ཁ་ སང་ སྔ་ དྲོར་ ལྷོ་ ཨ་ ཧྥེ་ རི་ ཁའི་ གཏེར་ ཁ་ སྔོག་ འདོན་ ཁང་ ཞིག་ གི་ ས་ འོག་ ཕུག་ ལམ་ ནང་ མེ་ སྐྱོན་ བྱུང་ སྟེ། གཏེར་ ལས་ པ་ ༤༨༦ ས་ འོག་ ཏུ་ ཚུད་ ཡོད་ ཀྱང་ ཚང་ མ་ སྲོག་ ཉེན་ ལས་ བསྐྱབས་ ཐུབ་ ཡོད་ འདུག
བརྒྱུད་ ལམ་ ཁག་ ནས་ གནས་ ཚུལ་ ཐོན་ པ་ ལྟར་ ན། ཁ་ སང་ སྔ་ དྲོར་ ལྷོ་ ཨ་ ཧྥེ་ རི་ ཁའི་
དེ་ རིང་ སྔ་ དྲོར་ གཏེར་ ཁ་ སྔོག་ འདོན་ ཁང་ དེའི་ མགྲིན་ ཚབ་ པ་ ཆཱར་ མིན་ རོ་ སལ་ (Charmane Russell )གྱིས། ས་ འོག་ མེ་ སྐྱོན་ ཁྲོད་ ལྷག་ པའི་ གཏེར་ ལས་ པ་ ༤༨༦ སྲོག་ ཉེན་ ལས་ བསྐྱབས་ ཐུབ་ ཡོད་ པ་ དང་ ། ཁོ་ ཚོ་ ཚང་ མར་ རྨས་ སྐྱོན་ ཕོག་ མེད་ ཀྱང་ ། གཏེར་ ལས་ ཁང་ གི་ གོ་ སྒྲིག་ འོག་ ཁོ་ ཚོའི་ སེམས་ ཁམས་ སྙོམ་ སྒྲིག་ དང་ ལུས་ པོར་ བརྟག་ དཔྱད་ བྱ་ རྒྱུ་ ཡིན་ ལུགས་ བརྗོད་ འདུག
གསེར་ གྱི་ གཏེར་ ཁ་ སྔོག་ འདོན་ ཁང་ དེ་ ཕྱི་ ལོ་ ༡༩༥༠ ལོར་ གསར་ དུ་ བཙུགས་ ཏེ། འཛམ་ གླིང་ གི་ རྒྱལ་ ཁབ་ ཁག་ ནང་ གསེར་ ཏུན་ མང་ པོ་ ཕྱིར་ ཚོང་ བྱེད་ བཞིན་ པའི་ ལྷོ་ ཨ་ ཧྥེ་ རི་ ཁའི་ གསེར་ གྱི་ གཏེར་ ལས་ ཁང་ ཆེ་ ཤོས་ ཨང་ གསུམ་ པ་ དེ་ ཡིན་ ལ། ཕྱི་ ལོ་ ༢༠༡༢ ནས་ ༢༠༡༤ ལོ་ བར་ ཕུག་ ལམ་ བརྡིབས་ པ་ དང་ མེ་ སྐྱོན་ སོགས་ བྱུང་ སྟེ་ མི་ བརྒྱ་ ལྷག་ རྐྱེན་ འདས་ སུ་ ཕྱིན་ ཡོད་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།

