལ་ཁྲིམས་
ཐག་བཅད་པ་ཙམ་ལས། ས་གནས་གང་དུ་ཁྲིམས་ཐག་བཅད་མིན་དང་། གང་དུ་བཙོན་འཇུག་བཀག་ཉར་བྱས་ཡོད་པའི་སྐོར་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
དེ་བཞིན་ཁོང་དང་མཉམ་དུ་འཛིན་བཟུང་བྱས་པའི་ཚངས་དབྱངས་རྒྱ་མཚོ་ལ་ལོ་༡༢ གྱི་ཁྲིམས་ཐག་བཅད་ཟིན་འདུག་པ་དང་། ཨ་ཚེ་དང་རྒྱལ་མཚན་གཉིས་ཀྱི་སྐོར་ད་དུང་ཤེས་རྟོག་ཐུབ་ཀྱི་མི་འདུག
༢༠༡༤ ཟླ་༣ ཚེས་༡༧ གྱི་མཚན་མོ་རྒྱ་གཞུང་གིས་ཁམས་སོག་རྫོང་ཁྲི་རུ་དྲིལ་མདའ་དགོན་པའི་དབུ་མཛད་ཚངས་དབྱངས་རྒྱ་མཚོ་དང་། ཚེ་དབང་། ཨ་ཚེ། རྒྱལ་མཚན་བཅས་གྲྭ་པ་༤ འཛིན་བཟུང་བཙོན་འཇུག་བྱས་ནས་ད་བར་ནང་མི་རྣམས་ནས་ཁོང་རྣམས་གར་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་མེད་པ་རེད་འདུག །
གསར་འགོད་པ་ངག་དབང་ཐར་པ།
བང་ཆེན་དྲ་བ་ནས།