ཨ་
ཟླ་ འདིའི་ ཕྱི་ ཚེས་ ༨ ཉིན་ ཨ་ རིར་ ཡོད་ པའི་ རྒྱ་ ནག་ གི་ གཞུང་ ཚབ་ པ་ ཚེ་ ཐེན་ ཁེ་
ཟླ་ འདིའི་ ཕྱི་ ཚེས་ ༦ ཉིན། ཨ་ རིའི་ རྒྱལ་ ཁབ་ བདེ་ འཇགས་ ལྷན་ ཁང་ གི་ སློབ་ སྟོན་ པ་ ལྕམ་ ཨེ་ ལི་ ཛཱ་ བྷེ་ ཊི་ རི་ སི་ (Susan Elizabeth Rice)མཆོག་ གིས། ཨ་ རིའི་ གཞུང་ གིས་ རྒྱ་ ནག་ གི་ སྲིད་ འཛིན་ ཞི་ ཅིན་ ཕིན་ དང་ ཉི་ ཧོང་ གི་ སྲིད་ བློན་ ཤིན་ ཛོ་ ཨ་ བྷེ་ རྣམ་ གཉིས་ ཨ་ རིའི་ ནང་ རྒྱལ་ དོན་ མཚམས་ གཟིགས་ སུ་ ཕེབས་ པར་ མགྲོན་ འབོད་ གནང་ ཡོད་ པ་ དང་ ། དེ་ བཞིན་ ལྷོ་ ཀོ་ རི་ ཡའི་ སྲིད་ འཛིན་ ཕག་ ཇན་ ཧེ་ (Park Geun-hye)དང་ ། ཧིན་ རྡུ་ ཉི་ ཞི་ ཡའི་ སྲིད་ འཛིན་ ཇོ་ ཁོ་ ཝེ་ ཌོ་ ཌོ་ ( Joko Widodo) རྣམ་ གཉིས་ མགྲོན་ འབོད་ གནང་ ཡོད་ ལ། དེ་ ནི་ ཨ་ རིའི་ གཞུང་ གིས་ ཞི་ བདེ་ རྒྱ་ མཚོའི་ ཁུལ་ དང་ ཨེ་ ཤ་ ཡ་ ནང་ དུ་ བསྐྱར་ ལོག་ གི་ སྲིད་ བྱུས་ ཕྱོགས་ ཡོངས་ ནས་ ལག་ བསྟར་ བྱེད་ ཀྱི་ ཡོད་ པ་ མཚོན་ ཡོད་ སྐོར་ བརྗོད་ འདུག
འདས་ ལོའི་ ཕྱི་ ཟླ་ ༡༡ ནང་ པེ་ ཅིན་ དུ་ ཚོགས་ པའི་ ཞི་ བདེ་ རྒྱ་ མཚོའི་ མངའ་ ཁུལ་ གྱི་ དཔལ་ འབྱོར་ མཉམ་ ལས་ གླེང་ སྟེགས་ ཐོག སྲིད་ འཛིན་ ཨོ་ བྷ་ མ་ དང་ ཞི་ ཅིན་ ཕིན་ གཉིས་ མཇལ་ འཕྲད་ བྱུང་ རྗེས། རྒྱལ་ ཁབ་ གཉིས་ ཀྱི་ བར་ དྲ་ རྒྱའི་ འགོག་ རྒོལ་ གནད་ དོན་ ཐད་ ཕན་ ཚུན་ སྐྱོན་ འཛུགས་ བྱས་ ཡོད་ པ་ དང་ ། དེ་ བཞིན་ ལྷོ་ རྒྱ་ ནག་ རྒྱ་ མཚོ་ དང་ ཞི་ བདེ་ རྒྱ་ མཚོའི་ མངའ་ ཁུལ་ གྱི་ མཚོ་ གླིང་ གནད་ དོན་ བཅས་ ནི་ ཨ་ རྒྱ་ བར་ གྱི་ རྩོད་ རྙོག་ ཆེ་ ཤོས་ ཤིག་ ཏུ་ གྱུར་ ཡོད་ འདུག
ཟླ་ འདིའི་ ཕྱི་ ཚེས་ ༧ ཉིན་ རྒྱ་ ནག་ ནང་ གི་ ཨ་ རིའི་ སྐུ་ ཚབ་ དོན་ གཅོད་ ཟུར་ པ་ ལོ་ ཅཱ་ ཧེ་ ཡིས། ཨ་ རྒྱ་ གཉིས་ ཀྱི་ འབྲེལ་ བ་ ནི་ ཧ་ ཅང་ རྙོག་ འཛིང་ ཆེ་ བ་ ཞིག་ ཡིན་ ནའང་ ། རྒྱ་ ནག་ གི་ སྟོབས་ འབྱོར་ གྱིས་ ཨ་ རིར་ ཁེ་ ཕན་ བསྐྲུན་ གྱི་ ཡོད་ ལ། ཨ་ རྒྱ་ གཉིས་ ཀྱི་ འབྲེལ་ ལམ་ སྲ་ བརྟན་ གྱིས་ འཛམ་ གླིང་ སྤྱི་ ཡོངས་ ལ་ ཁེ་ ཕན་ བསྐྲུན་ གྱི་ ཡོད་ སྐོར་ བརྗོད་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།
