རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

སུ་ཞིག་གིས་མཚོ་སྔོན་པོ་སྲུང་སྐྱོབ་བྱེད་ཐུབ།

  སྤྱི་ལོ༢༠༡༥ལོའི་ཟླ༢ཚེས་༡༠མཚན་མོའི་དུས་ཚོད་༡༡ཡས་མས་སུ་མཚོ་ལྷོ་བྲག་དཀར་རྫོང་དཔལ་ཁ་ཧྲོང་བོ་སྡེ་བའི་ཁོར་ཡུག་སྲུང་སྐྱོབ་བློ་སེམས་གཅིག་སྒྲིལ་ཚོགས་པ་གངས་ཅན་བོད་ཀྱི་བླ་མཚོ་སྟེ་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་འགྲམ་དུ་འབྱོར། འབྱོར་བ་ནས་མཚན་གང་བོར་མཚོ་འགྲམ་གྱི་འབྲོག་པ་མཚོ་སྲུང་བ་ཚོ་དང་ལྷན་དུ་མཚོ་
མཐའ་ཉུལ་ནས་སོ་སྲུང་བྱས། ནམ་ལངས་པ་དང་མཉམ་དུ་ཉ་རྒྱ་འཚོལ་བར་ཆས་དུས་དེ་གའི་འབྲོག་པ་ཚོ་ཅུང་སྐྲག་པའི་
ཉམས་ཀྱིས་༼ཉ་བ་དེ་དག་དང་ངེད་ཚོའི་བར་ལ་འཁོན་རྡུང་རེས་མང་བོ་བྱུང་། ང་ཚོའི་རླངས་འཁོར་ཡང་ཁོ་ཚོས་ཐེངས་མང་བཅག ད་སྔ་གཏུག་གཤེར་བྱས་པ་ཡང་ད་རུང་ཐག་ཆོད་མེད་༽ཅེས་བརྗོད།  ངེད་ཅག་དར་ཐོག་ལ་ཐོན་དུས་དར་ཁུང་ཤིན་ཏུ་མང་བོ་མཐོང་ལ་མཚོ་ནང་དུ་གཅིག་འཕྲོར་གཅིག་མཐུད་དེ་སྤྱི་ལེ་འགར་ཉ་རྒྱ་མང་བོ་བཏང་འདུག་པ་མཐོང་།  དེ་དག་ལས་ངེད་ཚོས་ཉ་རྒྱ་བཅུ་གསུམ་ལྷག་ལས་ལེན་མ་ཐུབ། ཉ་རྒྱ་གཅིག་གི་ནང་ན་ཉ་བརྒྱ་ལྷག་འདུག་པ་དང་དེ་ལས་མང་མཐར་ཡང་ཉ་བཞི་བཅུ་ཙམ་ལས་ཚང་མ་ཤི་འདུག་པས་སྐྱོབ་ཐབས་བྲལ།  སྔོན་བོད་ཀྱི་མེས་པོ་དག་གིས་རི་རྒྱ་ཀླུང་རྒྱ་སྡོམ་པའི་ཁྲིམས་བཞག་པ་དང་བོད་མི་དག་ཀྱང་རང་བཞིན་གྱིས་སྙིང་རྗེ་ཆེ་བས་ད་བར་དུ་སྣོད་བཅུད་དོ་མཉམ་དུ་གནས་པ་རེད།  ཡིན་ནའང་སྙིང་རྗེ་སྤུ་ཙམ་མེད་པའི་ཉ་བ་དག་གིས་རང་གི་ཧམ་པ་དང་འདྲ་བའི་ཉ་རྒྱ་མང་བོ་ཚོད་མེད་དུ་བཏང་འདུག་པ་མཐོང་ཚེ་ཞེ་རྩ་འཁྱག་སིབ་བེ་དང་སེམས་པ་བློང་བློང་བོར་གྱུར། ཡིན་ནའང་ངེད་ཅག་གི་ནུས་པ་ནི་ཚད་ཡོད་ཅིག་ཡིན་པས་སེམས་སྐྱ་མོ་ཐང་ལ་ལྷུང་ནས་ཕྱིར་ཡུལ་ལ་འཁོར།
༼གལ་ཆེ་ལ་བྲེལ་དགོས་པའི་འབོད་སྐུལ། ༽
      ད་དུང་མཚོ་སྔོན་པོའི་ནང་ན་ཉ་རྒྱ་མང་བོ་ཞིག་འདུག    དེ་དག་ལེན་མ་ཐུབ་པར་དར་ཞི་ནས་མཚོ་གཏིང་ལ་ཤོར་ཚེ་དེའི་མཇུག་འབྲས་ནི་བློར་མི་ཤོང་བ་ཞིག་རེད།   དར་ཡང་ཁ་སང་དེ་རིང་ཞི་བཞིན་འདུག་པས་གལ་ཏེ་ཉ་དང་བཅས་པའི་མཚོ་སྔོན་པོ་བསྐྱབ་པར་འདོད་ཚེ་མྱུར་དུ་ཕེབས་རོགས་ཞེས་ཞུ་བ་འབུལ་ལོ། །  
ཞེས་པ་འདི་ནི་མཚོ་སྲུང་ལ་ཕེབས་པའི་ཚོགས་པ་འདིའི་ངག་བཞིན་སྒྲོ་སྐུར་སྤངས་ཏེ་ཆོས་སྐྱོང་རྒྱལ་གྱིས་བྲིས་པའོ། །༄༅། །བཙན་པོའི་མགར་གྱི་དྲ་བ་ནས།