ད་ ལྟའི་ བརྡ་ འཕྲིན་ དམག་ འཁྲུག་ གི་ དུས་ རབས་ ནང་ བོད་ མི་ ཚོའང་ ཉེན་ ཁ་ བརྒྱུད་ བཞིན་ ཡོད་ སྟབས། རང་ གི་ ཐོབ་ ཐང་ དང་ རང་ དབང་ རྩོད་ ལེན་ གྱི་ ཞོར་ དུ་ རང་ སྲུང་ བྱེད་ དགོས་ ཟེར།
དེ་ རིང་ ཕྱི་ དྲོའི་ ཆུ་ ཚོད་ ༣།༣༠ ཐོག་ བོད་ དོན་ ལས་ འགུལ་ བསྟི་ གནས་ ཁང་ གིས་ མེག་ གྷན་ ནོར་ བུ་ གསོལ་ མགྲོན་ ཁང་ གི་ ཚོགས་ ཁང་ དུ། དྲ་ རྒྱའི་ ཉེན་ སྲུང་ སྐོར་ གྱི་ ༼ བོད།
དྲ་
གློག་ བརྙན་ མགོ་ འཛུགས་ མ་ བྱས་ སྔོན་ ལ་ བསྟི་ གནས་ ཁང་ གི་ བློ་ བཟང་ རྒྱ་ མཚོ་ ལགས་ ཀྱིས། ད་ ལྟ་ བོད་ ཕྱི་ ནང་ གཉིས་ བར་ འབྲེལ་ ལམ་ ཤུགས་ ཆེ་ རུ་ ཕྱིན་ པ་ དང་ བསྟུན་ ཏེ། བརྡ་ འཕྲིན་ བརྒྱུད་ ཐོག་ ནས་ ཕན་ ཚུན་ ལ་ གནས་ ཚུལ་ མཁོ་ སྤྲོད་ བྱེད་ སྐབས། རྒྱ་ གཞུང་ གིས་ བོད་ ནང་ གི་ བོད་ མི་ མང་ པོ་ ཞིག་ འཛིན་ བཟུང་ བྱེད་ བཞིན་ ཡོད་ སྟབས། མ་ འོངས་ པར་ ཉེན་ ཁ་ འགོག་ ཆེད་ ཟབ་ སྦྱོང་ འདི་ གོ་ སྒྲིག་ བྱས་ པ་ ཡིན་ སྐོར་ དང་ ། ང་ ཚོར་ རྒྱ་ ནག་ གཞུང་ གི་ དྲ་ བའི་ དམག་ འཁྲུག་ ཇི་ ཙམ་ སྟོབས་ ཤུགས་ ཆེན་ པོ་ ཡོད་ ཀྱང་ ། ང་ ཚོར་ དེ་ དག་ སྔོན་ འགོག་ གི་ ནུས་ པ་ དང་ ཐབས་ ལམ་ ཡོད་ པ་ གསལ་ སྟོན་ བྱས་ པ་ དང་ འབྲེལ་ ཏེ། སྤྱི་ ཚོགས་ ནང་ བརྡ་ འཕྲིན་ ཉེན་ སྲུང་ སྐོར་ ལ་ གོ་ རྟོགས་ སྤེལ་ ཆེད་ ཡིན། ཞེས་ བརྗོད་ བྱུང་ །
ཡིག་ ཐོག་ གི་ གསལ་ བསྒྲགས་ ནང་ འཁོད་ དོན། དྲ་ བའི་ དམག་ འཁྲུག་ གསར་ པའི་ མདུན་ ས་ ཟེར་ བའི་ གློག་ བརྙན་ གྱི་ བསྟན་ དོན་ ནི། བོད་ པའི་ འཐབ་ རྩོད་ ཁྲོད་ བོད་ མི་ རྣམས་ ཀྱིས་ སོ་ སོའི་ གཉེན་ ཉེ་ དང་ གྲོགས་ པོ་ ཚོ་ དང་ འབྲེལ་ བ་ མུ་ མཐུད་ དུ་ ཉར་ བ་ དང་ ། ལྷག་ པར་ དུ་ རྒྱ་ ནག་ གཞུང་ གིས་ བཏང་ བའི་ དྲ་ ཐོག་ གི་ འཇབ་ རྒོལ་ རིགས་ ལ་ འགོག་ སྲུང་ དང་ ལྷན་ དུ་ སོ་ སོའི་ རང་ དབང་ དང་ ཐོབ་ ཐང་ གི་ འཐབ་ རྩོད་ དེའང་ རྒྱ་ ཆེ་ རུ་ གཏོང་ གི་ ཡོད་ པའི་ སྐོར་ འཁོད་ འདུག་ ལ། གློག་ བརྙན་ འདིའི་ ཁོངས་ སུ་ ཁེ་ ན་ ཌ་ ཀྲོ་ རོན་ ཀྲོ་ གཙུག་ ལག་ སློབ་ ཆེན་ གྱི་ རྒྱལ་ སྤྱིའི་ གནད་ དོན་ སློབ་ གླིང་ མི་ མང་ བརྟག་ དཔྱད་ ཁང་ གི་ ཆེད་ མཁས་ པ་ འགར་ བཅར་ འདྲི་ བྱས་ ཡོད་ ཅིང་ ། ཁོང་ ཚོ་ ནི་ ༢༠༠༩ ལོར་ རྒྱ་ ནག་ གཞུང་ གིས་ བོད་ མིའི་ སྤྱི་ ཚོགས་ དང་ སྐུ་ སྒེར་ ཡིག་ ཚང་ གཙོས་ རྒྱལ་ སྤྱིོའི་ ཐོག་ གི་ གཞུང་ སྒེར་ ཚོགས་ པ་ མང་ པོ་ ཞིག་ ལ་ དྲ་ བའི་ གཏོར་ བཅོམ་ དང་ གསང་ ཉུལ་ བྱེད་ ཀྱིན་ ཡོད་ པའི་ སྐོར་ གྱི་ (GhostNet) ཟེར་ བའི་ སྙན་ ཐོ་ འདོན་ མཁན་ དེ་ ཡིན་ འདུག
ཕྱི་ གླིང་ བ་ ནེ་ ཐན་ ཧྥི་ ཌ་ སེ་ (Nathan Freitas)ལགས་ ཀྱིས་ བརྗོད་ དོན། ངའི་ དམིགས་ ཡུལ་ ནི་ རྒྱལ་ སྤྱིའི་ མང་ ཚོགས་ ཚོར་ རོགས་ རམ་ བྱས་ ཏེ་ བཀག་ རྒྱ་ མེད་ པར་ རང་ དབང་ གི་ ཐོག་ ནས་ འབྲེལ་ ལམ་ བྱེད་ རྒྱུ་ དེ་ ཡིན། ང་ དྲ་ རྒྱ་ དང་ འཕྲུལ་ རིག་ ལ་ དགའ་ ཞེན་ ཡོད་ མཁན་ ཞིག་ ཡིན་ སྟབས། དྲ་ རྒྱར་ འཇབ་ རྒོལ་ བྱེད་ མཁན་ དང་ བེད་ སྤྱོད་ ལོག་ པ་ བཏང་ སྟེ་ མི་ གཞན་ ལ་ གནོད་ སྐྱེལ་ མཁན་ ཚོར་ ཁོང་ ཁྲོ་ ཟ་ གི་ འདུག གལ་ སྲིད་ ཁྱེད་ ཀྱིས་ དྲ་ རྒྱའི་ དམག་ འཁྲུག་ ལ་ ཉམས་ ཞིབ་ བྱས་ ཚེ་ ཁྱེད་ རང་ ཞེད་ སྣང་ སྐྱེ་ དགོས་ པ་ ཞིག་ ཡིན་ པ་ མ་ ཟད། འཕྲུལ་ ལས་ ཤུགས་ ཆེ་ རུ་ ཕྱིན་ པ་ དང་ བསྟུན་ ཏེ་ དྲ་ རྒྱའི་ དམག་ འཁྲུག་ ཁྲོད་ ཁྱེད་ རང་ ལའང་ ཉེན་ ཁ་ གཅིག་ མཚུངས་ འཕྲད་ བཞིན་ ཡོད་ སྟབས། དེ་ རིང་ གཟིགས་ འབུལ་ ཞུས་ པའི་ སྙན་ ཐུང་ དེ་ བརྒྱུད་ ནས་ ཉེན་ ཁ་ དེ་ དག་ འགོག་ པའི་ ཐབས་ ལམ་ འཚོལ་ ཆེད་ ཡིན། ཞེས་ བརྗོད་ བྱུང་ །
ཁོས་
དེ་ བཞིན་ དེ་ རིང་ བསྟི་ གནས་ ཁང་ གིས་ འགྲེམས་ སྤེལ་ བྱས་ པའི་ ལག་ དེབ་ ཞིག་ ནང་ ། ཁྱོད་ ཀྱི་ ལག་ འཁྱེར་ ཁ་ པར་ ནང་ སྐད་ འཕྲིན་ ནང་ འཇུག་ བྱེད་ པ་ ནི། ཁྱོད་ ཀྱིས་ རྒྱ་ གཞུང་ མགྲོན་ འབོད་ བྱས་ ནས་ སོ་ སོར་ སོ་ ལྟ་ བྱེད་ དུ་ འཇུག་ པ་ ལྟ་ བུ་ ཡིན། རྒྱ་ ནག་ ཏུ་ ཡོད་ པའི་ སྐད་ འཕྲིན་ གྱི་ ཞབས་ ཞུ་ ལྟེ་ བ་ དེས་ ཁྱོད་ ཀྱི་ སྐོར་ དང་ ཁྱོད་ ཀྱི་ འབྲེལ་ མིང་ ། ཁ་ པར་ དང་ འཕྲིན་ ཐུང་ ། གླེང་ མོལ་ བཅས་ གསོག་ ཉར་ དང་ ཞིབ་ ལྟ་ བྱེད་ ཐུབ་ ཀྱི་ ཡོད་ པ་ མ་ ཟད། རྒྱ་ ནག་ གཞུང་ ལ་ མི་ སྒེར་ གྱི་ གནས་ ཚུལ་ སོགས་ ལྐོག་ ལྟ་ བྱེད་ འཇུག་ གི་ ཡོད་ སྟབས། གལ་ སྲིད་ ཁྱེད་ ཀྱི་ ཁ་ པར་ སྟེང་ སྐད་ འཕྲིན་ ཡོད་ ཚེ། ཁྱོད་ ཀྱིས་ གང་ བྱས་ པ་ དག་ ལ་ རྒྱ་ གཞུང་ གིས་ ལྟ་ རྟོག་ བྱེད་ ཀྱི་ ཡོད་ པ་ མ་ ཟད། འབྲེལ་ བ་ བྱེད་ ས་ ཁག་ ཀྱང་ ཉེན་ ཁའི་ གནས་ སུ་ ལྷུང་ གི་ ཡོད་ སྟབས། སྐད་ འཕྲིན་ བེད་ སྤྱོད་ མ་ བཏང་ སྔོན་ ལ་ བསམ་ བློ་ ཡག་ པོ་ ཐོངས་ ཞེས་ སོགས་ བཀོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།

