རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

གཞིས་ཆཊ་ཁག་ཏུ་སྐྱོར་པར་ཆོག་མཆན་ཞུ་དགོས།

དེ་རིང་རྒྱ་གརཕོ་ཉ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་སྔོན་མའི་ཚེས་ ༣༠ ཉིན་རྒྱ་གར་ནང་སྲིད་ལྷན་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་གར་ནང་རྟེན་གཞི་བྱས་པའི་སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཁག་ཏུ་ཕྱི་རྒྱལ་ལྟ་སྐོར་ལ་འགྲོ་མཁན་ཚོས་ཆོག་མཆན་ཞུ་དགོས་སྐོར་བསྒྲགས་འདུག
རྒྱ་གར་ནང་སྲིད་ལྷན་ཁང་གི་བསྒྲགས་གཏམ་ནང་ “ཕྱི་རྒྱལ་ལྟ་སྐོར་བ་དང་ཕྱི་རྒྱལ་གྱི་རོགས་ཚོགས་ཁག་རྒྱ་གར་ནང་སྡོད་
པའི་སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཁག་ཏུ་སྐྱོད་མཁན་ཡིན་ཚེ། རྒྱ་གར་དབུས་ནང་སྲིད་ལྷན་ཁང་ལ་ཆོག་མཆན་ཞུ་དགོས་པ་ནི་གཞུང་གི་སྲིད་བྱུས་ཤིག་ཡིན་སྟབས། ས་གནས་གཞིས་མགོ་ཁག་གིས་རྒྱ་གར་གཞུང་གིས་ཕྱི་རྒྱལ་མི་རིགས་ལ་མཐུན་རྐྱེན་སྤྲོད་ཕྱོགས་ཀྱི་བཅའ་ཡིག་དགོངས་དོན་ལྟར། གཞིས་ཆགས་ཁག་ཏུ་ཡོང་མཁན་ཕྱི་རྒྱལ་བ་ཚོར་རྒྱ་གར་གཞུང་གིཆོག་མཆན་ཞུ་དགོས་ཤིང་། དེ་ནི་རྒྱ་གར་དབུས་ནང་སྲིད་ལྷན་ཁང་གི་དྲ་ཚིགས་བརྒྱུད་ནས་ཞུ་དགོས་པ་རེད།”ཅེས་བརྗོད་འདུག
ད་ལྟ་རྒྱ་གར་ནང་རོབ་རྩིས་བྱས་ན་བོད་མི་འབུམ་གཅིག་ལྷག་ཡོད་པ་མ་ཟད། དེ་དག་རྒྱ་གར་གྱི་བོད་མིའི་གཞིས་སྒར་ཁག་ ༤༥ ནང་འཚོ་སྡོད་བྱེད་ཀྱིན་ཡོད།  
གསར་འགོད་པ། དོན་གྲུབ།
དུས་བབ་དྲ་བ་ནས།།