རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཨུ་རུ་སིའི་ལོ་ངོ་བརྒྱའི་ལོ་རྒྱུས་ལྡན་པའི་དཔེ་མཛོད་ཁང་ལ་མེ་ཤོར། གནའ་དཔེ་འབོར་ཆེན་མེར་བརླག་ཐེབས།

 ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་དྲ་བ།   རྩོམ་སྒྲིག་པ།  སྒྲོལ་ཚེས་བསྒྲིགས།
ཨུ་རུ་སིའི་རྒྱལ་ས་མོ་སི་ཁོ་རུ་ཡོད་པའི་ཨུ་རུ་སིའི་ཚན་རིག་སློབ་གླིང་སྤྱི་ཚོགས་རིག་པའི་བརྡ་འཕྲིན་ཞིབ་འཇུག་ཁང་གི་དཔེ་མཛོད་ཁང་ལ་མེ་སྐྱོན་བྱུང་བ་དང་། མེ་སྐྱོན་ཆེན་པོ་དེ་ཟླ་གཉིས་པའི་ཚེས་གཅིག་ཉིན་གྱི་ཞོགས་
པར་བསད་པ་རེད། དཔེ་ཆར་བརྒྱ་ཆའི་བཅོ་ལྔར་གཏོར་བརླག་ཐེབས་ཡོད་ལ། ད་ཆ་གཙང་བཤེར་གྱི་བྱ་བ་སྔར་བཞིན་སྤེལ་བཞིན་ཡོད།
བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་ཚེས ༡/༣༠ ཉིན་གྱི་མཚན་མོར་དཔེ་མཛོད་ཁང་གི་བརྩེགས་རིམ་གསུམ་པར་གློ་བུར་མེ་སྐྱོན་བྱུང་ཞིང་། མེ་ཆེན་དེ་མྱུར་མོར་གང་སར་མཆེད་དེ་ཐོག་ཁང་ཧྲིལ་བོ་འབར་བ་རེད། མེ་གསོད་མི་སྣ་བརྒྱ་ཕྲག་འགས་ཉིན་ཞག་གཅིག་ལ་འབད་བརྩོན་བྱས་པས་མེ་ཆེན་གསོད་ཐུབ་པ་བྱུང་བ་དང་། རགས་རྩིས་བྱས་པ་ལྟར་ན་མེར་འབར་བའི་རྒྱ་ཁྱོན་སྨིད་ངོས་སྙོམས་གྲུ་བཞི་མ་སྟོང་གཉིས་ཙམ་ཡིན་པ་དང་། སྨིད་ངོས་སྙོམས་གྲུ་བཞི་མ་སྟོང་གཅིག་ཙམ་གྱི་ཁང་ཀླད་རྡིབས་འདུག་ཟེར། ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་བསྒྲགས་པ་ལྟར་ན། ཐོག་ཁང་དེར་སྔར་ལས་རྡིབས་སྐྱོན་ཚབས་ཆེན་འབྱུང་བའི་ཉེན་ཁ་ཡོད་ཟེར། རྟོག་ཞིབ་རགས་པ་ལྟར་ན། མེ་སྐྱོན་དེ་ནི་གློད་སྐུད་ཆད་པ་ལས་བྱུང་བ་ཡིན་ངེས་རེད།
མོ་སི་ཁོའི་བྲེལ་མྱུར་གནས་ཚུལ་སྤྱི་ཁྱབ་ཅུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཙོ་ལོ་ཐའོ་ཝ་ཡིས་བརྗོད་དོན་ལ། མེ་གསོད་སྐབས་དཔེ་ཆ་འགྱིག་ཐུམ་གྱིས་གཡོགས་ནས་གྱོང་གུད་ཇེ་ཆུང་དུ་གཏོང་ཅི་ཐུབ་བྱས་ཡོད་ཟེར། ཨུ་རུ་སིའི་ཚན་རིག་གླིང་སྤྱི་ཚོགས་རིག་པའི་བརྡ་འཕྲིན་ཞིབ་འཇུག་ཁང་གི་མགོ་བ་ཕཱ་ཨར་ཧཱ་ལིན་ནཱ་ཡིས་བསྟན་དོན། མེ་སྐྱོན་དེ་ལས་གསབ་ཐབས་མེད་པའི་གྱོང་གུད་ཚབས་ཆེན་བཟོས་ཡོད་ཟེར།
ཨུ་རུ་སིའི་ཚན་རིག་གླིང་སྤྱི་ཚོགས་རིག་པའི་བརྡ་འཕྲིན་ཞིབ་འཇུག་ཁང་གི་དཔེ་མཛོད་ཁང་དེ་གཅིག་སྟོང་དགུ་བརྒྱ་བཅོ་བརྒྱད་ལོར་འཛུགས་སྐྲུན་བྱས་པ་དང་། ཨུ་རུ་སིའི་དཔེ་མཛོད་ཁང་ཆེན་མོ་བཞི་བ་དང་མོ་སི་ཁོའི་དཔེ་མཛོད་ཁང་ཆེན་མོ་གཉིས་པ་རེད། དཔེ་མཛོད་ཁང་དེར་དུས་རབས་བཅུ་དྲུག་པ་དང་དུས་རབས་ཉི་ཤུའི་བར་གྱི་གནའ་བོའི་སི་ལཱ་ཧྥུའུ་སྐད་དང་དེང་རབས་ཀྱི་ཨུ་རུ་སིའི་སྐད། དེ་མིན་ཡོ་རོབ་གླིང་གི་སྐད་བརྡའི་ཡིག་ཆ་རྩ་ཆེན་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་གཉིས་ཙམ་ཉར་ཚགས་བྱས་ཡོད་པ་རེད།
ཁ་བྱང་ཕྱི་མོ། ཨུ་རུ་སིའི་ལོ་ངོ་བརྒྱའི་ལོ་རྒྱུས་ལྡན་པའི་དཔེ་མཛོད་ཁང་ལ་མེ་ཤོར། གནའ་དཔེ་འབོར་ཆེན་མེར་བརླག་ཐེབས།
རྩོམ་འགན་པ། སྒྲོལ་ཚེ།