ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་སྒྲིག་པ། བདུད་འདུལ།
ཀྲུང་གོའི་གསར་འགྱུར་དྲ་བར་ཟླ ༢ པའི་ཚེས ༩ ཉིན། བུའུ་ཧན་ནས་གློག་འཕྲིན་འབྱོར་གསལ། ཚེས ༩ ཉིན་ཧུའུ་པེ་ཞིང་ཆེན་ཆེས་མཐོ་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྲིམས་གཅོད་ཚད་གཞི་དང་
བསྟུན་ནས། ཆེས་མཐོའི་མི་དམངས་ཁྲིམས་ཁང་ཁྲིམས་དཔོན་གྱིས་དངོས་སུ་སྲོག་ཁྲིམས་གཅོད་པའི་ཆོག་མཆན་བཀོད་པ་དང་། ཚེས ༩ ཉིན་ཧོ་པེ་ཞན་ཉིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཉེས་ཅན་རྩ་འཛུགས་མཁན་ནག་ཚོགས་རྩ་འཛུགས་བྱེད་མཁན། མི་གསོད་ལག་དམར་གྱི་འགོ་བ་ལུའུ་ཧན་དང་། ལུའུ་ཝེ། ཐང་ཞན་པེན། ཀྲང་ཏོང་ཧྭ། ཐེན་ཞན་ཝེ་བཅས་ལ་སྲོག་ཁྲིམས་བཅད་འདུག
༢༠༡༤ ལོའི་ཟླ ༤ བའི་ནང་། ཀྲུང་གོའི་སྤྱི་བདེ་པུས་སྣེ་ཁྲིད་ཧོ་པེ་ནས་ལུའུ་ཧན་དང་ལུའུ་ཝེ་སོགས་ནག་ཚོགས་དང་འབྲེལ་ཡོད་ཀྱི་མི ༣༦ འཛིན་བཟུང་བྱས་པ་དང་། ཧོ་པེ་ཞན་ཉིང་གྲོང་ཁྱེར་མི་དམངས་ཞིབ་བཤེར་ཁང་གིས ༢༠༡༤ ལོའི་ཟླ ༢ པའི་ཚེས ༢༠ ཉིན་ཧོ་པེ་ཞན་ཉིང་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུགས་བྱས། ཞིབ་བཤེར་ཁང་གིས་བསྟན་དོན། ལུའུ་ཧན་དང་ལུའུ་ཝེ་སོགས་ཀྱིས་ཉེས་ཅན་རྩ་འཛུགས། ནག་ཚོགས་རྩ་འཛུགས། རང་དགར་གྱིས་མི་གསོད་པ་གནོད་སྐྱེལ་བ། ཁྲིམས་མིན་ལུགས་མིན་གྱིས་མི་བཀག་སྡོམ་བྱེད་པ། གཞུང་ལས་ལ་བར་ཆད་བཟོ་བ། ཟིང་འཁྲུག་སློང་བ། མགོ་སྐོར་གཏོང་བ། རྒྱལ་འཇོག་ཁང་འཛུགས་པ། ཁྲིམས་འགལ་གྱིས་དམག་ཆས་ཉོ་ཚོང་རྒྱག་པ། མེ་མདའ་ལྐོག་འཛིན་བྱེད་པ། ཁྲིམས་འགལ་གྱི་ཚོང་ལས་གཉེར་བ། ཉེས་ཅན་ལྐོག་ཡིབ་བྱེད་པ་སོགས་ནག་ཉེས་ཕྱིར་བཏོན་ནས་ཁྲིམས་ལ་སྦྱར།

༢༠༡༤ ལོའི་ཟླ ༣ པའི་ཚེས ༣༡ ཉིན། ཞན་ཉིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཡན་ལག་མཉམ་གྲོས་ཁྲིམས་ས ༧ སོ་སོ་ནི་ཞན་ཉིན་འབྲིང་རིམ་ཁྲིམས་ཁང་། ཞན་ཨན། ཁྲི་པེ། ཐུང་ཧྲན། ཅཱ་ཡུའུ་སོགས་ཁྲིམས་གཅོད་ཁང་སོ་སོ་ནས་དུས་གཅིག་དུ་ཁྲིམས་གཅོད་བྱས་པ་དང་། ཟླ ༥ པའི་ཚེས ༢༣ ཉིན། ཞན་ཉིན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་གྱོད་གཞིར་ཞིབ་བསྡུར་བྱས་ནས་ཉེས་ཅན ༣༦ རེ་རེ་བཞིན་འདྲི་གཅོད་བྱས་ནས་ཁྲིམས་ཐག་བཅད། དེ་ལས་མི ༥ སྲོག་ཁྲིམས་བཅད་པ་དང་། མི ༥ ལོ་གཉིས་རྗེས་སུ་སྲོག་ཁྲིམས་གཅོད་རྒྱུ། མི ༤ ཚེ་གང་པོར་བཙོན་དུ་འཇུག་རྒྱུ།མི ༢༢ བཟང་བཙོན་བྱ་རྒྱུའི་ཁྲིམས་ཐག་བཅད།
ཞན་ཉིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལུའུ་ཧན་དང་ལུའུ་ཝེ་སོགས་ཀྱིས་ནག་ཚོགས་རྩ་འཛུགས་བྱས་ནས་རང་དགར་གྱིས་མི་གསོད་པ་དང་གནོད་སྐྱེལ་བ། ཁྲིམས་མིན་ལུགས་མེད་ཀྱིས་བཀག་སྡོམ་བྱེད་པ་སོགས་ནག་ཉེས་བཅུར་བརྒལ་བ་དང་། ཁྱོན་སྡོམ་མི ༨ བསད་པ་དང་། གང་མང་ཞིག་སྨས་པ་སོགས་ཀྱི་ནག་ཉེས་ཚབ་ཆེན་བཟོས་ཡོད་པ་མ་ཟད། བྱེད་ཐབས་སྡུག་རྩུབ་ཆེ་ཞིང་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད་ཕྱིར་ཁྲིམས་མཐུན་གྱིས་ཉེས་ཅན་ལ་ཁྲིམས་གཅོད་ནན་མོ་བྱས།
འདྲི་གཅོད་སྐབས་དང་པོ་ཁྱབ་བསྒྲགས་བྱས་མཐར། ལུའུ་ཧན་དང་ལུའུ་ཝེ། ཁུང་ཞའོ་ཡན། ལུའུ་ཞུའུ་ཅུན་སོགས་ཀྱིས་དུས་ལྟར་གོང་རིམ་དུ་ཞུ་གཏུག་བྱས་པ་དང་། ཚུན་ཅེན་ཅུན། ཁྲིན་ལུ་མིན་གཉིས་ཀྱིས་དུས་ལྟར་གོང་གཏུག་མ་བྱས་སྟབས།
ཧོ་པེ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་བྱས་པ་བརྒྱུད། ལུའུ་ཧན་དང་ལུའུ་ཝེ་གྱི་གོང་གཏུག་གྱོད་གཞི་སྐབས་དང་པོའི་འདྲི་གཅོད་ཁྲོད་སྲོག་ཁྲིམས་བཅད་པ་དང་། ཁྲིམས་མཐུན་གྱིས་ཁྲིམས་གཅོད་བྱས། ཁུང་ཞའོ་ཡན་དང་ཧིན་ལུ་ཀྲོའུ་ལུའུ་ཞུའུ་ཅུན་སོགས་ཀྱི་གོང་གཏུག་ངེས་པར་དུ་ཁྲིམས་རར་གྱོད་དོན་ཞིབ་གཅོད་བྱེད་པའི་ཁྲིམས་དང་མི་མཐུན་ཕྱིར། གྱོད་དོན་ཞིབ་གཅོད་བྱ་རྒྱུ་མིན་པར་ཐག་བཅད།

ལུའུ་ཧན་དང་ལུའུ་ཝེ་སོགས་ཞུ་སྦྱོར་ཕྱི་མ་བ་རྣམས་ཀྱི་གྱོད་དོན་ཞན་ཉིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་གཅོད་བྱ་རྒྱུ་དང་། ཞུ་སྦྱར་ཕྱི་མ་བ་རྣམས་ཞན་ཉིང་གྲོང་ཁྱེར་དུ་བཀག་སྡོམ་བྱེད་པ་དང་ཞུ་གཏུག་ལས་ཆོད་མཐོར་འདེགས། ཁྲིམས་འཛིན་མ་གནས་གྲོན་ཆུང་། སྐྱེལ་ལེན་བདེ་འཇགས་ཁེག་ཐག་བྱེད་པ། ཧ་པེ་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་མཐུན་གྱིས་ཟླ ༧ པའི་ཚེས ༡༤ ཉིན་ཞན་ཉིང་གྲོང་ཁྱེར་ནས་ཞུ་སྦྱོར་ཕྱི་མ་ལུའུ་ཧན་དང་ལུའུ་ཝེ་སོགས་ཀྱི་གོང་གཏུག་གྱོད་དོན་ཞིབ་གཅོད་བྱེད་རྒྱུ་ཐག་གཅོད་བྱས།
༢༠༡༤ ལོའི་ཟླ ༤ བའི་ནང་། ཀྲུང་གོའི་སྤྱི་བདེ་པུས་སྣེ་ཁྲིད་ཧོ་པེ་ལུའུ་ཧན་དང་ལུའུ་ཝེ་སོགས་ནག་ཚོགས་དང་འབྲེལ་ཡོད་ཀྱི་མི ༣༦ འཛིན་བཟུང་བྱས་པ་དང་། ཧོ་པེ་ཞན་ཉིང་གྲོང་ཁྱེར་མི་དམངས་ཞིབ་བཤེར་ཁང་གིས ༢༠༡༤ ལོའི་ཟླ ༢ པའི་ཚེས ༢༠ ཉིན་ཧོ་པེ་ཞན་ཉིང་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུགས་བྱས། ཞིབ་བཤེར་ཁང་གིས་བསྟན་དོན། ལུའུ་ཧན་དང་ལུའུ་ཝེ་སོགས་ཀྱིས་ཉེས་ཅན་རྩ་འཛུགས། ནག་ཚོགས་རྩ་འཛུགས། རང་དགར་གྱིས་མི་གསོད་པ་གནོད་སྐྱེལ་བ། ཁྲིམས་མིན་ལུགས་མིན་གྱིས་མི་བཀག་སྡོམ་བྱེད་པ། གཞུང་ལས་ལ་བར་ཆད་བཟོ་བ། ཟིང་འཁྲུག་སློང་བ། མགོ་སྐོར་གཏོང་བ། རྒྱལ་འཇོག་ཁང་འཛུགས་པ། ཁྲིམས་འགལ་གྱིས་དམག་ཆས་ཉོ་ཚོང་རྒྱག་པ། མེ་མདའ་ལྐོག་འཛིན་བྱེད་པ། ཁྲིམས་འགལ་གྱི་ཚོང་ལས་གཉེར་བ། ཉེས་ཅན་ལྐོག་ཡིབ་བྱེད་པ་སོགས་ནག་ཉེས་ཕྱིར་བཏོན་ནས་ཁྲིམས་ལ་སྦྱར།
༢༠༡༤ ལོའི་ཟླ ༨ པའི་ཚེས ༧ ཉིན་གྱི་ཞོགས་པར་ཆུ་ཚོད ༩ སྟེང་། ཧོ་པེ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ཞན་ཉིང་འབྲིམ་རིམ་མི་དམངས་ཁྲིམས་ཁང་། ཞན་ཉིང་གྲོང་ཁྱེར་ཞན་ཨན་ས་ཁུལ་མི་དམངས་ཁྲིམས་ཁང་། ཁྲི་པེ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་། ཅཱ་ཡུའུ་མི་དམངས་ཁྲིམས་ཁང་གིས་དུས་གཅིག་དུ་ལུའུ་ཧན་དང་ལུའུ་ཝེ་སོགས་ཀྱི་གྱོད་དོན་ཞུ་གཅོད་བྱས་ནས་སྲོག་ཁྲིམས་བཅད་པར་དྲིལ་བསྒྲགས་བྱས་འདུག
(རྩོམ་འགན་པ། ལྷ་དབང)

