རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

༧གོང་ས་མཆོག་གིས་ཁ་ཆེའི་སྤྱི་ཚོགས་ཀྱི་འགོ་ཁྲིད་རྣམས་དང་བགྲོ་གླེང་མཛད་སོང་།


བོད་ཀྱི་བླ་ན་མེད་པའི་༧དབུ་ཁྲིད་༢སྤྱི་ནོར་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་སྐབས་འདིའི་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ནང་གི་མཛད་འཆར་མཐའ་
མ་དེ་ མགྲོན་ཁང་ཆེན་པོ་ ParkHyatt ཡི་ཚོགས་ཁང་ནང་ཨ་རིའི་ཁ་ཆེའི་སྤྱི་ཚོགས་ཀྱི་འགོ་ཁྲིད་གནད་ཡོད་ཁག་གཅིག་དང་ལྷན་དུ་སྤྱི་ཚོགས་ཞབས་ཞུའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་ཞིག་གི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཏེ་ ཁ་ཆེ་བ་གཙོ་བོར་གྱུར་པའི་ཆོས་ལུགས་མི་སྣ་རྣམ་ཕན་ཚུན་མཐུན་བསྒྲིལ་དམ་གཙང་དང་འབྲེལ་གཏུགས་གྲོས་མོལ་བྱས་པའི་ཐོག་ནས་དཀའ་ངལ་ཁག་དྲག་པོའི་ལམ་ནས་མིན་པར་ཞི་བའི་ཐབས་ལམ་ཁོ་ནའི་ཐོག་ནས་སེལ་རྒྱུ་ཡིན་པ་ཡིད་ཆེས་པའི་སྒོ་ནས་འབད་བརྩོན་ཧུར་བསྐྱེད་བྱས་ཏེ་གྲུབ་འབྲས་ཐོན་པ་བྱེད་རྒྱུར་ཤུགས་རྒྱག་དགོས་པའི་ལམ་སྟོན་གནང་སོང་། ཨ་རིའི་རླུང་འཕྲིན་ཁང་ནས།