རྒྱ་ རིགས་ བོད་ དོན་ ཆེད་ མཁས་ པ་ ཧུ་ ཧྲེ་ ཧྲིན་ གྱིས་ ༧གོང་ ས་ མཆོག་ འདི་ ལོར་ རྒྱ་ ནག་ རི་ བོ་ རྩེ་ ལྔར་ གནས་ སྐོར་ ལ་ ཕེབས་ ཐུབ་ རྒྱུ་ ཁག་ པོ་ ཆགས་ ཡོད་ སྐོར་ བརྗོད་ འདུག
ཟླ་ འདིའི་ ཚེས་ ༢༤ ཉིན་ ངའི་ མི་ སེར་ རྒྱལ་ ཁབ་ (My Republica) ཅེས་ པའི་ བལ་ ཡུལ་ གྱི་ གསར་ ལམ་ ཐོག་ གནས་ ཚུལ་ སྤེལ་ བ་ ལྟར་ ན། རྒྱ་ ནག་ ཕྱི་ སྲིད་ ལྷན་ ཁང་ གི་ དེང་ རབས་ རྒྱལ་ སྤྱིའི་ འབྲེལ་ ལམ་ ཞིབ་ འཇུག་ ཁང་ གི་ འགན་ འཛིན་ དང་ བོད་
འདིའི་ ཐད་ ཧུ་ ཧྲེ་ ཧྲིན་ གྱིས། “ཏཱ་ ལའི་ བླ་ མ་ མཆོག་ རི་ བོ་ རྩེ་ ལྔར་ གནས་ སྐོར་ ལ་ ཕེབས་ ཐུབ་ ཚེ། དེ་ ནི་ ལོ་ རྒྱུས་ ཐོག་ གི་ དུས་ འགྱུར་ གལ་ ཆེན་ ཞིག་ ཆགས་ རྒྱུ་ ཡིན་ ཡང་ ། ད་ ལྟ་ རྒྱ་ ནག་ གཞུང་ དང་ ཏཱ་ ལའི་ བླ་ མའི་ བར་ པཎ་ ཆེན་ རིན་ པོ་ ཆེ་ གཙོས་ བོད་ ཆེན་ པོ་ དང་ བོད་ རང་ བཙན། བོད་ ཀྱི་ ལོ་ རྒྱུས་ སོགས་ གནད་ དོན་ ཁག་ ཅིག་ ལ་ ཕན་ ཚུན་ ལྟ་ ཕྱོགས་ མི་ མཐུན་ པ་ ཡོང་ གི་ ཡོད་ པ་ མ་ ཟད། འདི་ ལོ་ བོད་ རང་ སྐྱོང་ ལྗོངས་ མགོ་ འཛུགས་ ཏེ་ ལོ་ ༥༠ འཁོར་ བའི་ དུས་ སྟོན་ སྲུང་ གཙི་ ཞུ་ བཞིན་ ཡོད་ སྟབས། ཕན་ ཚུན་ བསམ་ ཤེས་ བྱས་ ནས་ དཀའ་ རྙོག་ དེ་ སེལ་ ཐབས་ མ་ བྱས་ ཚེ། ཁོང་ འདི་ ལོ་ ཙམ་ མ་ ཟད་ མ་ འོངས་ པར་ ཡང་ གནས་ སྐོར་ ལ་ ཕེབས་ ཐུབ་ རྒྱུ་ ཁག་ པོ་ ཆགས་ ཡོད”ཅེས་ བརྗོད་ འདུག
འདས་ ལོའི་ ཕྱི་ ཟླ་ ༥ ཚེས་ ༡༢ ཉིན་ ༧གོང་ ས་ མཆོག་ ཧོ་ ལན་ ཌིའི་ རོ་ ཊར་ ཌམ་ (Rotterdam) གྲོང་ ཁྱེར་ དུ་ ཆིབས་ བསྒྱུར་ གནང་ སྐབས། རྒྱ་ རིགས་ ཤིག་ གིས་ སྲིད་ འཛིན་ ཞི་ ཅིན་ ཕིན་ དང་ མཇལ་ མོལ་ ཞུ་ འདོད་ ཡོད་ མེད་ བཀའ་ འདྲི་ ཞུས་ པར། ༧གོང་ ས་ མཆོག་ གིས། “༡༩༥༤ ལོ་ ནས་ བཟུང་ ངོས་ རྒྱ་ ནག་ ལ་ ཆོས་ ཕྱོགས་ ཁོ་ ནའི་ ཐོག་ ནས་ རི་ བོ་ རྩེ་ ལྔར་ གནས་ སྐོར་ འགྲོ་ རྒྱུའི་ འདོད་ པ་ ཡོད་ ཀྱང་ ། ཏཱ་ ལའི་ བླ་ མ་ ལ་ ཆབ་ སྲིད་ ཀྱི་ གནས་ ཚུལ་ ཡོད་ པར་ བརྟེན་ འགྲིག་ གི་ མ་ རེད་ ཟེར་ བྱུང་ ། ༢༠༠༡ ནས་ ངོས་ རང་ ཕྱེད་ རྒན་ ཡོལ་ དུ་ བསྡད་ པ་ མ་ ཟད། ༢༠༡༡ ལོ་ ནས་ རྒས་ ཡོལ་ ཆ་ ཚང་ ཞུས་ ཏེ་ ཆབ་ སྲིད་ ཀྱི་ འགན་ མེད་ སྟབས། ངོས་ ཀྱིས་ རི་ བོ་ རྩེ་ ལྔར་ འགྲོ་ རྒྱུའི་ འདོད་ པ་ སྔར་ ལས་ ཤུགས་ ཆེ་ བྱས་ པར་ བརྟེན། ཐའེ་ ཝན་ གྱི་ དགེ་ སློང་ ཏ་ ཝེས་ ངེད་ གཉིས་ ཉིན་ གཅིག་ རི་ བོ་ རྩེ་ ལྔར་ གནས་ སྐོར་ དུ་ འགྲོ་ ཐུབ་ ངེས་ ཡིན་ པ་ མ་ ཟད། སྐབས་ དེར་ ཁོང་ གིས་ རྩ་ བ་ ཤེས་ རབ་ རྒྱ་ ཡིག་ ཐོག་ འདོན་ རྒྱུ་ དང་ ངོས་ ཀྱིས་ བོད་ ཡིག་ ཐོག་ འདོན་ རྒྱུ་ བྱས། སྐབས་ དེར་ རྒྱ་ གར་ མཁས་ པ་ ཞིག་ ཀྱང་ ཏན་ ཏན་ ཡོང་ གི་ རེད། ཁོང་ གིས་ ལེགས་ སྦྱར་ གྱི་ ཐོག་ ནས་ འདོན་ རྒྱུའི་ སྐད་ ཆ་ བྱུང་ ། ད་ ཆ་ ཁོང་ འདས་ ཟིན་ ཡོད་ ཀྱང་ དེང་ སང་ རྒྱ་ ནག་ ཏུ་ ནང་ པ་ མང་ པོ་ ཡོད་ སྟབས། ངོས་ ཀྱིས་ ནང་ པ་ ཚོར་ ཕྲན་ བུ་ ཞབས་ འདེགས་ བསྒྲུབ་ ཐུབ་ ཀྱི་ རེད། ང་ ཚོ་ བོད་ པ་ ཚོས་ ཞི་ ཅིན་ ཕིན་ དང་ ཐུག་ རྒྱུའི་ རེ་ འདུན་ དེ་ བསྒྲུབ་ ཐུབ་ ན་ ཧ་ ཅང་ དགའ་ པོ་ ཡོང་ ས་ རེད་ ལ། རེ་ འདུན་ དེ་ བསྒྲུབ་ ཐུབ་ པའི་ རེ་ བ་ ཡང་ ཡོད།” ཅེས་ གསུངས་ འདུག
༢༠༡༤ ལོའི་ ཟླ་ ༨ ཚེས་ ༢༧ ཉིན་ ༧གོང་ ས་ མཆོག་ གིས་ འཇར་ མན་ གྱི་ ཚོགས་ འདུ་ ཞིག་ ཐོག་ ཉིད་ ཀྱིས་ དེ་ སྔོན་ ཞི་ ཅིན་ ཕིན་ གྱིས་ བརྗོད་ པའི་ ཚིག་ དུམ་ ༼ནང་ བསྟན་ གྱིས་ རྒྱ་ ནག་ གི་ རིག་ གནས་ དར་ སྤེལ་ ལ་ ནུས་ པ་ གཙོ་ བོ་ འདོན་ ཐུབ་ པ་ བྱེད་ དགོས༽ཞེས་ པའི་ སྐད་ ཆ་ ལུང་ འདྲེན་ གནང་ སྟེ། ཁོང་ ཉིད་ རྒྱ་ ནག་ རི་ བོ་ རྩེ་ ལྔར་ གནས་ སྐོར་ ལ་ ཕེབས་ འདོད་ ཡོད་ སྐོར་ གསུངས་ ཡོད་ པ་ མ་ ཟད། ཟླ་ ༩ ནང་ ༧གོང་ ས་ མཆོག་ མོམ་ བྷེ་ ལ་ ཕེབས་ སྐབས་ ཀྱང་ ཞི་ ཅིན་ ཕིན་ ནི་ གུ་ ཡངས་ ཅན་ དང་ དོན་ དངོས་ ལ་ བསྟུན་ ཤེས་ མཁན་ ཞིག་ ཡིན་ པའི་ བསྔགས་ བརྗོད་ མཛད་ ཡོད། ཟླ་ ༩ ཚེས་ ༢༩ ཉིན་ བོད་ རང་ སྐྱོང་ ལྗོངས་ ཀྱི་ དམར་ ཤོག་ དྲུང་ ཆེ་ གཞོན་ པ་ ཝུ་ དབྱི་ ཅེ་ ཡིས། “རྒྱ་ ནག་ དབུས་ གཞུང་ དང་ ཏཱ་ ལའི་ བླ་ མའི་ སྐུ་ ཚབ་ བར་ འགོག་ རྐྱེན་ གང་ ཡང་ མེད་ པར་ གྲོས་ མོལ་ བྱ་ རྒྱུར་ ཤར་ སྐྱོད་ བྱེད་ བཞིན་ ཡོད་ སྟབས། གཅིག་ བྱས་ ན་ ཏཱ་ ལའི་ བླ་ མ་ རྒྱ་ ནག་ རི་ བོ་ རྩེ་ ལྔར་ གནས་ སྐོར་ དུ་ ཕེབས་ རྒྱུའི་ ཆོག་ མཆན་ ཐོབ་ སྟེ། རྒྱ་ ནག་ གི་ མགོ་ ཁྲིད་ དང་ མཇལ་ འཕྲད་ ཐུབ་ རྒྱུ་ མ་ ཟད། དུས་ རབས་ ཕྱེད་ ལྷག་ རིང་ ཡུལ་ གྱར་ གྱི་ འཚོ་ བ་ མཇུག་ བསྒྲིལ་ ཏེ་ རང་ ཡུལ་ དུ་ ཕྱིར་ ལོག་ ཐུབ་ སྲིད་ པ་ ཞིག་ ཡིན” ཞེས་ སོགས་ བསྒྲགས་ གཏམ་ སྤེལ་ ཡོད།
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།

