རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

རྒྱ་ནག་ནས་ཨ་རིར་དངུལ་འཁྱེར་ནས་བྲོས་བྱོལ་བ་རྩིས་སྤྲོད་སྐོར་གཞུང་གཉིས་ཀྱིས་གླེང་སློང་བྱ་རྒྱུ


རྒྱ་ནག་ནས་ཨ་རིར་སྒོར་མོ་ས་ཡ་མང་པོ་བརྐུས་ཏེ་བྲོས་བྱོལ་ལ་སོང་བའི་ སྐྱོན་འཛུགས་ཕོག་མཁན་རྣམས་ཕྱིར་སློག་བྱེད་པའི་ཆེད་འདི་ལོའི་ཟླ་བ་བརྒྱད་པའི་ནང་
ཨ་རི་དང་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་གླེང་སློང་བྱ་རྒྱུ་ཡིན་འདུག གཞུང་དངུལ་རྐུ་འཁྱེར་གྱི་ཉེས་འཛུགས་བྱས་པའི་རྒྱ་རིགས་ཕྱིར་སློག་བྱེད་པའི་ཆེད་རྒྱ་ནག་དང་ཨ་རི་བར་ཁྲིམས་མཐུན་གྲོས་མཐུན་དང་ཆིངས་ཡིག་སོགས་མེད་ཀྱང་། ཨ་རིའི་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བྱས་པའི་གྲོས་མཐུན་དང་ཨ་རི་གཞུང་གི་ཕྱི་མི་ཞིབ་བཤེར་གྱི་ཁྲིམས་གཞི་རྩར་བཞག་སྟེ་མི་ཕྱིར་སློག་བྱེད་རྒྱུའི་བདམ་ཀ་ཡོད་ཅེས་གསུངས་འདུག ཨ་རིའི་རླུང་འཕྲིན་ཁང་ནས།།