རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བསྟན་ཆོས་ཨDཡི་གླུ་གཞས་ཆེད་བསྒྲིགས་ཐོག་མ་འགྲེམ་སྤེལ་བྱས་པ།

བསྟན་ཆོས་ཨDཡི་གླུ་གཞས་ཆེད་བསྒྲིགས་ཐོག་མ་འགྲེམ་སྤེལ་བྱས་པ།  ཉེ་ཆར། བོད་ལྗོངས་ཀྱི་གསར་སྐྱེས་གཞས་པ་བསྟན་ཆོས་ཨDཡི་གླུ་གཞས་ཆེད་བསྒྲིགས་ཐོག་མ་སྟེ《གནམ་མཐའི་ལྷ་ས》ཞེས་པའི་འགྲེམ་སྤེལ་མཛད་སྒོ་ལྷ་ས་རུ་བསྡུས་ཤིང་། འགྲེམ་སྤེལ་མཛད་སྒོའི་སྟེང་གཞས་པ་བསྟན་ཆོས་ཨDཡིས་ཆེད་བསྒྲིགས་ཁྲོད་ཀྱི་གླུ་གཞས་ལྔ་བླངས་པས་རྒྱ་ཆེའི་གཞས་མོས་པ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།

  རྒྱུས་ལོན་པ་ལྟར་ན་བསྟན་ཆོས་ཨDཡི་གླུ་གཞས་ཆེད་བསྒྲིགས《གནམ་མཐའི་ལྷ་ས》ཞེས་པ་ནི་ལོ་ངོ་གཉིས་ཀྱི་རིང་ལ་གྲ་སྒྲིག་དང་སྒྲིག་བཟོ་བྱས་ནས་ལེགས་འགྲུབ་བྱུང་བ་ཡིན་ལ། ཆེད་བསྒྲིགས་ཁྲོད་བསྟན་ཆོས་ཨDཡི་གླུ་གཞན་བཅུ་དངMVབརྒྱད་ཡོད་ཅིང་། CD+DVDཡི་རྣམ་པ་བརྒྱུད་ནས་བསྟན་ཆོས་ཨDཡི་འཇོན་ཐང་མངོན་འདུག གཞན་ཁོང་གི་གླུ་གཞས་ཆེད་བསྒྲིགས་ཁྲོད་བོད་ཀྱི་སྲོལ་རྒྱུན་གྱི་རོལ་མོའི་ཁྱད་ཆོས་ལྡན་པའི་ཁར། དེང་རབས་རོལ་མོའི་རྒྱུ་ཆ་སྣ་མང་ཡང་བསྣན་ཡོད་པ་རེད།  མཚོ་སྔོན་པོ་དྲ་བ་ནས།།